རླངས་འཁོར་དུག་སེལ་ཇི་ལྟར་བྱ་དགོས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-09-27   རྩོམ་ཁུངས།    སེམས་ཀྱི་ཞིང་ཁམས།

        བོགས་གཏོང་རླངས་འཁོར་དང་དྲ་མངག་རླངས་འཁོར་དུག་སེལ།

        出租车,网约车消毒

        ༡ རྒྱུན་དུ་སྒེའུ་ཁུང་ཕྱེ་ནས་ཁ་རླུང་རྒྱུག་པར་བྱ་རྒྱུ་དེ་རླངས་འཁོར་གཙང་སེལ་དང་དུག་སེལ་བྱེད་པའི་འགག་རྩ་ཡིན། ཁ་ལོ་བས་འགྲུལ་པ་མེད་དུས་རླངས་འཁོར་གྱི་སྒེའུ་ཁུང་ཕྱེ་ནས། ཁ་རླུང་ནང་འཁོར་གྱི་རྣམ་པ་ཁ་ཕྱེ་དགོས་པར་མ་ཟད། དྲོད་སྙོམ་གྱི་རླུང་ཤུགས་ཆེ་ཤོས་དེ་གཏང་དགོས། དེ་ལྟར་བྱས་ཚེ་ཁ་རླུང་སོས་པ་དྲོད་སྙོམ་སྦུག་གུའི་ནང་འཛུལ་ནས། རླངས་འཁོར་གྱི་ཁ་རླུང་བརྗེ་བའི་ནུས་པ་བཟང་པོ་ཐོན་གྱི་ཡོད། དྲོད་སྙོམ་འཚག་ཆས་ནི་ཁ་རླུང་གཙང་བཟོའི་སྲུང་སྐྱོབ་དྲ་བ་ལྟ་བུ་ཡིན་པས་དུས་བཀག་ལྟར་བརྗེ་དགོས།

        1、日常车辆清洁消毒最重要的一点是开窗通风换气。建议司机在没有乘客的时候,打开车窗,启动内循环通风模式并把空调调到最大风量,这样可以让新鲜空气进入空调管内,达到车内换气效果。空调滤芯作为洁净空气的防护网,要定期更换。

        ༢  རླངས་འཁོར་གྱི་སྒོའི་ལག་འཇུ་དང་། ལག་སྐྱོར། རྐུབ་སྟེགས། ཉེན་ཟོན་ཐག་པ། ཁ་འཁོར། རྒྱུན་སྤྱོད་མཐེབ་གནོན། ཚད་ཁྲ། རྡང་། འཁོར་འགག་སོགས་ཉིན་ལྟར་ཕྱིས་ནས་དུག་སེལ་བྱ་དགོས་པར་མ་ཟད། རྐུབ་སྟེགས་ཀྱི་རྒྱབ་ཤ་གཟའ་འཁོར་རེར་ཐེངས་རེ་བཀྲུས་ནས་དུག་སེལ་བྱ་དགོས། དུས་མཚུངས། རླངས་འཁོར་ནང་གི་ཉིན་རེའི་གད་སྙིགས་དབྱུགས་ནས་གཙང་མ་དང་གྲལ་སྒྲིག་པོ་བཟོ་དགོས།

        2、重点对高频接触的车内物体表面进行每天擦拭消毒,比如:车内外门把手、扶手、座椅、安全带及其插口、方向盘、常用按钮、仪表盘、换挡杆、拉手和手刹等;以及前排座椅后表面,座椅表面等。建议每周把座椅套拆下来洗涤消毒。同时,司机每天要及时清理车内垃圾,保持车内整洁。

        ༣   ཁ་ལོ་བས་རླངས་འཁོར་ནང་ཆུ་གཏོར་དམ་བི་ཆུང་ཆུང་གཉིས་གྲ་སྒྲིག་བྱས་ཏེ། གཅིག་གི་ནང་ཁིལ་འདུས་དུག་སེལ་སྨན་ཆུ་༥༠༠mg/Lདང་གཞན་དེའི་ནང་ཆུ་ལྡུག་དགོས། བེད་སྤྱོད་བྱེད་སྐབས་སྔོན་ལ་ལག་ཤུབས་དང་ཁ་རས་སོགས་འགོག་སྲུང་དངོས་རྫས་གྱོན་པ་དང་། དེ་ནས་དུག་སེལ་སྨན་ཆུས་རློན་པ་བཟོས་པའི་ཐབ་ཕྱིས་ཕྱིས་ནས་སྐར་མ་༣༠རྗེས་སླར་ཡང་ཐབ་ཕྱིས་རློན་པས་འབྱི་དགོས། གལ་ཏེ་ཆུ་གཏོར་དམ་བི་མེད་ཚེ་དུག་སེལ་ལག་ཕྱིས་རློན་པས་ཚབ་བྱས་ན་འགྲིག 

        3、建议司机可以在车内准备两个小型喷壶。一个装有效氯含量为500mg/L的含氯消毒液,另一个装清水。使用时,司机要先戴好手套、口罩等防护用品,将消毒液喷湿抹布或浸泡抹布,再擦拭物体表面,作用30分钟。30分钟后,再用干净湿抹布擦拭。如果没有喷壶,也可以用消毒湿巾替代。

        ༤   དུག་སེལ་སྨན་ཆུ་བཟོ་དགོས་ཚེ་གསལ་བཤད་ཡི་གེ་ཞིབ་ཕྲ་བལྟ་དགོས། སྤྱིར་ན་ཁིལ་འདུས་ཚད་༥%ཡོད་པའི་༨༤དུག་སེལ་སྨན་ཆུར་མཚོན་ན། སྨན་ཆུ་བཟོ་དུས་ཆུ་ཧའོ་ཧྲེང༡༠༠ནང་༨༤དུག་སེལ་སྨན་ཆུ་ཧའོ་ཧྲེང་༡བསྲེས་དགོས།(རྩ་བའི་ཆ་ནས་དུག་སེལ་སྨན་ཆུ་ཁྱེམ་བུ་གང་དང་ཧའོ་ཧྲེང་༥༠༠ཡོད་པའི་གཏེར་ཆུ་དམ་བི་གང་སྡེབ་ན་འགྲིག་གི་ཡོད་) དེ་ལྟར་ཁིལ་འདུས་དུག་སེལ་སྨན་ཆུ་༥༠༠mg/Lབཟོས་པ་རེད། བཟོས་ཟིན་པའི་ཁིལ་འདུས་དུག་སེལ་སྨན་ཆུ་ཆུ་ཚོད་༢༤མ་ཡོལ་གོང་དུ་བེད་སྤྱོད་བྱ་དགོས།

        4、配制消毒液要仔细阅读说明书。通常情况下有效氯含量为5%的84消毒液为例,在配制的时候可以用100毫升的水,加入1毫升的84消毒液混匀使用(如大概1勺消毒液加入500ml的矿泉水瓶稀释),这样就能配出500mg/L有效氯含量的消毒液。配制好的含氯消毒液不要超过24小时,最好现配现用。

        ༥ དུག་སེལ་ཕྱིས་རས་རློན་པའི་ནང་ནུས་ལྡན་གྲུབ་ཆ་ཅི་ཨན་ཡན་དང་། དྲུན། ཁིལ་བཅས་འདུས་ཡོད། དངོས་པོ་ཆུང་ཙག་(ལག་འཇུ་དང་། རླངས་འཁོར་ནང་གི་མཐེབ་གནོན། ཉེན་ཟོན་ཐག་པ་སོགས་)དེ་ཚོ་དུག་སེལ་ཕྱིས་རས་རློན་པས་ཕྱིས་ན་འགྲིག 

        5、消毒湿巾的有效成分含季铵盐、含醇、含氯或含过氧化氢的都可选用。一些小物品(如门把手、车内按钮、安全带插口等)可用消毒湿巾擦拭消毒。

        ༦ དུས་རྒྱུན་རླངས་འཁོར་ནང་ཉིན་རེར་དུག་སེལ་ཐེངས་༢ནས་༣བར་བྱ་དགོས། འགྲུལ་པ་མང་དུས་དེ་བསྟུན་དུག་སེལ་གྱི་ཐེངས་གྲངས་མང་དུ་བཏང་ཆོག རླངས་འཁོར་ནང་འགྲུལ་པས་སྤྱོད་པའི་དུག་སེལ་སྨན་ཆུ་དང་དུག་སེལ་ལག་ཕྱིས་རློན་པ་གྲ་སྒྲིག་བྱ་དགོས།

        6、一般来说,日常车内消毒每天2至3次即可,如果客流量大可以适当增加消毒频次。车内也可提供手消毒液或消毒湿巾供乘客使用。

        སྤྱི་སྤྱོད་རླངས་འཁོར་གྱི་ནང་ངོས་དུག་སེལ།

        公交车的预防性消毒

        སྤྱི་སྤྱོད་རླངས་འཁོར་གྱི་ནང་ངོས་དུག་སེལ་དང་ཁ་རླུང་དུག་སེལ་གཉིས་ལ་སྔོན་འགོག་རང་བཞིན་གྱི་དུག་སེལ་བརྗོད་ཀྱི་ཡོད། དེ་རིང་ང་ཚོས་༥%ཡོད་པའི་༨༤དུག་སེལ་སྨན་ཆུས་སྤྱི་སྤྱོད་རླངས་འཁོར་ནང་སྔོན་འགོག་རང་བཞིན་གྱི་དུག་སེལ་བྱེད་སྟངས་བསླབ་རྒྱུ་ཡིན། སྔོན་ལ་ང་ཚོས་དུག་སེལ་བྱེད་སྐབས་དགོས་ངེས་ཅ་ལག་ཁག་ཅིག་གྲ་སྒྲིག་བྱ་དགོས། ༥%ཡོད་པའི་༨༤དུག་སེལ་སྨན་ཆུ་དང་ཆུའི་བསྡུར་གྲངས་༡བསྡུར་༡༠༠ཡི་ཐོག་ནས་མཉམ་དུ་བསྲེས་རྗེས། ག་ལེར་དཀྲུག་དཀྲུག་གཏང་ན་འགྲིག གྲ་སྒྲིག་ཟིན་པའི་དུག་སེལ་སྨན་ཆུ་སའི་ངོས་དང་སྙིགས་སྣོད་ཀྱི་ཕྱི་ནང་གཉིས་ཀར་གཏོར་དགོས་པ་དང་། རླངས་འཁོར་ནང་གི་སྒེའུ་ཁུང་དང་། ལག་འཇུ། དངུལ་བླུག་ས། ཁ་འཁོར། ལག་སྐྱོར། རྐུབ་སྟེགས་སོགས་ཕྱིས་ནས་སྐར་མ་༣༠རྗེས། གཙང་མར་བཀྲུས་པའི་ཐབ་ཕྱིས་ཀྱིས་སའི་ངོས་དང་རྐུབ་སྟེགས་སོགས་འབྱི་དགོས། སྤྱི་སྤྱོད་རླངས་འཁོར་ནང་གི་ཁ་རླུང་ལ་དུག་སེལ་བྱ་དགོས་པ་དང་། དྲོད་སྙོམ་ཡོ་ཆས་མེད་ཚེ་རླངས་འཁོར་གྱི་སྒེའུ་ཁུང་ཕྱེ་དགོས། དྲོད་སྙོམ་ཡོ་ཆས་ལ་གཟའ་འཁོར་རེར་ཐེངས་རེ་དུག་སེལ་བྱ་དགོས་པ་དང་། དུག་སེལ་སྨན་ཆུའི་ནང་སྦངས་ནས་སྐར་མ་༣༠སོང་རྗེས་ཆུ་བཤལ་བཏང་སྟེ་གྲིབ་མའི་ནང་སྐམ་ནས་བེད་སྤྱོད་བྱ་དགོས།

        公交车的预防性消毒主要包括车内物体表面消毒和空气消毒。今天我们选用市面上最易买到的5%的84消毒液,来为大家演示怎样对公交车进行预防性消毒,需要准备的物品有:5%的84消毒液、量筒、水桶、抹布和手套,喷壶和拖布。对于公交车的预防性消毒配制有效氯含量为500mg/L的84消毒液即可。配制方法如下:用5%的84消毒液和水,按照1:100的比列稀释,轻轻搅拌均匀即可。用配制好的消毒液喷洒地面,喷洒垃圾桶的内外表面,擦拭车内物体表面,擦拭门窗把手,检票口,方向盘,扶手,拉手,椅背,车身内壁等,作用30分钟后再次用清水冲洗干净的拖布和抹布擦拭地面和消毒过的物体表面。公交车内空气消毒,无空调的车应该开窗通风,有空调的车在到达终点后开窗通风,对空调滤网应每周清洁消毒一次,浸泡于有效氯含量为500mg/L的84消毒液中,30分钟后再用清水冲洗干净,晾干后备用。

        སྒེར་གྱི་རླངས་འཁོར་གྱི་དུག་སེལ།

        私家车的日常预防消毒处理

        སྒེར་གྱི་རླངས་འཁོར་ལ་དམིགས་བསལ་གྱི་དུག་སེལ་བྱ་མི་དགོས་པར། ས་རྒྱ་ཆེ་ས་ཞིག་ཏུ་སྒེའུ་ཁུང་ཕྱེ་ནས་རླུང་རྒྱུག་པར་འཇུག་དགོས། སྒེའུ་ཁུང་ཕྱེ་དུས་རླངས་འཁོར་ཕྱི་ནང་གི་དྲོ་ཚད་ཧེ་བག་ཆེ་བས་ཆམ་པ་རྒྱག་པའི་ཉེན་ཁ་ཡོད། ས་འོག་རླངས་འཁོར་འཇོག་ས་སོགས་ཁ་དབུགས་དོག་པའི་ཁོར་ཡུག་ཏུ་རླངས་འཁོར་སྒེའུ་ཁུང་བརྒྱག་དགོས་ཤིང་། དྲོད་སྙོམ་ཡོ་ཆས་ནང་འཁོར་ཕྱེ་ནས་རླུང་རྒྱུག་ཏུ་འཇུག་དགོས། ཆ་རྐྱེན་ཡོད་མཁན་ཚོས་རླངས་འཁོར་ནང་དུག་སེལ་སྨན་ཆུ་དང་དུག་སེལ་ལག་ཕྱིས་རློན་པ་གྲ་སྒྲིག་བྱ་དགོས། སྤྱི་པའི་འདུ་འཛོམས་ཁུལ་དུ་ཕྱིར་རླངས་འཁོར་ནང་ལོག་རྗེས་དུག་སེལ་སྨན་ཆུས་ལག་པ་དུག་སེལ་བྱ་དགོས་པ་དང་། རླངས་འཁོར་ནང་མཉམ་དུ་དགའ་ཉེ་སྤུན་མཆེད་ཡོད་ཚེ་ཁ་རས་བརྒྱག་དགོས་ལ། ཕན་ཚུན་བར་ཐག་ངེས་ཅན་འཇོག་དགོས། སྒེའུ་ཁུང་འོས་འཚམ་ཕྱེ་ནས་རླུང་རྒྱུག་དུ་འཇུག་དགོས་པར་མ་ཟད། རླངས་འཁོར་གྱི་ལག་འཇུ་དང་། ཁ་འཁོར། སྒེའུ་ཁུང་། རྐུབ་སྟེགས་སོགས་ལ་ལག་ཤུབས་གྱོན་ནས་དུག་སེལ་ཕྱིས་རས་རློན་པས་འབྱི་དགོས། ད་དུང་། དུག་སེལ་ཕྱིས་རས་རློན་པ་ཁ་ཕྱེ་སྐབས་མགོ་རྟིང་སློག་རྒྱུ་མེད། དུག་སེལ་ཕྱིས་རས་རློན་པ་མེད་ཚེ། ༨༤དུག་སེལ་སྨན་ཆུ་སྡེབ་སྦྱོར་བྱས་ནས་དུག་སེལ་བྱ་དགོས།

        一般情况下私家车不需要进行特别的消毒处理,在空旷的场所做好开窗通风,开窗的时候需要注意车内外的温差大而引起感冒,处于地下停车场等密闭环境,建议关闭车窗,打开空调内循环的方式进行通风,有条件的情况下,车内可配备两种消毒神器,一个是速干手消毒液,另一个是消毒湿巾,人员进入公共场所返回车辆后,建议先用手消毒清洗剂进行手部清洗消毒,有亲友搭乘时建议均佩戴医用外科口罩,同车人员之间尽量保持距离,适度的开窗通风,搭乘后要及时开窗通风,并对相关物体表面,如车门把手,方向盘,车窗、座椅等进行消毒,可使用含季铵盐的消毒湿巾进行擦拭,擦拭时建议佩戴手套,还要注意消毒湿巾在开封后封口朝上,不要倒置,在没有消毒湿巾的情况下,也可以使用配制的84消毒液进行擦拭消毒。

        ཡིད་གཟབ་བྱ་དགོས་པའི་ནང་དོན།注意!

        ༡ ཨ་རག་ཉིང་ཁུའི་དུག་སེལ་སྨན་རྫས་སྤྱད་དེ་རླངས་འཁོར་ནང་དུག་སེལ་རྩ་བ་ནས་བྱེད་མི་རུང་། ཨ་རག་ཉིང་ཁུས་མེ་སྐྱོན་ཡོང་བའི་ཉེན་ཁ་ཡོད་ལ། རླངས་འཁོར་ནང་ཨ་རག་ཉིང་ཁུ་མི་འཕྲོད་མཁན་ཡོད་ཚེ་མི་འཕྲོད་པའི་ནད་རྟགས་ཐོན་པའི་ཉེན་ཁ་ཡོད།

        1、需要强调的是,大家千万不要用含酒精的消毒剂来进行车内喷洒消毒,酒精存在一定的危险性,可能会起火,如果您或者是乘客对酒精过敏,也存在着导致过敏症状出现。

        ༢  སྤྱི་སྤྱོད་འགྲིམ་འགྲུལ་ཡོ་ཆས་ནང་དོགས་ཡོད་ནད་པ་དང་། གཏན་འཁེལ་ནད་པ། ནད་རྟགས་མེད་པའི་ནད་པ་ཐོན་ཚེ། ཡུལ་དེའི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་ཁུངས་ཀྱི་མཛུབ་སྟོན་འོག སྔོན་ལ་སྦགས་བཙོག་གི་ཚད་གཞི་དཔྱད་དཔོག་བྱ་དགོས། སྦགས་བཙོག་མེད་པ་ཤེས་རྗེས། ཁིལ་འདུས་དུག་སེལ་སྨན་རྫས་སམ་དབྱང་གཉིས་ཁི་འགྱུར་དུག་སེལ་སྨན་རྫས་ཀྱིས་དུག་སེལ་བྱ་དགོས། སྐར་མ་༣༠རྗེས་ཆུས་རློན་པ་བཟོས་ནས་གཙང་མ་འཕྱི་བའམ་གཞན་གྱི་ནུས་ལྡན་དུག་སེལ་སྨན་རྫས་ཀྱིས་གསལ་བཤད་གཞིར་བཟུང་དུག་སེལ་བྱ་དགོས། གལ་ཏེ་སྦགས་བཙོག་དངོས་པོ་ཡོད་ཚེ། སྔོན་ལ་ཆིག་སྤྱོད་ཆུ་འཐེན་རྒྱུ་ཆར་ཁིས་འདུས་དུག་སེལ་སྨན་རྫས་བླུག་ནས་ནས་དུག་སེལ་བྱ་དགོས། སྦགས་བཙོག་གཙང་སེལ་ཚར་རྗེས། ཁི་འདུས་དུག་སེལ་སྨན་རྫས་སམ་དབྱང་གཉིས་ཁི་འགྱུར་དུག་སེལ་སྨན་རྫས་གཏོར་བའམ་འཕྱིས་ནས་དུག་སེལ་བྱ་དགོས། སྐར་མ་༣༠རྗེས་ཆུས་རློན་པ་བཟོས་ནས་གཙང་མ་འཕྱི་བའམ་གཞན་གྱི་ནུས་ལྡན་དུག་སེལ་སྨན་རྫས་ཀྱིས་གསལ་བཤད་གཞིར་བཟུང་དུག་སེལ་བྱ་དགོས།

        2、当公共交通工具上出现疑似、确诊病例或无症状感染者时,在当地疾病预防控制机构指导下,先进行污染情况评估。无可见污染物时,用有效氯1000mg/L的含氯消毒剂或 500mg/L的二氧化氯消毒剂进行喷洒或擦拭消毒,作用30分钟后清水擦拭干净,或用其他有效的消毒剂按照产品说明书进行消毒。有可见污染物时应当先使用一次性吸水材料加有效氯5000mg/L-10000mg/L的含氯消毒剂(或能达到高水平消毒的消毒巾)进行覆盖消毒,完全清除污染物后,再用有效氯1000mg/L的含氯消毒剂或500mg/L的二氧化氯消毒剂进行喷洒或擦拭消毒,作用30分钟后清水擦拭干净,或用其他有效的消毒剂按照产品说明书进行消毒。

        དོགས་ཡོད་ནད་པ། དང་གཏན་འཁེལ་ནད་པ། ནད་རྟགས་མེད་པའི་ནད་པའི་སྤྱི་སྤྱོད་འགྲིམ་འགྲུལ་ཡོ་ཆས་ནང་གི་འཚོ་བའི་གད་སྙིགས་ཚང་མ་སྨན་རྫས་སྙིགས་རོ་གཞིར་བཟུང་གཙང་བཟོ་བྱ་རྒྱུ།

        疑似、确诊病例和无症状感染者在公共交通工具上产生的生活垃圾,均按医疗废物处理。