འཇོལ་རྫོང་ལ་འཕེལ་རྒྱས་ཀྱི་གཤོག་རྩལ་རྒྱས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-09-19   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།  ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ལོ་བཅུ་པོ་དེའི་རིང་འཇོལ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་དབུལ་སྐྱོར་དང་། དམངས་འཚོ། རིག་གནས། སྐྱེ་ཁམས། ཏང་འཛུགས་སྐྱོང་བཅས་ཀྱི་ལས་དོན་དམ་འཛིན་ཤུགས་ཆེན་བྱས་པས་རྫོང་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཡར་ངོའི་ཟླ་ལྟར་གོང་དུ་འཕེལ་བ་དང་། མི་དམངས་ཀྱི་འཚོ་བ་ལེགས་བཅོས་མངོན་གསལ་བྱུང་སྟེ་ཡུན་རིང་བདེ་འགོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གོམ་སྟབས་བརྟན་པོ་སྤོས་ཡོད། 

    2012ལོ་ནས2021ལོའི་བར་འཇོལ་རྫོང་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་16.44ནས་སྒོར་དུང་ཕྱུར་45.93བར་འཕར་ནས་ལོ་རེར་ཆ་སྙོམས་10.8%འཕར་བ་དང་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་བསྡོམས་འབོར་སྒོར་དུང་ཕྱུར་33.15ནས་སྒོར་དུང་ཕྱུར་50.86བར་འཕར་ནས་ལོ་རེར་ཆ་སྙོམས་4.4%འཕར་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར21473ནས་སྒོར44496བར་འཕར་ནས་ལོ་རེར་ཆ་སྙོམས་7.6%འཕར་བ་དང་གྲོང་གསེབ་ཀྱི་གྲོང་མིའི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར5136ནས་སྒོར11291བར་འཕར་ནས་ལོ་རེར་ཆ་སྙོམས་8.2%འཕར་ཡོད།

    2021ལོའི་ལོ་མཇུག་ཏུ་སླེབས་སྐབས་འཇོལ་རྫོང་གི་ཏང་ཡོན་མི་གྲངས་བསྡོམས་འབོར་8840ཟིན་པ་དེས་སྤྱིའི་མི་འབོར་ནང་བཟུང་བའི་བསྡུར་ཚད་16.15%ཟིན་པ་དང་གཞི་རིམ་ཏང་རྩ་འཛུགས་683ཟིན་པ་དེ་2012ལོ་ལས་37.15%འཕར་ཡོད་པ་རེད། ལོ་བཅུའི་ནང་སྐབས་བཞི་བསྟུད་མར་དུས་བདེའི་ཀྲུང་གོ་འཛུགས་སྐྲུན་གྱི་སྔོན་ཐོན་རྫོང་གི་མཚན་སྙན་ཐོབ་པ་དང་2017ལོ་དང་2021ལོར་རྒྱལ་ཡོངས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་གི་བྱ་དགའ་མཐོ་ཤོས་ཁྲང་ཨན་བུམ་པའི་གཟི་བརྗིད་མཚན་སྙན་ཐེངས་གཉིས་བསྟུད་མར་ཐོབ་ཡོད།2020ལོར་ཞིང་ཆེན་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་རྫོང་གྲུབ་འབྲས་ཐོབ་པའི་ངང་གཏོད་པ་དང་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་རྫོང་ཧུར་ཐག་གཏོད་བཞིན་ཡོད་པ་རེད།

    ལོ་བཅུའི་རིང་འཇོལ་རྫོང་གིས་རིམ་རྩིས་བྱས་ན་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར36.78བཏང་བ་དང2018ལོར་རྫོང་ཡོངས་ཀྱི་དུད་ཚང་2810ཡི་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་12280ཚང་མ་དབུལ་སྒྲོལ་ཐུབ་པ་དང་དབུལ་པོའི་གྲོང་ཚོ32ཚང་མ་ཕྱིར་འཐེན་བྱས་ཏེ་རྒྱལ་ཡོངས་ཀྱི་ཆུས་གསུམ་དང་ཁུལ་གསུམ་གྱི་གཏིང་ཟབ་དབུལ་པོའི་རྫོང་ཁྲོད་སྔོན་ལ་སྤུས་ཚད་མཐོ་བའི་དབུལ་སྒྲོལ་ཞྭ་མོ་ཕུད་ཐུབ་པ་བྱུང་ཡོད། 2020ལོར་རྫོང་ཡོངས་སུ་དབུལ་པོ་ཐོན་ཚད0རུ་ཆག་པ་དང་འཇོལ་རྫོང་གིས་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་རྦད་དེ་དབུལ་པོ་མེད་པ་བཟོ་རྒྱུ་མངོན་འགྱུར་བྱུང་ཡོད། དབུལ་སྒྲོལ་ཞྭ་མོ་ཕུད་རྗེས་འཇོལ་རྫོང་གིས་གྲོང་གསེབ་དར་རྒྱས་གཏོང་བའི་ཁྲི་བརྒྱ་སྟོང་གི་དཔེ་སྟོན་འདུ་འགོད་ལག་བསྟར་གཏིང་ཟབ་བྱས་པས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་གཏོང་རྒྱུ་དང་སྦྲེལ་མཐུད་ནུས་ལྡན་ཐུབ་ཡོད།

    དམངས་འཚོ་འགན་ལེན་བྱེད་ཚད་མཐོ་རུ་ཕྱིན་པ་དང་འཇོལ་རྫོང་གིས་ལོ15ཡི་སློབ་ཡོན་མི་དགོས་པའི་སློབ་གསོའི་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་པས་རྫོང་ཡོངས་ཀྱི་གྲོང་ཚོ་གཅིག་ལ་བུ་བཅོལ་ཁང་གཅིག་ཁྱོན་ཡོངས་ལ་ཁྱབ་པ་དང་ཀུན་ཕན་རང་བཞིན་གྱི་བུ་བཅོལ་ཁང་དུ་སློབ་མ་བསྡུ་ཚད100%ཟིན་པ་དང་འོས་འགན་སློབ་གསོའི་སློབ་གྲྭའི་མཐའ་ཚད20ཚང་མ་ཚད་ལོན་ཡོད་པ་རེད།

    ལོ་བཅུའི་རིང་འཇོལ་རྫོང་གིས་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་གྲངས་6680གསར་འཕར་བྱུང་བ་དང་སྤྱི་ཕན་རང་བཞིན་གྱི་ལས་གནས6700བཀོད་སྒྲིག་བྱས་པ་དང་ལས་གཏོད་ཁག་ཐེག་དངུལ་བུན་དུད་ཚང2345དང་སྒོར་དུང་ཕྱུར་2.47ལ་རོགས་སྐྱོར་བྱས་ནས་རྩལ་ནུས་མཐོ་རུ་གཏོང་བའི་གསོ་སྦྱོང་མི་གྲངས་ཁྲི་3.4ལེགས་གྲུབ་ཟིན་པ་དང་མི་ཐེངས་83284ལས་ཞུགས་གཞན་སྒྱུར་བྱས་པ་དང་དབུལ་སྒྲོལ་ངལ་རྩོལ་ནུས་ཤུགས་མི་ཐེངས་27176ལས་ཞུགས་གཞན་སྒྱུར་བྱས་ཡོད།

གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་བཅོལ་ཁྱོན་ཡོངས་ལ་ཁྱབ་པ་དང་ཁྱིམ་ཚང་སྨན་པའི་གན་འཇོག་ཞབས་ཞུ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་རྒྱང་ཁྲིད་སྨན་བཅོས་ནད་བརྟག་སྨན་བཅོས་ཞབས་ཞུའི་སྟེགས་བུ་བཙུགས་པས་རྫོང་ཁོངས་ནང་སྨན་བཅོས་བྱེད་ཚད51%ཡན་ཟིན་པ་དང་སྲིད་འཛིན་གྲོང་ཚོ་ཚང་མར་གྲོང་ཚོའི་འཕྲོད་བསྟེན་ཁང་ཁྱོན་ཡོངས་ལ་ཁྱབ་ནས་སྨན་བཅོས་ཞབས་ཞུའི་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་ཕྱིན་ཡོད་པ་རེད།

    འཇོལ་རྫོང་གིས་རྒྱལ་གཅེས་འཕྲོད་བསྟེན་གྱི་ཆེད་དོན་བྱ་སྤྱོད་བདུན་དང་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་རིམ་སྤོར་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་མང་ཚོགས་ཀྱི་བདེ་སྐྱིད་སྟོན་གྲངས་གསར་པ་ཧུར་ཐག་བཏོད་པ་རེད།2021ལོའི་ལོ་མཇུག་ཏུ་འཇོལ་རྫོང་དེ་རྒྱལ་ཁབ་འཕྲོད་བསྟེན་རྫོང་གྲོང་དུ་གྲུབ་འབྲས་ཐོབ་པའི་ངང་བཏོད་པ་རེད།

    ད་ཆ་འཇོལ་རྫོང་དུ་རླངས་འཁོར་ཤར་གཏོང་ཐུབ་པའི་སྤྱིའི་ལམ་ཚད་སྤྱི་ལེ་2348ཟིན་པ་དང་། ལམ་ངོས་འདིང་ཚད92%བར་མཐོ་རུ་ཕྱིན་པ། གྲོང་གསེབ་ཀྱི་གཞུང་ལམ་ལེ་གསོ་བྱེད་པའི་སྤྱིའི་ལམ་ཚད་སྤྱི་ལེ་2036.849ཟིན་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འགྲུལ་སྐྱེལ་གཞི་གཅིག་ཅན་གྱི་འཕེལ་རིམ་མགྱོགས་སུ་ཕྱིན་པ། སྲིད་འཛིན་གྲོང་ཚོའི་གྲོང་གསེབ་ཏུ་འགྲུལ་སྐྱེལ་ཁྱབ་ཚད་100%ཟིན་ནས་སྲིད་འཛིན་གྲོང་ཚོའི་དྲ་ཆེན་དྲ་བ་དང་4Gདྲ་བ་ཡོངས་སུ་ཁྱབ་ཡོད་པ་རེད།

    2021ལོར་འཇོལ་རྫོང་གིས་ཞིང་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར4.3མངོན་འགྱུར་བྱུང་བ་དེ2012ལོའི་ལྡབ2ཡིན་པ་རེད། རྫོང་ཡོངས་ཀྱི་རྒུན་འབྲུམ་རྟེན་གཞིའི་རྒྱ་ཁྱོན་མུའུ14057ཟིན་པ་དང་མ་བཅོས་རྒྱུ་ཆའི་ཐོན་རྫས་རིན་ཐང་སྒོར་ཁྲི་4711ཟིན་ནས་ཞིང་དུད3000ལྷག་ཙམ་ལ་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་བྱས་ཡོད།   2012ལོ་ནས་2022ལོའི་བར་རྫོང་ཡོངས་ཀྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་1911.81ལ་སྣེ་ལེན་ཞུས་ནས་ཡུལ་སྐོར་སྤྱི་ཚོགས་ཀྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་161.8མངོན་འགྱུར་བྱུང་ཡོད།

    

    རྫོང་ཡོངས་ཀྱི་ནགས་ཚལ་ཁེབས་ཚད་75.5%་ཟིན་ཡོད། 2012ལོ་ནས་བཟུང་རྫོང་ཡོངས་ཀྱིས་འོས་འགན་ཤིང་འཛུགས་སྡོང་རྐང་ཁྲི395ལྷག་ཙམ་ལེགས་སྒྲུབ་བྱས་པ་དང་སྣོད་བཅུད་ནགས་སྲུང་བ12818གདམ་གསེས་གདན་ཞུ་བྱས་པ། སྤྱི་ཕན་ནགས་སྲུང་བ429བདམས་པས་མི་རིགས་ཁག་གི་མང་ཚོགས་ལ་དེའི་ཁྲོད་ནས་ཕན་པ་དེ་བས་མང་བ་ཐོབ་ཡོད།