བདེ་ཆེན་གྱིས་ཞིང་ཆེན་མི་རིཊ་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ཐོག་གྲུབ་འབྲས་ཡག་པོ་བླངས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-09-29   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ཟླ་9པའི་ཚེས་26ཉིན།  ཡུན་ནན་ཞིང་ཆེན་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པ་ས་དམ་ནས་མཇུག་སྒྲིལ་ཞིང་།  བདེ་ཆེན་ཁུལ་ལ་གསེར་གྱི་རྟགས་མ་21དང་ཨང་གཉིས་པའི་བྱ་དགའ45  ཨང་གསུམ་པའི་བྱ་དགའ27བཅས་ཀྱི་གྲུབ་འབྲས་ཐོབ་པ་རེད།

        ཟླ6པའི་ཚེས་9ཉིན་ནས་སྐབས་འདིའི་ལུས་རྩལ་འགྲན་ཚོགས་ཀྱི་དུས་རིམ་དང་པོའི་འགྲན་བསྡུར་འགོ་ཚུགས་པ་ནས་བཟུང་།  རང་ཁུལ་གྱིས་གཞུ་འཕེན་པའི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ཏེ་གསེར་གྱི་རྟགས་མ་5དང་ཨང་གཉིས་པའི་བྱ་དགའ་11 ཨང་གསུམ་པའི་བྱ་དགའ་9ཡི་གྲུབ་འབྲས་བླངས་པ་མ་ཟད།  ལུས་རྩལ་པ་བློ་གྲུབ་ལ་གཞུའི་རྒྱལ་པོ་ཞེས་པའི་མཚན་སྙན་ཐོབ་པ་རེད།


        དུས་རིམ་གསུམ་པའི་འགྲན་བསྡུར་བྱེད་རིང་།རང་ཁུལ་གྱི་འཁྲབ་སྟོན་རྣམ་གྲངས་དག་བརྗོད་བྱའི་གཙོ་བོ་འདེམས་པ་དང་ཞབས་བྲོའི་སྒྲིག་གཞི། དེ་བཞིན་འཁྲབ་སྟོན་པའི་མཚོན་ནུས་བཅས་ཕྱོགས་གང་ཞིག་ཡིན་རུང་ཚད་མཐོའི་གདེང་འཇོག་ཐོབ་ཡོད།  འགོ་ཚུགས་མཛད་སྒོའི་ཐོག་གིས་བཅའ་སྡོད་འཁྲབ་སྟོན་དང་།  ཕྱོགས་བསྡོམས་རིགས།  རྩལ་འགྲན་རིགས།  ཐབས་རྩལ་རིགས་བཅས་རྣམ་གྲངས་ཆུང་ངུ་བཞིའི་འགྲན་བསྡུར་ཁྲོད་གསེར་གྱི་རྟགས་མ་3དང་ཨང་གཉིས་པའི་བྱ་དགའ་1ཐོབ་ཡོད་པ་དང་།  མི་རིགས་ལུས་སྦྱོང་རྣམ་གྲངས་ཁྲོད་ཨང་གསུམ་པའི་བྱ་དགའ་3ཐོབ་ཡོད།   དུས་ཡུན་ཉིན་བཞི་རིང་གི་མི་རིགས་རྟ་རྩལ་འགྲན་བསྡུར་ཁྲོད་རང་ཁུལ་གྱིས་གསེར་གྱི་རྟགས་མ་13དང་ཨང་གཉིས་པའི་བྱ་དགའ་33 ཨང་གསུམ་པའི་བྱ་དགའ་15བླངས་ནས་བདེ་ཆེན་མི་དམངས་ཀྱི་སྤྲོ་སྣང་དང་དཔའ་ངར་ལྡན་ཞིང་དཀའ་ངལ་ལ་མི་སྐྲག་བའི་བསམ་པའི་ཉམས་འགྱུར་གང་ལེགས་མངོན་ཡོད་པ་དང་མི་རིགས་ཀྱི་རིག་གནས་དར་སྤེལ་གང་ལེགས་བཏང་ཡོད་པ་རེད།   དེ་མིན།   རང་ཁུལ་གྱི་འཐུས་མི་ཚོགས་པ་ལ་ད་དུང་ཚོགས་པའི་ཕུལ་བྱུང་རྩ་འཛུགས་བྱ་དགའ་དང་ལུས་རྩལ་ཀུན་སྤྱོད་དར་སྲོལ་བྱ་དགའ་སོགས་ཐོབ་པ་རེད།