རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-10-10   རྩོམ་ཁུངས།    中国藏文广播CNR
ཉིན་ཤས་གོང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《སྲིད་དོན་ཞབས་ཞུ“ཞིང་ཆེན་བརྒལ་ནས་སྒྲུབ་པའི”ཁྱབ་ཁོངས་རྒྱ་ཇེ་ཆེར་བཏང་སྟེ་ཞབས་ཞུའི་ཕན་ནུས་སྔར་བས་ཇེ་ཆེར་གཏོང་རྒྱུའི་སྐོར་གྱི་བསམ་འཆར》(གཤམ་དུ《བསམ་འཆར》ཞེས་བསྡུ་རྒྱུ)པར་འགྲེམས་བྱས་པ་རེད།
《བསམ་འཆར》ནང་དུ། དགོས་མཁོ་ཆེ་བ་དང་། ཁྱབ་རྒྱ་ཆེ་བ། སྒྲུབ་ཐེངས་མང་བ་བཅས་ཀྱི་རྩ་དོན་གཞིར་བཟུང་ནས། ས་ཆ་གཞན་ནས་གློག་རྡུལ་ཁྲལ་དངུལ་སྤྲོད་པ་དང་། ཁྲལ་བསྡུའི་ཁྲལ་འཇལ་དཔང་ཡིག་ལེན་པ། ལས་ཁུངས་ཀྱི་སྤྱི་ཚོགས་འགན་བཅོལ་གྲོན་དངུལ་གྱི་ཡིག་ཐོག་སྙན་ཞུ་བྱེད་པ། གནས་སྐབས་ཡུལ་མིའི་ཐོབ་ཐང་ལག་ཁྱེར་གཉེར་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མི་རྒན་གསོ་འགན་བཅོལ་ནང་ཞུགས་པའི་ཐོ་འགོད་དང་ཐོབ་ཐང་རེ་ཞུ་བྱེད་པ་སོགས་སྲིད་དོན་ཞབས་ཞུ“ཞིང་ཆེན་བརྒལ་ནས་སྒྲུབ་པའི”དོན་ཚན་22ཇེ་མང་དུ་བཏང་ཡོད།
ཟུར་བཀོད། རྒྱལ་ཡོངས་སྲིད་དོན་ཞབས་ཞུ“ཞིང་ཆེན་བརྒལ་ནས་སྒྲུབ་པའི”གསར་སྣོན་ལས་འགན་གསལ་ཐོ།