རྩོམ་པ་པོ།   རྣམ་འཇོམས་ཚེ་རིང་།  ཡིག་བསྒྱུར།       དུས་ཚོད།   2022-09-11   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།
ལམ་མདོ་ཞེས་པ་ནི་དེའི་ཁྱད་དུ་འཕགས་པའི་ས་ཁམས་གནས་ཡུལ་ལས་བྱུང་བ་སྟེ། “浪都”ཞེས་པ་བོད་སྐད་ཀྱི་ལམ་མདོའི་སྒྲ་བསྒྱུར་ཡིན་ལ། ལམ་གྱི་སྣོལ་མཚམས་ཀྱི་དོན་ཡིན། རྒྱུ་མཚན་ལམ་མདོ་ནི་འགྲིམ་འགྲུལ་གྱི་འགག་གནས་ཡིན། ལམ་མདོ་བརྒྱུད་སི་ཁྲོན་གྱི་འདབ་པ་རྫོང་དང་མུ་ལི། སེམས་ཀྱི་ཉི་ཟླའི་མྱི་ཟུར་དང་འགོམ་སྟོད། སྔོ་ཤོད་བཅས་སུ་བསྐྱོད་ཆོག དེར་བརྟེན་མིག་སྔའི་རིམས་ནད་ཀྱི་གནས་བབས་འོག་ལམ་མདོ་ཡང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བདེ་འཇགས་ལྟ་ཞིབ་ཚད་ལེན་ཞབས་ཞུའི་ས་ཚིགས་གལ་ཆེན་ཞིག་ཏུ་གྱུར་ཡོད། ཟླ་8པའི་ཟླ་འགོ་ནས་རིམས་ནད་ཀྱི་གནས་ཚུལ་ཛ་དྲག་ཡིན་པའི་རིང་ལ། ལམ་མདོ་གྲོང་ཚོས་ཨུ་ལྷན་གཉིས་དང་དེ་བཞིན་གྲོང་ཚོའི་བཅའ་སྡོད་རུ་ཁག་གི་ལས་བྱེད་མི་སྣ་རྩ་འཛུགས་བྱས་ནས་ཡུལ་བ་ཚོ་ཆུང་གི་ཡུན་ནན་འཇུག་སྒོ་ཡི་གཱ་གནས་ནས་མི་དང་རླངས་འཁོར་འགྲོ་འོང་གི་བདེ་འཇགས་ལྟ་ཞིབ་ཚད་ལེན་ཞིབ་བཤེར་གྱི་ལས་དོན་སྤེལ་བ་རེད། སྐད་ཚགས་ཤང་རིམས་ནད་སྔོན་འགོག་ཚོད་འཛིན་བཀོད་འདོམས་པུའུ་ཡི་རྒྱབ་སྐྱོར་འོག གཱ་གནས་སུ་ཉེན་རྟོག་ལས་དོན་དང་སྨན་དོན་མི་སྣ་བཀོད་སྒྲིག་གནང་ཡོད། ལམ་མདོ་གྲོང་ཚོའི་སྤྱི་ཁྱབ་ཡན་ལག་ཧྲུའུ་ཅི་ཚེ་རིང་སྒྲོལ་མས་གྲོང་ཚོ་ཡོངས་ཀྱི་གོང་འོག་ཚང་མས་ངེས་པར་དུ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་། ནུས་ཤུགས་ཡོད་རྒུ་བཏོན་ནས་སེམས་ཀྱི་ཉི་ཟླའི་བྱང་གི་སྒོ་ཆེན་མཐའ་གཅིག་ཏུ་འགོག་སྲུང་བྱ་དགོས་ཞེས་བཤད་བྱུང་།