《ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིཊ་རང་སྐྱོང་ཁུལ་གྱི་མི་རིཊ་མཐུན་སྒྲིལ་ཡར་ཐོན་སྲོལ་ཡིག་(བཟོ་བཅོས) 》ཟླ་9པའི་ཚེས་1ཉིན་ནས་ལག་བསྟར་བྱ་རྒྱུ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-09-01   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།


ཁུལ་དམངས་ཆེན་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས་ཤེས་རྟོགས་བྱུང་བར་《ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྲོལ་ཡིག་(བཟོ་བཅོས)》(གཤམ་དུ་སྲོལ་ཡིག་(བཟོ་བཅོས)ཞེས་བསྡུ་རྒྱུ)ཟླ9པའི་ཚེས1ཉིན་ནས་ལག་བསྟར་བྱ་རྒྱུ་ཡིན་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན་《ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྲོལ་ཡིག་》དེ2010ལོའི་ཟླ7པའི་ཚེས1ཉིན་ཁྱབ་བསྒྲགས་ལག་བསྟར་བྱས་དང་ཡུན་ནན་ཞིང་ཆེན་གྱིས2019ལོའི་ཟླ1པོར་《ཡུན་ནན་ཞིང་ཆེན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་འཛུགས་སྐྲུན་སྲོལ་ཡིག་》བཏོན་པ་རེད། ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བདེ་ཆེན་ཡུལ་དངོས་ཀྱི་གཞུང་ལས་ཚོགས་འདུའི་ཐོག་རང་ཁུལ་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གྱི་ཚད་ཤིང་འཛུགས་སྐྲུན་བྱེད་པའི་བླང་བྱ་བཏོན་ཡོད། དུས་རབས་ཀྱི་བླང་བྱ་དང་མཐུན་པ། བཅའ་ཁྲིམས་དང་འཚམ་པ་བྱས་ཏེ་ཁྲིམས་འཛུགས་ཀྱི་སྣེ་ཁྲིད་དང་སྐུལ་འདེད་ཀྱི་ནུས་པ་སྔར་བས་འདོན་སྤེལ་བྱ་ཆེད་རང་ཁུལ་གྱིས་《སྲོལ་ཡིག་》ལ་བཟོ་བཅོས་བརྒྱབ་པ་རེད།