འབའ་ལུང་རྫོང་གིས་མི་རིགས་མཐུན་སྒྲིལ་གྱི་ཡུལ་ལྗོངས་ཡག་པོ་དེ་གྲོང་གསེབ་དར་རྒྱས་ཀྱི་མདུན་ལྗོངས་ཡག་པོར་འགྱུར་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-09-27   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ཉེ་བའི་ལོ་ཤས་རིང་འབའ་ལུང་རྫོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ས་མཐོའི་ཁྱད་ལྡན་ཞིང་ལས་དང་ཡུལ་སྐོར་ལས་རིགས་སོགས་ལེགས་ཆའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་རྒྱུའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་གཞིར་བཟུང་བ་དང་། ཡུན་ནན་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་གཏོང་བའི་ཐད་མདུན་དུ་སྐྱོད་པ་དང་དཔེ་སྟོན་བྱེད་པ། དེ་བཞིན་ཞིང་ལས་དང་རིག་གནས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། གཙོ་གནད་ལྗོངས་ཁུལ་དང་འགྲིམ་འགྲུལ་ལམ་རྒྱུད་ལ་དམིགས་ནས་གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་སྒྲིག་བྱེད་དགོས་པའི་བླང་བྱ་ལག་ལེན་བསྟར་ཏེ། འབའ་ལུང་རྫོང་མཐའ་ཆུ་གྲོང་རྡལ་དུ་མི་རིགས་མང་པོ་ཞི་མཐུན་འདུས་སྡོད་དང་སྣ་མང་རིག་གནས་མཉམ་འདྲེས་བྱས་ཡོད་པའི་རྨང་གཞིར་གཞི་ཚུགས་ཏེ་འགྱུར་ལྡོག་ལྔ་ལ་དམིགས་ནས་མཐའ་ཆུ་གྲོང་རྡལ་གྱི་གྲོང་གསེབ་ཡུལ་སྐོར་སྔོན་སྐྱོད་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་འབའ་ལུང་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཚོལ་ཞིབ་ཧུར་ཐག་བྱེད་པ་རེད།

        གྲོང་ཚོ་མཛེས་ལྗོངས་སུ་གྱུར་བ། འབའ་ལུང་རྫོང་གིས་ཡུན་ནན་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་གྲོང་གསེབ་དར་རྒྱས་ཀྱི་བརྒྱ་སྟོང་ཁྲིའི་དཔེ་སྟོན་ལས་གཞི་ལག་བསྟར་བྱེད་པའི་སྲིད་ཇུས་ཀྱི་གོ་སྐབས་བེད་སྤྱོད་གང་ལེགས་བྱེད་དེ་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་དང་གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་གཉིས་ཟུང་འབྲེལ་བྱས་ནས་ཐོན་ལས་དང་། གྲོང་ཚོ། གྲོང་མི། རིག་གནས། ཡུལ་ལྗོངས་བཅས་མཉམ་འདྲེས་འཕེལ་རྒྱས་འབུར་དུ་ཐོན་པ་དང་ཁྱད་ལྡན་རྣམ་པར་དོ་དམ་ཚོད་འཛིན་དང་། བར་སྟོང་བཀོད་སྒྲིག་ལེགས་འགྱུར། བརྗོད་བྱ་གཙོ་བོའི་གཟུགས་བརྙན་ཁ་གསལ་བཟོ་བ། ཞབས་ཞུའི་ཆ་འགྲིག་འཐུས་ཚང་གཏོང་བ། མི་སྡོད་ཁོར་ཡུག་ལེགས་སུ་གཏོང་བ་བཅས་ཀྱི་ཐབས་ལམ་ཆེན་པོ་ལྔ་གཏན་འབེབས་བྱས་པ་དང་།  གྲོང་ཚོ41བདམས་ནས་གྲོང་ཚོ་མཛེས་ལྗོངས་མཉམ་འདྲེས་ཀྱི་ཕྱོགས་བསྡུས་འཆར་འགོད་འཛུགས་སྐྲུན་ལག་བསྟར་བྱས་ཏེ་དཔེ་སྟོན་སྣེ་ཁྲིད་དང་སྐུལ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ནས་གྲོང་གསེབ་ཀྱི་རྣམ་པ་སྔར་བས་ལེགས་སུ་གཏོང་བ་དང་གྲོང་གསེབ་ཀྱི་དྲན་གདུང་འཇོག་ཐུབ་པ་བྱས་ཏེ་གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་ལ་རྨང་གཞི་འདིང་བ།

        ཞིང་སྡེ་སྤྱི་གླིང་དུ་གྱུར་བ། འབའ་ལུང་རྫོང་གིས་ཞིང་ལས་དང་ཡུལ་སྐོར་མཉམ་འདྲེས་ལ་དམིགས་པ་དང་ས་ཁོངས་ཀྱི་ལེགས་ཆར་གཞི་ཚུགས་ཏེ་ལྟ་སྐོར་ཞིང་ལས་དང་སྣོད་བཅུད་ཞིང་ལས། ཉམས་ལེན་ཞིང་ལས་བཅས་ལ་འཕེལ་རྒྱས་ཤུགས་ཆེན་གཏོང་སྟེ། སྣུམ་རྩ་དང་པད་ཁ། རྒྱ་སེ་མེ་ཏོག འབྲས་ཞིང་གི་རི་མོ་སོགས་མཛེས་ལྗོངས་སྐྱེ་དངོས་མུའུ3600ལྷག་འདེབས་འཛུགས་བཀོད་སྒྲིག་བྱས་པ་དང་། འབྲས་འཛུགས་དུས་ཆེན་དང་ལོ་ལེགས་དུས་ཆེན། འབྲས་ཞིང་ནང་ཉ་འཛིན་པ་སོགས་ཞིང་ལས་ཡུལ་སྐོར་ཉམས་ལེན་རྣམ་གྲངས་ཇུས་འགོད་བྱས་ནས་ཡུལ་སྐོར་བས་ཕྱོགས་ཡོངས་ནས་རྨོ་འདེབས་ཀྱི་མྱོང་ཚོར་ཟབ་མོར་ཞུགས་རྒྱུར་ཁྲིད་སྟོན་བྱས་ཏེ་ས་ཞིང་མུའུ་རེའི་ཡོང་འབབ་མཐོ་རུ་གཏོང་ཡོད།

        དམངས་ཀྱི་སྡོད་ཁང་དམངས་སྲོལ་མགྲོན་ཁང་དུ་གྱུར་བ། འབའ་ལུང་རྫོང་གིས་སྲིད་གཞུང་གིས་ཁྲིད་སྟོན་དང་ཁེ་ལས་ཀྱིས་སྐུལ་ཁྲིད། མང་ཚོགས་ནང་ཞུགས་ཀྱི་བསམ་ཕྱོགས་གཞིར་བཟུང་ཏེ། ཁེ་ལས་ནང་འདྲེན་བྱས་ནས་མ་འཇོག་འཛུགས་སྐྲུན་བྱེད་པ་དང་ཞིང་དུད་རང་སྐྲུན་རང་གཉེར་ལ་རོགས་སྐྱོར་བྱེད་པ་སོགས་ཀྱི་བྱ་ཐབས་སྣ་མང་སྤྱད་དེ་གྲོང་གསེབ་ཀྱི་བེད་མེད་ས་ཆ་དང་ཞིང་པའི་སྡོད་ཁང་གི་ཐོན་ཁུངས་གང་འགབ་ཅི་སྤྱོད་བྱེད་དེ་སྲོང་བཙན་མཐའ་ཆུ་སོགས་ཀྱིས་མཚོན་པའི་སྤུས་ལེགས་མགྲོན་ཁང་དང་ཁྱད་ལྡན་དམངས་སྲོལ་མགྲོན་ཁང་ཁྱུ་ཚོགས་བསྐྲུན་ཏེ། དུད་ཚང115ཡི་མང་ཚོགས་ཀྱིས་སྒོ་ཁར་ལས་ཞུགས་ལས་སྐྲུན་བྱེད་པར་སྐུལ་ཁྲིད་བྱས་ནས་དུད་ཚང་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་ཡན་འཕར་ཡོད།

        གྲོང་མི་འཁྲབ་སྟོན་པར་གྱུར་བ། འབའ་ལུང་རྫོང་གིས་ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་གཞས་དང་། སྐོར་བྲོ། མཐའ་ཆུའི་རས་པ་སོགས་སྲོལ་རྒྱུན་གྱི་མི་རིགས་རིག་གནས་ལ་བརྟེན་ནས་དངོས་མིན་རིག་གནས་ཤུལ་བཞག་ཁྲིད་སྦྱོང་ཁང་དང་། དམངས་སྲོལ་འགྲེམས་སྟོན་ཁང་། བླ་འཕེལ་དཔེ་ཁང་སོགས་ཁྱད་ལྡན་རིག་གནས་ཁང་འཛུགས་སྐྲུན་བྱས་པ་དང་། ཆེད་དོན་རོལ་དབྱངས་ཁང་དང་ཆང་ཁང་སོགས་སྲོལ་རྒྱུན་རིག་གནས་ཉམས་ལེན་ཁུལ་གསར་གཏོད་བྱས་པ་མ་ཟད། ས་གནས་དེ་གའི་མང་ཚོགས་ལ་རིག་རྩལ་འཁྲབ་སྟོན་རུ་ཁག་འཛུགས་ཏེ་ཞིང་དལ་དུས་ཚོད་སྤྱད་ནས་ལེ་ཚན་སྒྲིག་པ་དང་དམངས་སྲོལ་མགྲོན་ཁང་ཁག་ཏུ་བསྐྱོད་དེ་ཡུལ་སྐོར་བར་རིག་རྩལ་འཁྲབ་སྟོན་དང་མཉམ་སྤྲོའི་མཉམ་འགུལ་བྱས་པར་ཁྲིད་སྟོན་བྱེད་དེ་ས་གནས་དེ་གའི་མང་ཚོགས་ཀྱི་ཡོང་འབབ་མང་དུ་བཏང་བ།

        ལྟ་སྐོར་གྱི་ཡུལ་ལྗོངས་ལུས་གསོ་རུ་གྱུར་བ། འབའ་ལུང་རྫོང་གིས་ཀྲུང་ལུགས་སྨན་རྒྱུ་རྫོང་གཅིག་ལ་ཐོན་ལས་གཅིག་གི་དཔེ་སྟོན་གསར་གཏོད་དང་ལྗང་མདོག་བཟའ་བཅའི་སྤུས་རྟགས་གཏོད་རྒྱུ་ལ་ཟུང་འབྲེལ་བྱས་ཏེ། རྒུན་འབྲུམ་དང་། ཞོག་རྒོད། ཡུན་མུའུ་ཞང་། གུར་ཀུམ་སོགས་ཁྱད་ལྡན་ཐོན་རྫས་ཀྱི་བཟོ་སྣོན་ཞིབ་ཚགས་དང་སྤུས་རྟགས་ཁྱབ་གདལ་གཏོང་བར་ཤུགས་སྣོན་རྒྱབ་ནས་ཧུར་ཐག་སྒོས་ཕྱི་རོལ་དུ་རྐང་ཐང་མྱུལ་དཔྱད་དང་། ཀྲུང་ལུགས་སྨན་རྫས་ཀྱི་ལུས་ཟུངས་གསོ་བ། ནགས་ཚལ་ཁམས་གསོ། གཉེན་ཉེའི་ཞིབ་འཇུག་སློབ་སྦྱོང་སོགས་ཀྱི་ཡུལ་སྐོར་རྣམ་གྲངས་གསར་སྤེལ་བཏང་ནས་སྲོལ་རྒྱུན་གྱི་ལྟ་སྐོར་ཡུལ་སྐོར་ནས་ཁམས་གསོ་ཡུལ་སྐོར་དུ་སྒྱུར་བར་མངོན་གྱུར་བྱུང་བ།