མི་ཧྲེང་རྒན་མོའི་སེམས་ཁོང་གི་གྲོགས་བཟང་ཚེ་རིང་སྒྲོལ་མ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-09-05   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཡང་ཐང་གྲོང་རྡལ་ཞི་བདེ་གྲོང་ཚོར་འཚོ་བ་སྐྱེལ་བཞིན་པའི་བཀྲ་ཤིས་མོ་ནི་མི་ཧྲེང་རྒན་མོ་ཞིག་ཡིན། 

    ལོ་ཁ་ཤས་ནང་ཞི་བདེ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་གཞོན་པ་ཚེ་རིང་སྒྲོལ་མ་ཡིས་བགྲེས་སོང་ལ་བསྙེན་བཀུར་ཞུ་བའི་སྤྱོད་བཟང་ལག་ལེན་བསྟར་ནས་བཀྲ་ཤིས་མོ་རང་གི་གཉེན་ཉེ་དང་འདྲ་བར་མི་ཧྲེང་རྒན་མོ་ལ་བྱམས་བརྩེ་དང་ཐུགས་ཁུར་གནང་བ་རེད། 

    བཀྲ་ཤིས་མོ་ནི་1933ལོར་སྐྱེས་པ་དང་ན་གཞོན་སྐབས་ཁོ་མོར་གཉེན་སྒྲིག་བྱས་ཀྱང་བྱིས་པ་མེད་པ་རེད། ཕྱིས་སུ་བཟའ་ཟླ་འདས་པས་མོ་རང་གྲོང་ཚོའི་ནང་གི་མི་ཧྲེང་རྒན་རྒོན་དུ་གྱུར་བྱུང་། 

    གནད་སྨིན་དབུལ་སྐྱོར་གྱི་དཔྱིད་རླུང་གངས་ལྗོངས་ས་མཐོར་ལྡང་བ་དང་བསྟུན་ནས་ཏང་ཨུ་དང་སྲིད་གཞུང་གིས་རྒན་མོ་ལ་ཁང་པ་ཐོག་གཅིག་མ་ཞིག་བསྐྲུན་པ་དང་ཁྱིམ་ཆས་གསར་པ་ཉོས་པས་རྒན་མོའི་འཚོ་བའི་ཆུ་ཚད་མཐོ་རུ་ཕྱིན་ཡོད། འོན་ཀྱང་ལོ་ན་ཇེ་མཐོར་སོང་བ་དང་བསྟུན་ནས། ཐོས་ཚོར་ནུས་པ་ཉམས་པ་སོགས་ཀྱི་ནད་བྱུང་ནས།དལ་གྱིས་ངལ་རྩོལ་གྱི་ནུས་པ་ཉམས་པ་དང་།འཚོ་བ་ཡང་རང་མགོ་མི་ཐོན་པར་གྱུར་པ་རེད།

    ཚེ་རིང་སྒྲོལ་མ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་གཞོན་པ་ཡིན་པའི་ངོས་ནས་བཀྲ་ཤིས་མོ་ཡི་གནས་ཚུལ་ཤེས་རྗེས་ཁོམ་པ་བཙལ་ནས་རྒན་རྒོན་གྱི་འཚོ་བར་ལྟ་རྟོག་བྱེད་ཀྱི་ཡོད། དེ་སྔ་ཟླ་བ་རེར་ལྟ་རྟོག་ཐེངས་རེ་གཉིས་བྱེད་ཀྱི་ཡོད།ད་ཆ་གཟའ་པ་སངས་ཉིན་ལས་ཀ་གྲོལ་རྗེས་མོས་བྲེལ་འཚུབ་ངང་རྒན་མོའི་ཁྱིམ་དུ་བསྐྱོད་ནས་ཁོ་མོ་ལ་བདག་སྐྱོང་བྱས་ལ། ལོ་ཁ་ཤས་རིང་རྒྱུན་འཁྱོངས་བྱས་པ་རེད། ཟང་ཟིང་གི་སྐྲ་ལོ་དང་བཙོག་པའི་གྱོན་གོས། རང་དགར་བཞག་པའི་ཐབ་ཚང་གི་ཡོ་བྱད་ནི་སྔོན་ཆད་རྒན་མོ་ཡི་འཚོ་བའི་རྒྱུན་རྣམ་ཞིག་ཡིན། འོན་ཀྱང་ཚེ་རིང་སྒྲོལ་མས་དྲི་ངན་ལ་མི་འཛེམ་པ་དང་། ཐང་ཆད་པར་མི་བསམས་པར་རྒན་རྒོན་གྱི་ཁྱིམ་དུ་གཙང་སྦྲ་བྱེད་པ་དང་རྒན་མོའི་གྱོན་ཆས་བརྗེ་བ་དང་མགོ་བཀྲུ་བ། རྐང་པ་འཁྲུ་བ། སེན་མོ་འབྲེག་པ། རྒན་རྒོན་ལ་ལྟོ་ཆས་ཞིམ་པོ་བཟོ་བ་བཅས་བྱེད་པ་མ་ཟད། རྒན་རྒོན་དང་ཁ་བརྡ་བྱེད་པ་སོགས་བྱས་ནས། རང་གི་ཤ་ཉེ་དང་འདྲ་བར་རྒན་མོ་ལ་ཚེ་མཇུག་གི་འཚོ་བར་དྲོ་སྐྱིད་སྦྱིན་གྱི་ཡོད། 

    ཉེ་བའི་ལོ་ཤས་རིང་།ཚེ་རིང་སྒྲོལ་མ་ཡི་ཤུགས་རྐྱེན་འོག་གྲོང་ཚོ་ཨུ་ལྷན་གྱི་ལས་དོན་མི་སྣ་དེ་བས་མང་བ་རང་འགུལ་ངང་རྒན་རྒོན་ལ་གཅེས་སེམས་འབུལ་བའི་བྱེད་སྒོའི་ནང་ཞུགས་ཡོད་པ་མ་ཟད།ད་དུང་བྱེད་སྒོ་དེ་ཞི་བདེའི་གྲོང་ཚོའི་ཏང་ཀྲི་པུའུ་རྒྱུན་རྣམ་ཅན་གྱི་བྱེད་སྒོ་སྤེལ་རྒྱུའི་བྱེད་སྒོའི་གྲས་སུ་བཅུག་ཡོད་པ་རེད།

    ང་རྒན་མོ་བཀྲ་ཤིས་མོ་ཚང་ལ་ཐོག་དང་པོར་སྐྱོད་སྐབས། ཁོང་གིས་ཚེ་རིང་སྒྲོལ་མ་ཡིས་རྒན་མོའི་སྐྲ་བཀྲུ་བ་དང་རྐང་པ་འཁྲུ་བཞིན་ཡོད་པ་མཐོང་བས་ང་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང་། མི་ཁག་གཅིག་གི་ངོས་ནས་བརྗོད་ན་རང་ཁྱིམ་དུ་རྒན་རྒོན་ཚོར་ལྟ་རྟོག་ཡག་པོ་དེ་འདྲ་བྱེད་ཐུབ་པའི་ངེས་པ་མེད་ལ། ཁྲག་རྒྱུད་ཀྱི་འབྲེལ་བ་མེད་ལ་རྒྱུས་མངའ་མེད་པའི་རྒན་རྒོན་ཞིག་ལ་ལྟ་རྟོག་བྱེད་རྒྱུ་དེ་བས་སྨོས་ཅི་དགོས་ཞེས་ལོ་ན་21སོན་པའི་ཞི་བདེ་གྲོང་ཚོའི་གྲོང་མི་ཨུ་ལྷན་གྱི་སྤྱི་ཚོགས་འགན་སྲུང་ཆ་འཕྲིན་པ་བདེ་སྐྱིད་ཆོས་འཛོམས་ཀྱིས་བཤད་བྱུང་།

    རྒན་མོ་བཀྲ་ཤིས་མོ་ཡིས་རང་ཉིད་ཀྱི་ཟླ་རེའི་དམིགས་བསལ་དཀའ་ངལ་ཡོད་པའི་བསྙེན་བཀུར་ཁ་གསབ་རོགས་དངུལ་ཁྲོད་ཀྱི་སྒོར་50དེ་ཚེ་རིང་སྒྲོལ་མར་སྤྲད་པ་དང་།ཚེ་རིང་སྒྲོལ་མས་དུས་ཚོད་རེ་རེ་བཞིན་ཟིན་ཐོ་ཞིབ་ཕྲ་བཀོད་དེ་ལོ་མཇུག་ཏུ་སླེབས་སྐབས་རྒན་མོ་ལ་ཁྱིམ་སྤྱོད་ཁ་གསབ་སྤྲོད་པ་དང་འཚོ་བའི་མཁོ་ཆས་ཉོ་གི་ཡོད། སྐབས་འགར་ཁོ་མོས་ད་དུང་རང་གི་དངུལ་བཏོན་ནས་རྒན་མོ་ལ་ཉལ་གདན་དང་གྱོན་ཆས་སོགས་ཁ་སྣོན་རྒྱག་པ་དང་། རྒན་མོས་ཉི་མར་ལྡེ་རྒྱུར་དགའ་པོ་ཡོད་པ་ཤེས་རྗེས་ཁོ་མོས་རྒན་མོ་ལ་རྐུབ་སྟེགས་ཉོས་པ་རེད། དེ་ཙམ་གྱིས་མི་ཚད་ཁོ་མོས་རྒན་མོ་འཁྱགས་དོགས་ཀྱིས་ད་དུང་རང་ཁྱིམ་ནས་ཀམ་པ་ལི་འཁྱེར་ཡོང་སྟེ་རྒན་མོ་ལ་གདན་བཟོས་པ་རེད།ཤོག་ལྷེ་གཅིག་གི་དངོས་ཟོག་ཉོ་སྒྲུབ་ཀྱི་རྩིས་ཁྲའི་ནང་ཚེ་རིང་སྒྲོལ་མས་རྒན་མོ་ལ་ཞིབ་ཚགས་དང་ངང་རྒྱུད་རིང་པོའི་གཅེས་སེམས་མཚོན་པར་བྱས་ཡོད།

    རྒན་མོ་བཀྲ་ཤིས་མོས་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་གི་ཡོད།      མོས་ཏང་དང་སྲིད་གཞུང་གིས་ང་ལ་འཚོ་བ་ཡག་པོ་ཞིག་བསྐྱལ་བྱུང་ང་ལ་ཁང་པ་གསར་པ་སྐྲུན་ལ་ང་ལ་ཁ་གསབ་སྣ་ཚོགས་སྤྲད། ངའི་འཚོ་བ་འགན་ལེན་ཐུབ་སོང་ལ་ཟས་གོས་ཐད་སེམས་ཁྲལ་ཡང་མི་འདུག  ཏང་དང་སྲིད་གཞུང་གིས་ལས་བྱེད་པ་བཟང་པོ་ཞིག་གསོ་སྐྱོང་བྱས་པ་དང་། ང་ལྟ་བུའི་མི་ཧྲེང་རྒན་རྒོན་གྱི་འཚོ་བར་ལྟ་རྟོག་བྱེད་མཁན་ཡོད་པས་ཚེ་མཇུག་ཏུ་ཁེར་རྐྱང་དུ་སྡོད་འདོད་མི་འདུག”ཅེས་བཤད་བྱུང་།