གྲོང་གསེབ་ཡུལ་སྐོར་ལ་ཡུལ་སྐོར་བའི་དགའ་བསུ་ཐོབ་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-10-10   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        རྒྱལ་སྟོན་རིང་རང་ཁུལ་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཡུལ་སྐོར་འཕེལ་རྒྱས་ཀྱི་ལས་དོན་གཅིག་གྱུར་འཆར་འགོད་ཡག་པོ་བྱས་ཏེ་ཁུལ་ཡོངས་ཀྱི་གུང་གསེང་ཡུལ་སྐོར་ཁྲོམ་རའི་སྤྱི་ཡོངས་ཀྱི་འཁོར་སྐྱོད་བརྟན་པོ་གོ་རིམ་ལྡན་པ་རེད།

        རྒྱལ་སྟོན་དུས་ཆེན་གྱི་གུང་གསེང་རིང་ཁུལ་ཡོངས་ཀྱིས་ཡུལ་སྐོར་བར་སྣེ་ལེན་ཞུ་མང་ཤོས་ཀྱི་ཡུལ་སྐོར་ལྗོངས་ཁུལ་ནི་སྟག་མཆོང་གྲོག་རོང་ལྗོངས་ཁུལ་དང་། སུམ་རྩེན་གླིང་ལྗོངས་ཁུལ་སོགས་ཡིན། སྲིད་གཞུང་གིས་ས་གནས་ས་ཐོག་ཏུ་དུས་ཆེན་གཏོང་རྒྱུ་དར་སྤེལ་བཏང་བའི་དབང་གིས་ས་གནས་དེ་གའི་ཡུལ་སྐོར་དང་མཐའ་འཁོར་གྱི་ཡུལ་སྐོར་དེ་ཞིང་ཆེན་ནང་ཁུལ་དང་ཁུལ་ནང་གི་ཡུལ་སྐོར་བ་ཡུལ་སྐོར་དུ་འགྲོ་བའི་གདམ་ག་དང་པོར་གྱུར་པ་དང་རང་གིས་རླངས་འཁོར་བཏང་ནས་ཡུལ་སྐོར་དུ་འགྲོ་རྒྱུ་དེ་ཡུལ་སྐོར་བ་ཕྱིར་སྐྱོད་བྱེད་སྟངས་གཙོ་བོར་གྱུར་ནས་འབའ་ལུང་རྫོང་མཐའ་ཆུ་གྲོང་རྡལ་གྱིས་མཚོན་པའི་གྲོང་གསེབ་ཀྱི་གུང་གསེང་ཡུལ་སྐོར་དེ་ཁུལ་ཡོངས་ཀྱི་ཡུལ་སྐོར་གྱི་བཀྲག་མདངས་འཚེར་ས་གསར་པ་ཞིག་ཏུ་གྱུར་ཡོད།

        འབའ་ལུང་རྫོང་རིག་གནས་ཡུལ་སྐོར་ཅུས་ཀྱི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན་དུས་ཆེན་གོང་མཐའ་ཆུ་གྲོང་རྡལ་གྱི་དམངས་སྲོལ་གནས་ཚང་སྔོན་བཀོད་ཁེངས་པ་དང་ཡུལ་སྐོར་བ་མང་པོ་ཞིག་གིས་གུང་གསེང་རིང་ས་གནས་དེ་གར་ཞིང་སྡེའི་མཛེས་ལྗོངས་དང་དམངས་སྲོལ་གོམས་གཤིས་ཉམས་སུ་མྱོང་བར་འགྲོ་རྒྱུའི་གདམ་ག་བྱེད་ཀྱི་ཡོད། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ནས་ཡོང་བའི་མཁྱེན་ལྡན་མ་ཧོ་ཅེ་ཡིས་རྒྱལ་སྟོན་ནི་སྟོན་བསྡུའི་དུས་ཚིགས་ཡིན་པས་ཕྲུ་གུ་ཁྲིད་དེ་མཐའ་ཆུར་བསྐྱོད་ཚེ་མཛེས་སྡུག་ལྡན་པའི་རང་བྱུང་མཛེས་ལྗོངས་ལ་ལྟ་ཐུབ་པ་དང་འབྲས་ཞིང་ཉ་སོགས་ཁྱད་ཐོན་དངོས་རྫས་ཀྱི་བྲོ་བ་མྱོང་ཐུབ་པ། ཉེ་འགྲམ་དུ་ད་དུང་ཏན་སྤྲེའུ་སྤུ་སེར་རྒྱལ་ཁབ་སྤྱི་གླིང་དུ་ཕྲུ་གུ་ཡུལ་སྐོར་དུ་འགྲོ་རྒྱུར་འཚམ་པ་དང་མི་རྒན་གྲས་ཚོས་ད་དུང་གྲོང་ཚོར་ཨ་རག་འཐུང་བར་འགྲོ་ཐུབ་ལ་དགོང་མོ་ད་དུང་དམངས་སྲོལ་གླུ་གར་འཁྲབ་སྟོན་ལ་ལྟ་ཐུབ་པས་ཉིན་ཁ་ཤས་ཀྱི་བགྲོད་ལམ་ཚང་མ་བཀོད་སྒྲིག་གཏམས་པ་ནང་མིའི་སྤྲོ་གསེང་གཏོང་བ་ཧ་ཅང་འཚམ་པའི་ལུས་སེམས་གཉིས་ཀ་ལྷོད་ལ་བབས་པའི་ཚོར་བ་བྱུང་།

        རྒྱལ་སྟོན་རིང་ཁུལ་ཡོངས་ཀྱི་རིག་གནས་ཡུལ་སྐོར་ཁོངས་གཏོགས་ཀྱིས་ལས་རེས་དང་ལས་རེས་སྲུང་བའི་ལམ་ལུགས་ཁག་དོན་འཁྱོལ་ནན་པོ་བྱས་པ་དང་དུས་ཆེན་གོང་དང་དུས་ཆེན་རིང་ཁུལ་རིག་གནས་ཡུལ་སྐོར་ཅུས་ཀྱིས་ད་དུང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཆེད་དོན་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས་ནས་ཁུལ་ཡོངས་ཀྱི་ལྗོངས་ཁུལ་དང་ཡུལ་སྐོར་ལས་རིགས་གཉེར་སྐྱོང་ཚན་པར་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྲིད་ཇུས་དོན་འཁྱོལ་ནན་པོ་བྱས་ཏེ་ཡུལ་སྐོར་བའི་ཡུལ་སྐོར་བདེ་འཇགས་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། ཁུལ་ཡུལ་སྐོར་ཁྲིམས་འཛིན་ཉིང་ལག་རུ་ཁག་གིས་ད་དུང་སྤྱི་བདེ་དང་ཁྲོམ་རའི་ལྟ་སྐུལ་དོ་དམ། འགྲིམ་འགྲུལ་སྐྱེལ་སྲིད་སོགས་སྡེ་ཚན་གྱིས་མཉམ་འབྲེལ་ཁྲིམས་འཛིན་བྱས་ཏེ་ཁུལ་ཡོངས་ཀྱིས་ཡུལ་སྐོར་བའི་ཚོང་ཟོག་ཕྱིར་སློག93བདག་སྤྲོད་བྱས་པ་དང་ཕྱིར་སློག་དང་འབྲེལ་བ་ཡོད་པའི་དངུལ་འབོར་སྒོར283475ཟིན་ནས་ཡུལ་སྐོར་བའི་ཁྲིམས་མཐུན་ཁེ་དབང་འགན་ལེན་བྱས་པ་རེད།