རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-08-24   རྩོམ་ཁུངས།    ཉིན་རེའི་གངས་ལྗོངས།
གཅིག་གྱུར་གྱིས་རྩ་འཛུགས་བྱས་པའི་ཉིང་སྐྱུར་བརྟག་དཔྱད་ཁྲོད་མ་ཞུགས་ན་མཇུག་འབྲས་ཚབས་ཆེན་འབྱུང་བ་ཡིན།
ཉེ་ལམ། རྒྱལ་ནང་གི་ས་ཁུལ་མང་པོར་བསྟུད་མར་རིམས་ནད་འབྱུང་བཞིན་པའི་སྒང་ཡིན་ལ། རིམས་ནད་འགོག་སྲུང་གི་གནོན་ཤུགས་ཀྱང་མུ་མཐུད་ནས་ཆེ་རུ་འགྲོ་བཞིན་ཡོད། དེས་ན་ང་ཚོས་འགོག་སྲུང་ཇི་ལྟར་བྱ་དགོས་སམ། དེའི་ཁྲོད་གནད་འགག་ཅིག་ཡོད་པ་ནི་ཚད་མཐོན་པོའི་སྒོ་ནས་ནད་ཀྱི་གནས་ཚུལ་ལ་བརྟག་དཔྱད་བྱ་རྒྱུ་དེ་ཡིན། གལ་ཏེ་བརྒྱུད་ལམ་སྦ་གསང་དང་རིམས་འགོག་བྱ་བར་རྒྱབ་སྐྱོར་མ་བྱས་ཚེ། ཁྲིམས་ལུགས་ཀྱི་འགན་འཁུར་དགོས་པ་ཡིན།
རྒྱ་ཆེའི་གྲོང་ཁྱེར་སྡོད་དམངས་རྣམས་ཀྱིས་རིམས་འགོག་བྱ་བའི་ཁྲོད་རྒྱུན་མཐོང་གི་ཁྲིམས་འགལ་སྒྲིག་འགལ་གྱི་གནད་དོན་དག་ཤེས་སུ་འཇུག་པ་དང་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ཀྱིས་བཟོས་པའི་མཇུག་འབྲས་ངན་པ་ཤེས་པར་བྱེད་པ། རིམས་འགོག་གི་བྱ་བ་ཁྲིམས་ལུགས་ཁྲིམས་སྲོལ་ལྟར་ནུས་ལྡན་གྱིས་སྤེལ་བ་བཅས་ལ་རོགས་འདེགས་བྱེད་པར་གཤམ་གསལ་གྱི་དོན་ཚན་ཁག15ནས་གླེང་བར་བྱ།
1. གཅིག་གྱུར་གྱིས་རྩ་འཛུགས་བྱས་པའི་ཉིང་སྐྱུར་བརྟག་དཔྱད་ཁྲོད་མ་ཞུགས་ན་མཇུག་འབྲས་ཅི་ཞིག་འབྱུང་ངམ།
ཡིད་རྟོན་མེད་པའི་མིར་བརྩིས་ནས་སྤྱི་པའི་ཡིད་རྟོན་ཆ་འཕྲིན་དང་ཞབས་ཞུའི་སྟེགས་བུར་འགོད་པ་ཡིན་ལ། རྗེས་ཕྱོགས་སུ་མི་སྒེར་གྱི་ཡིད་རྟོན་དངུལ་བུན་དང་འཛད་སྤྱོད། ལས་ཞུགས། ལས་གནས་སོགས་ལ་ཤུགས་རྐྱེན་ཐེབས་སྲིད་པ་ཡིན།
དེ་མིན། གནས་ཚུལ་མི་འདྲ་བར་གཞིགས་ནས་ཐ་ཚིག་སྒྲོག་པ་དང་དངུལ་ཆད་གཅོད་པ། སྲིད་འཛིན་བཀག་ཉར་བྱེད་པ་སོགས་བདེ་སྲུང་དོ་དམ་གྱི་ཆད་པ་གཅོད་ངེས་ཡིན། ཐ་ན་རིམས་ནད་འགོག་སྲུང་ལ་གནོད་པ་བཟོས་པའི་ཉེས་མིང་ལྟར་ཆད་པ་གཅོད་ངེས་ཡིན།
2. སྡོད་ཁུལ་དང་སྒོ་རྩིས་ཚོང་ཁང་། སྔོ་ཚལ་ཚོང་ར་སོགས་འབྲེལ་ཡོད་ས་གནས་སུ་བདེ་ཐང་གི་ཆ་འཕྲིན་ཞིབ་བཤེར་བྱེད་དུ་མི་འཇུག་པ་དང་ཐོང་ཐང་ཐོ་འགོད་ཀྱི་གཏན་འབེབས་ལ་རམ་འདེགས་མ་བྱས་ན་མཇུག་འབྲས་ཅི་ཞིག་འབྱུང་ངམ།
གནས་ཚུལ་ལ་གཞིགས་ནས་ཐ་ཚིག་སྒྲོག་པ་དང་དངུལ་ཆད་གཅོད་པ་ཡིན། གནས་ཚུལ་ཚབས་ཆེན་ཡིན་ན་སྲིད་འཛིན་བཀག་ཉར་བྱེད་པ་ཡིན། པྲོག་གསར་རིམས་ནད་འགོ་ཁྱབ་བམ་ཡང་ན་འགོ་ཚབས་ཆེ་བར་བཟོ་མཁན་ལ། རིམས་ནད་འགོག་སྲུང་ལ་གནོད་པ་བཟོས་པའི་ཉེས་མིང་ལྟར་ཆད་པ་གཅོད་ངེས་ཡིན།
3. སྒོ་ཕྱིར་འགྲོ་དུས་ཁ་ཐུམ་མ་བརྒྱབ་ན་ཁྲིམས་ལུགས་ཀྱི་འགན་འཁུར་དགོས་སམ།
སྡོད་དམངས་རྣམས་སྤྱི་འཁོར་ལ་འདུག་པ་དང་སྡོད་ཁུལ་གྱི་སྒོ་ཆེན་དུ་འགྲོ་འོང་བྱེད་པ་སོགས་སྤྱི་པའི་ས་གནས་སུ་དོ་དམ་པའི་ངག་ལ་མ་ཉན་པར་ཁ་ཐུམ་མི་རྒྱག་པའམ་ཡང་ན་ཉེན་ཚབས་ཆེ་བའི་ས་ཁུལ་དུ་ཁ་ཐུམ་མ་བརྒྱབ་ན། ཐ་ཚིག་སྒྲོག་པ་དང་དངུལ་ཆད་གཅོད་པ་ཡིན། གནས་ཚུལ་ཚབས་ཆེན་ཡིན་ན་སྲིད་འཛིན་བཀག་ཉར་བྱེད་པ་ཡིན། པྲོག་གསར་རིམས་ནད་འགོས་ཁྱབ་བམ་ཡང་ན་འགོས་ཚབས་ཆེ་བར་བཟོ་མཁན་ལ། རིམས་ནད་འགོག་སྲུང་ལ་གནོད་པ་བཟོས་པའི་ཉེས་མིང་ལྟར་ཆད་པ་གཅོད་ངེས་ཡིན།
4. འཛིན་སྡོམ་དང་བཀག་སྡོམ་བྱས་ཡོད་པའི་སྡོད་ཁུལ་གྱི་སྡོད་དམངས《བདེ་ཐང་དོ་དམ་བྱ་བའི་ཁྲིད་སྟོན》གྱི་གཏན་འབེབས་དང་འགལ་ནས་རང་འགུལ་གྱིས་སྒོ་ཕྱིར་འགྲོ་བ་དང་འདུ་འཛོམས་བྱས་ན་མཇུག་འབྲས་ཅི་ཞིག་འབྱུང་ངམ།
《བདེ་སྲུང་དོ་དམ་གྱི་ཆད་གཅོད་ཁྲིམས་སྲོལ》གྱི་དོན་ཚན་ལྔ་བཅུ་བའི་གཏན་འབེབས་གཞིར་བཟུང་ནས། གནས་ཚུལ་ཚབས་ཆེན་ཡིན་ན་སྲིད་འཛིན་བཀག་ཉར་བྱེད་པ་མ་ཟད། དངུལ་ཆད་ཀྱང་གཅོད་ངེས་ཡིན།
《ཉེས་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ནས། པྲོག་གསར་རིམས་ནད་འགོ་ཁྱབ་བམ་ཡང་ན་འགོ་ཚབས་ཆེ་བར་བཟོ་མཁན་ལ། རིམས་ནད་འགོག་སྲུང་ལ་གནོད་པ་བཟོས་པའི་ཉེས་མིང་ལྟར་ཆད་པ་གཅོད་ངེས་ཡིན། ནད་རྟགས་ཆོད་པའི་ནད་པ་དང་ནད་ཡམས་འཁྱེར་ཡོང་མཁན། ནད་ཀྱི་གནས་ཚུལ་གསང་མཁན། བརྒྱུད་ལམ་གྱི་གནས་ཚུལ་གསང་མཁན་བཅས་སྤྱི་པའི་ས་གནས་སམ་ཡང་ན་སྤྱི་འཁོར་སོགས་སུ་བསྡད་དེ། པྲོག་གསར་རིམས་ནད་འགོ་ཁྱབ་ཏུ་འགྲོ་རུ་བཅུག་ན། ཉེན་ཁའི་བྱ་སྤྱོད་ཀྱིས་སྤྱི་བའི་བདེ་འཇགས་ལ་གནོད་པ་བཟོས་པའི་ཉེས་པ་བསགས་པ་ཡིན།
5. བདེ་ཐང་ཨང་བཤེར་སེར་པོ་དང་དམར་པོ་ཡིན་རུང་། གཏན་འབེབས་ལྟར་ལོགས་སུ་བཀར་ནས་གསོ་རིག་གི་ལྟ་ཞིབ་བམ་ཁྱིམ་ནས་བདེ་ཐང་གི་ཞིབ་དཔྱད་ཚད་ལེན་མ་བྱས་ཚེ་མཇུག་འབྲས་གང་ཞིག་འབྱུང་སྲིད་དམ།
གནས་ཚུལ་ཚབས་ཆེ་ཆུང་ལ་གཞིགས་ནས་ཐ་ཚིག་སྒྲོག་པ་དང་དངུལ་ཆད་གཅོད་པ། ཚབས་ཆེ་བའི་རིགས་དག་བཀག་ཉར་བྱས་ཆོག པྲོག་དབྱིབས་ནད་དུག་གི་འགོས་ཁྱབ་ལ་ཐེ་གཏོགས་མི་བྱེད་པའམ་འགོ་ཁྱབ་ཚབས་ཆེན་ཏུ་གཏོང་བའི་རིགས་ནི་བྱས་ཉེས་སུ་གཏན་ཁེལ་བྱས་ཏེ་ཆད་པ་གཅོད་རྒྱུ་རེད།
6. རིམས་ནད་འགོག་སྲུང་གི་དུས་ཡུན་ནང་། གྲོང་མིས་སྒྲིག་སྲོལ་དང་འགལ་ཏེ་ཕྱིར་སོང་ནས་ཤོ་རྒྱག་པ་དང་། ཟ་མ་ཟ་བ། རོལ་རྩེད་སོགས་འདུ་འཛོམས་བྱེད་སྒོར་ཞུགས་ཚེ་འགན་འཁྲི་གང་འདྲ་ཞིག་འཁུར་དགོས་སམ།
《བདེ་འཇགས་དོ་དམ་གྱི་ཆད་པ་གཅོད་ཕྱོགས་སྐོར་གྱི་བཅའ་ཁྲིམས》ཀྱི་དོན་ཚན་ལྔ་བཅུ་བའི་གཏན་འབེབས་ལྟར། ཉེན་བརྡ་གཏོང་བའམ་གནས་ཚུལ་ཚབས་ཆེན་ཡིན་པའི་རིགས་ནི་བཀག་ཉར་དང་ཆད་པ་བཅད་ཆོག
《ཉེས་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། པྲོག་གསར་ནད་དུག་གི་འགོ་ཁྱབ་ལ་ཐེ་གཏོགས་མི་བྱེད་པའམ་འགོ་ཁྱབ་ཚབས་ཆེན་ཏུ་གཏོང་བའི་རིགས་ནི་བྱས་ཉེས་སུ་གཏན་ཁེལ་བྱས་ཏེ་ཆད་པ་གཅོད་རྒྱུ་ཡིན་པ་དང་། ནད་པ་དང་ནད་རྟགས་ཡོད་མཁན་གྱིས་ནད་གཞི་སྦ་གསང་བྱེད་པ། འགྲོ་འོང་གི་གནས་ཚུལ་སྦ་གསང་བྱེད་པ། མི་དམངས་འཚོགས་སའམ་ཡང་ན་སྤྱི་བའི་རླངས་འཁོར་སོགས་ལ་བསྡད་དེ་པྲོག་གསར་ནད་དུག་འགོས་པའི་གནས་ཚུལ་ཐོན་ཚེ། ཉེན་ཁ་ཡོད་པའི་བྱ་ཐབས་ལ་བརྟེན་ནས་སྤྱི་བའི་བདེ་འཇགས་ལ་གནོད་པ་བཟོ་བའི་ཉེས་པ་གྲུབ་སྲིད།
7. སྲིད་གཞུང་གི་རིམས་ནད་འགོག་སྲུང་ཚོད་འཛིན་གྱི་དོ་དམ་གཏན་འབེབས་ལས་འགལ་ནས་ཁྱིམ་ཚང་གི་སྡོད་གནས་སུ་ཟུར་ཁྲིད་འཛིན་གྲྭ་འཛུགས་པ་དང་། མཱ་ཅང་རྩེ་བ། སྒྲིག་འགལ་ངང་ཆམ་པའི་སྨན་སོགས་བཙོངས་ན་མཇུག་འབྲས་གང་ཡོད་དམ།
གནས་ཚུལ་ཚབས་ཆེ་ཆུང་ལ་གཞིགས་ནས་ཐ་ཚིག་སྒྲོག་པ་དང་དངུལ་ཆད་གཅོད་པ། ཚབས་ཆེ་བའི་རིགས་དག་བཀག་ཉར་བྱས་ཆོག པྲོག་དབྱིབས་ནད་དུག་གི་འགོ་ཁྱབ་ལ་ཐེ་གཏོགས་མི་བྱེད་པའམ་འགོ་ཁྱབ་ཚབས་ཆེན་ཏུ་གཏོང་བའི་རིགས་ནི་བྱས་ཉེས་སུ་གཏན་ཁེལ་བྱས་ཏེ་ཆད་པ་གཅོད་རྒྱུ་རེད།
8. གཅིག་བསྡུས་ལོགས་བཀར་མཇུག་སྒྲིལ་རྗེས། གཏན་འབེབས་ལྟར་བདེ་ཐང་ལྟ་ཞིབ་ཚད་ལེན་དང་དོ་དམ་དང་ལེན་མ་བྱས་ཚེ་མཇུག་འབྲས་གང་ཞིག་འབྱུང་སྲིད་དམ།
《བདེ་འཇགས་དོ་དམ་གྱི་ཆད་པ་གཅོད་ཕྱོགས་སྐོར་གྱི་བཅའ་ཁྲིམས》ཀྱི་དོན་ཚན་ལྔ་བཅུ་བའི་གཏན་འབེབས་ལྟར། ཉེན་བརྡ་གཏོང་བའམ་གནས་ཚུལ་ཚབས་ཆེན་ཡིན་པའི་རིགས་ནི་བཀག་ཉར་དང་ཆད་པ་བཅད་ཆོག
《ཉེས་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། པྲོག་དབྱིབས་ནད་དུག་གི་འགོས་ཁྱབ་ལ་ཐེ་གཏོགས་མི་བྱེད་པའམ་འགོ་ཁྱབ་ཚབས་ཆེན་ཏུ་གཏོང་བའི་རིགས་ནི་བྱས་ཉེས་སུ་གཏན་ཁེལ་བྱས་ཏེ་ཆད་པ་གཅོད་རྒྱུ་ཡིན་པ་དང་། ནད་པ་དང་ནད་རྟགས་ཡོད་མཁན་གྱིས་ནད་གཞི་སྦ་གསང་བྱེད་པ། འགྲོ་འོང་གི་གནས་ཚུལ་སྦ་གསང་བྱེད་པ། མི་དམངས་འཚོགས་སའམ་ཡང་ན་སྤྱི་བའི་རླངས་འཁོར་སོགས་ལ་བསྡད་དེ་པྲོག་གསར་ནད་དུག་འགོས་པའི་གནས་ཚུལ་ཐོན་ཚེ། ཉེན་ཁ་ཡོད་པའི་བྱ་ཐབས་ལ་བརྟེན་ནས་སྤྱི་བའི་བདེ་འཇགས་ལ་གནོད་པ་བཟོ་བའི་ཉེས་པ་གྲུབ་སྲིད།
9. ནད་བབ་གསང་བའམ་ལམ་ཐིག་གསང་བ།(ལྷག་པར་གནད་ཆེའི་ས་ཁུལ་གྱི་ལམ་ཐིག) གཏན་འཁེལ་ནད་པ་དང་འབྲེལ་འདྲིས་ཡོད་པ་གསང་བ་བཅས་བྱས་ཚེ་མཇུག་འབྲས་ཅི་ཞིག་ཡོད་དམ།
<<བདེ་འཇགས་དོ་དམ་ཆད་གཅོད་ཁྲིམས>>ཀྱི་དོན་ཚན་ལྔ་བཅུ་པའི་གཏན་འཁེལ་ལྟར། ཉེན་བརྡ་གཏོང་བའམ་ཆད་པ་བཅད་ཆོག་ལ། གནས་བབ་ཚབས་ཆེན་ཡིན་ན་བཀག་ཉར་བྱེད་པ་དང་ཆད་པ་བཅད་ཆོག
དེ་མིན<<ཉེས་ཁྲིམས>>ཀྱི་འབྲེལ་ཡོད་གཏན་འཁེལ་ལྟར། གོང་གསལ་རྒྱུ་རྐྱེན་ལ་བརྟེན་ནས་པྲོག་གསར་རིམས་ནད་འགོ་ཁྱབ་ཏུ་ཕྱིན་པའམ་འགོ་ཁྱབ་ཀྱི་ཉེན་ཁ་བཟོས་ཚེ། འགོ་ནད་འགོག་སྲུང་ལ་བར་ཆད་བཟོས་པའི་ནག་ཉེས་ལྟར་ཆད་པ་བཅད་ཆོག
པྲོག་གསར་གློ་ཚད་ནད་པའམ་ནད་དུག་ཅན་གྱིས་ནད་བབ་གསང་བའམ་ལམ་ཐིག་གསང་ནས་སྤྱི་སྤྱོད་ཁོར་ཡུག་ལ་སོང་བའམ་སྤྱི་སྤྱོད་འགྲིམ་འགྲུལ་ལ་བསྡད་པར་བརྟེན་རིམས་ནད་འགོ་ཁྱབ་ཏུ་ཕྱིན་པ་ཡིན་ན། ཉེན་ཁའི་བྱེད་ཐབས་ཀྱིས་སྤྱི་བའི་བདེ་འཇགས་ལ་གནོད་འཚེ་བཟོས་པའི་ནག་ཉེས་ཕོག་སྲིད།
10. སྡོད་དམངས་དང་ཁེ་ལས་ཀྱིས་རིམས་ནད་འགོག་སྲུང་བྱ་བའི་བླང་བྱ་ལྟར་དུག་སེལ་མ་བྱས་ཚེ། མཇུག་འབྲས་ཇི་འདྲ་ཡིན་ནམ།
གནས་བབ་དང་རྣམ་འགྱུར་ལ་གཞིགས་ནས་ཉེན་བརྡ་གཏོང་བ་དང་ཆད་པ་བཅད་ཆོག་ལ། གནས་བབ་ཚབས་ཆེན་ཡིན་ན་བཀག་ཉར་བྱས་ཆོག དེ་མིན་གོང་གསལ་གྱི་རྒྱུ་རྐྱེན་ལ་བརྟེན་ནས་པྲོག་གསར་རིམས་ནད་འགོ་ཁྱབ་ཏུ་ཕྱིན་པའམ་འགོ་ཁྱབ་ཀྱི་ཉེན་ཁ་བཟོས་ཚེ། འགོ་ནད་འགོག་སྲུང་ལ་བར་ཆད་བཟོས་པའི་ནག་ཉེས་ལྟར་ཆད་པ་བཅད་ཆོག
དྲག་སྤྱོད་དང་འཇིགས་སྐུལ་ལ་བརྟེན་ནས་གཞུང་ཕྱོགས་ལས་བཟོ་པས་ཁྲིམས་ལྟར་རིམས་ནད་བརྟག་དཔྱད་ཀྱི་བྱ་བ་སྒྲུབ་པ་ལ་བར་ཆད་བཟོས་ཚེ། གཞུང་དོན་ལ་བར་ཆད་བཟོས་པའི་ནག་ཉེད་ལྟར་ཆད་པ་གཅོད་ཆོག
11. གློ་ལུ་བྱེད་པ་དང་ཟུངས་ཤུགས་ཉམས་པ། སྣོམ་ཚོར་ཉམས་པ། སྣ་འགག་པ། སྣ་ཆུ་བཞུར་བ། གྲེ་བ་ན་བ། མིག་སྐྱིབས་ལ་གཉན་ཚད་རྒྱས་པ། ཤ་གནད་ན་བ། ཁོག་པ་བཤལ་བ་སོགས་ཀྱི་ནད་རྟགས་ཡོད་ཚེ། རིམས་ནད་འགོག་སྲུང་གི་བླང་བྱ་ལྟར་དུས་ལྟར་སྨན་ཁང་དུ་མ་སོང་ན་མཇུག་འབྲས་ཅི་ཞིག་ཡོད་དམ།
གནས་བབ་དང་རྣམ་འགྱུར་ལ་གཞིག་ནས་ཉེན་བརྡ་གཏོང་བའམ་ཆད་པ་བཅད་ཆོག་ལ། གནས་བབ་ཚབས་ཆེན་ཡིན་ན་བཀག་ཉར་བྱས་ཆོག དེ་མིན་གོང་གསལ་གྱི་རྒྱུ་རྐྱེན་ལ་བརྟེན་ནས་པྲོག་གསར་རིམས་ནད་འགོ་ཁྱབ་ཏུ་ཕྱིན་པའམ་འགོས་ཁྱབ་ཀྱི་ཉེན་ཁ་བཟོས་ཚེ། འགོ་ནད་འགོག་སྲུང་ལ་བར་ཆད་བཟོས་པའི་ནག་ཉེས་ལྟར་ཆད་པ་བཅད་ཆོག
12. རིམས་འགོག་སྡེ་ཁག་དང་སྤྱི་བདེ་སྡེ་ཁག་གི་རིམས་ནད་ནད་རིག་བརྟག་དཔྱད་ལས་དོན་ལ་རམ་འདེགས་མ་བྱས་ན་མཇུག་འབྲས་ཇི་འདྲ་ཡིན་ནམ།
གནས་བབ་དང་རྣམ་འགྱུར་ལ་གཞིགས་ནས་ཉེན་བརྡ་གཏོང་བ་དང་ཆད་པ་བཅད་ཆོག་ལ། གནས་བབ་ཚབས་ཆེན་ཡིན་ན་བཀག་ཉར་བྱས་ཆོག དེ་མིན་གོང་གསལ་གྱི་རྒྱུ་རྐྱེན་ལ་བརྟེན་ནས་པྲོག་གསར་རིམས་ནད་འགོ་ཁྱབ་ཏུ་ཕྱིན་པའམ་འགོ་ཁྱབ་ཀྱི་ཉེན་ཁ་བཟོས་ཚེ། འགོ་ནད་འགོག་སྲུང་ལ་བར་ཆད་བཟོས་པའི་ནག་ཉེས་ལྟར་ཆད་པ་བཅད་ཆོག
དྲག་སྤྱོད་དང་འཇིགས་སྐུལ་ལ་བརྟེན་ནས་གཞུང་ཕྱོགས་ལས་བཟོ་པས་ཁྲིམས་ལྟར་རིམས་ནད་བརྟག་དཔྱད་ཀྱི་བྱ་བ་སྒྲུབ་པ་ལ་བར་ཆད་བཟོས་ཚེ། གཞུང་དོན་ལ་བར་ཆད་བཟོས་པའི་ནག་ཉེས་ལྟར་ཆད་པ་གཅོད་ཆོག
13. གཞན་ཡིད་འགུག་པའི་ཆེད་དང་ཡང་ན་ཚོང་ལས་དམིགས་འབེན་ཡིན་པའི་སྒོ་ནས་རིམས་འགོག་གནས་ཚུལ་རྫུན་བཟོ་བྱས་ཏེ། དྲ་རྒྱ་སོགས་བརྒྱུད་དེ་མི་མང་ལ་བརྒྱུད་སྒྲོག་བྱེད་པའམ་དོན་དངོས་གནས་ཚུལ་མིན་པ་ཤེས་བཞིན་དུ་ད་དུང་དཀྲོག་གཏམ་ཁྱབ་སྒྲོག་བྱས་ན་ཁྲིམས་ལྟར་ཐག་གཅོད་ཇི་ལྟར་བྱེད་དམ།
ཐོལ་བྱུང་དོན་རྐྱེན་ཐག་གཅོད་བྱེད་ཐབས་ཨང65ལས་གཏན་འཁེལ་བྱས་པ་ལྟར་ན། ནག་ཉེས་བསྒྱུར་བཅོས་བྱེད་དུ་འཇུག་པ་དང་།ཐ་ཚིག་སྒྲོག་པ། མཇུག་འབྲས་ཚབས་ཆེ་ན་ཁྲིམས་ལྟར་བྱ་འགུལ་སྤེལ་མཚམས་འཇོག་པའམ་ལས་གཉེར་ཆོག་མཆན་འཛིན་ཡིག་རྩིས་མེད་དུ་གཏོང་རྒྱུ་ཡིན། བདེ་འཇགས་དོ་དམ་ཆད་གཅོད་ཁྲིམས་ལས་ཨང25བའི་གཏན་འཁེལ་བྱས་པ་ལྟར་ན། བཀག་ཉར་བྱེད་པ་དང་སྒོར་མོས་ཆད་པ་བཅད་ཆོག
14. རིམས་ནད་བྱུང་བའི་སྐབས་སུ། དངོས་པོའི་རིན་གོང་འཕར་བའམ་ཁེ་སྤོགས་ཧམ་ལེན་བྱས་ན་ཉེས་ཆད་ཅི་ཞིག་འཁུར་དགོས།
བདེ་འཇགས་དོ་དམ་ཆད་གཅོད་ཁྲིམས་ལྟར་ཉེས་ཆད་གཅོད་པ་ལས་གཞན། ཁྲིམས་འགལ་གྱི་སྒོར་གྲངས་ཆེ་བའམ་གནས་ཚུལ་ཛ་དྲག་ཡིན་པ། ཚོང་རའི་སྒྲིག་ལམ་ལ་གཏོར་བརླག་བྱས་པ་ཚབས་ཆེ་ན་ཁྲིམས་འགལ་ངང་ཚོང་གཉེར་བྱས་པའི་ཁྲིམས་ལྟར་ཐག་གཅོད་བྱེད་རྒྱུ།
15. རིམས་འགོག་གི་བླང་བྱ་དང་འགལ་ནས་ཁ་ཐུམ་དང་འགོག་སྲུང་གྱོན་ཆས། སྨན་བཅོས་རྒྱུན་སྤྱོད་དངོས་པོ་སོགས་གང་འདོད་དུ་འཕང་ན་ཁྲིམས་ལྟར་་ཉེས་ཆད་ཅི་ཞིག་གཅོད་དགོས།
གང་འདོད་དུ་འཕངས་བའི་ཁ་ཐུམ་དང་། འགོག་སྲུང་གྱོན་ཆས་སོགས་སྨན་བཅོས་འགོག་སྲུང་མཁོ་ཆས། ལྷག་པར་དུ་འགོས་ནད་ཀྱི་ནད་གཞི་ཡོད་པའི་གད་སྙིགས་དང་། དུག་ལྡན་དངོས་རྫས་སམ་གནོད་ཡོད་པའི་དངོས་པོ་གཞན་དག་གིས་ཁོར་ཡུག་སྦགས་བཙོག་ཚབས་ཆེན་བཟོས་ཡོད་པའི་རིགས་ལ། ཁོར་ཡུག་སྦགས་བཙོག་བཟོས་བའི་ཉེས་ཆད་ལྟར་ཆད་པ་གཅོད་རྒྱུ།
བསམ་བཞིན་དུ་པྲོག་གསར་གློ་ཚད་ཀྱི་ནད་གཞི་ཁྱབ་སྤེལ་བྱས་ཏེ་སྤྱིའི་བདེ་འཇགས་ལ་གནོད་འཚེ་བཏང་བའི་རིགས་ལ་ཉེན་ཁའི་བྱེད་ཐབས་ལ་བརྟེན་ནས་སྤྱིའི་བདེ་འཇགས་ལ་གནོད་འཚེ་བཏང་བའི་ཁྲིམས་ལྟར་ཉེས་ཆད་གཅོད་རྒྱུ།