བདེ་ཆེན་ཁུལ་མི་རིགས་སློབ་འབྲིང་གི་སློབ་མ53ལ་རོགས་སྐྱོར་ཐོབ་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-10-12   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ཉེ་ཆར། ཁྱིམ་ཚང་གི་དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་སློབ་མ་53ལས་གྲུབ་པའི་བདེ་ཆེན་ཁུལ་མི་རིགས་སློབ་འབྲིང་གི2022ལོའི་ཐེང་ཞུན་གཅེས་སེམས་དྲ་གྲོགས་ཀྱི་མུ་ཏིག་འཛིན་གྲྭ་ཞེས་པ་དངོས་སུ་སློབ་འགོ་ཚུགས་ཡོད་ཅིང་།   འོས་འགན་སློབ་གསོའི་དུས་རིམ་དུ་ཀྲུང་གོའི་དཔལ་འབྱོར་གྱི་འཕེལ་རྒྱས་ཞན་པའི་ས་ཁུལ་གྱི་ཁྱིམ་ཚང་གི་གནས་ཚུལ་ལྟོས་བཅས་ཀྱི་དཀའ་ངལ་ཆེ་བ་དང་། སྤྱོད་ཡོན་གཉིས་ལྡན་གྱི་སློབ་མ་རྣམས་ལ་སློབ་གསོ་མྱོང་དུ་འཇུག་པའི་ཆེད་དུ། ཀྲེ་ཅང་ཞིང་ཆེན་ཤིན་ཧྭ་གཅེས་སེམས་སློབ་གསོའི་ཐེབས་རྩ་ལྷན་ཚོགས་ཀྱིས་2004ལོར་མུ་ཏིག་སྒྲུག་པའི་འཆར་གཞི་ཞེས་པའི་རྣམ་གྲངས་བཏོན་ནས་རྒྱལ་ནང་གི་དམའ་རིམ་དང་མཐོ་རིམ་སློབ་འབྲིང་གི་སློབ་གྲྭ་དང་མཉམ་ལས་བྱས་ཏེ་སློབ་མ་40ནས་50ལས་གྲུབ་པའི་མུ་ཏིག་འཛིན་གྲྭ་ཞེས་པ་བཙུགས་པ་དང་མཉམ་ལས་སློབ་གྲྭས་སློབ་གྲྭར་ལོ་གསུམ་སྡོད་པའི་སློབ་ཡོན་དང་ཉལ་ཁང་གི་རིན་པ་རྩ་ཆག་བཏང་བ་དང་ཐེབས་རྩ་ལྷན་ཚོགས་ཀྱིས་གཅེས་སེམས་མི་སྣའི་ཞལ་འདེབས་བརྒྱུད་ལོ་ལྟར་སྒོར་2500ཡི་འཚོ་བའི་ཁ་གསབ་སྤྲོད་ཀྱི་ཡོད་པ་རེད།

         ཁུལ་མི་རིགས་སློབ་འབྲིང་གིས་2013ལོ་ནས་བཟུང་ཀྲེ་ཅང་ཞིང་ཆེན་ཤིན་ཧྭ་གཅེས་སེམས་སློབ་གསོའི་ཐེབས་རྩ་ལྷན་ཚོགས་དང་མཉམ་ལས་བྱས་ནས་མུ་ཏིག་སྒྲུག་པའི་འཆར་གཞི་ཞེས་པའི་རྣམ་གྲངས་འདི་ལག་ལེན་དུ་བསྟར་ནས་ད་ལྟའི་བར་དུ་ལོ་ངོ9ཕྱིན་ཡོད་ཅིང་། ཁྱོན་བསྡོམས་བདེ་ཆེན་ཁུལ་གྱི་དཀའ་ངལ་ཡོད་པའི་སློབ་མ་458ལ་རོགས་དངུལ་སྒོར་3435000གནང་ནས་གཅེས་སེམས་མཚོན་པར་བྱས་ཡོད།