ནོར་གྱི་འོ་མ་དང་ར་མའི་འོ་མ རྒོད་མའི་འོ་མ་སོཊ་ལ་ཁྱད་པར་ཅི་ཡོད

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-10-27   རྩོམ་ཁུངས།    འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། 

        འཚོ་བའི་ཆུ་ཚོད་ཇེ་བཟང་དུ་ཕྱིན་པ་དང་བསྟུན་ནས། མི་ཚང་མས་འོ་མའི་འཚོ་བཅུད་ཀྱི་སྐོར་ལ་མཐོང་ཆེན་བྱེད་བཞིན་ཡོད་ལ། ཁྲོམ་རའི་ནང་དུའང་ཐོག་མའི་ནོར་གྱི་འོ་མ་ནས་ད་ལྟར་ར་མའི་འོ་མ་དང་རྒོད་མའི་འོ་མ། རྔ་མོང་གི་འོ་མ་སོགས་རིགས་མང་པོ་བཙོང་རྒྱུ་ཡོད།

        དེ་ན། དོན་ངོ་མར་འོ་མའི་རིགས་གང་གི་འཚོ་བཅུད་ཆེས་ལེགས་པ་ཡིན་ནམ་ཞེ་ན། དེ་རིང་། ང་ཚོས་མཉམ་དུ་རྒྱུས་ལོན་ཐེངས་ཤིག་བྱེད།

གཅིག ནོར་གྱི་འོ་མ་དང་ར་མའི་འོ་མ། རྒོད་མའི་འོ་མ་སོགས་ཀྱི་ཁྱད་པར།

ཀ ནོར་གྱི་འོ་མ།

        ནོར་གྱི་འོ་མའི་ནང་ན་མི་ལུས་ལ་ངེས་པར་དུ་མཁོ་བའི་འཚོ་བཅུད་སྣ་ཚོགས་ཡོད་ཅིང་། དཔེར་ན་འོ་མའི་མངར་ཆ(乳糖)དང་སྤྲི་དཀར་སྤུས་ལེགས།(优质蛋白质) ལྷན་སྐྱེས་ཀལ་རྒྱུ།(天然钙质) ཕན་ལྡན་ཚིལ་སྐྱུར།(有益脂肪酸) འཚོ་བཅུད་ཞུ་གཤིས་ཅན(脂溶性维生素)སོགས་ལྟ་བུའོ།། ནོར་གྱི་འོ་མ་དང་དེའི་ཐོན་རྫས་ཀྱི་རྒྱུ་ཆ་མ་འདྲ་ན། འཚོ་བཅུད་ཀྱི་འདུས་ཚད་ཀྱང་མི་འདྲ་བ་ཡིན།

ཁ ར་མའི་འོ་མ།

        འདིའི་གྲུབ་ཆ་ནི་ནོར་གྱི་འོ་མ་དང་འདྲ་ན་ཡང་། སྤྲི་དཀར་དང་ཚིལ་གྱི་འདུས་ཚད་ནི་ནོར་གྱི་འོ་མ་ལས་མཐོ་བ་དང་། ཚིལ་གྱི་རྡུལ་རིལ་ནི་མིའི་འོ་མ་དང་ཉེ་སྟབས། ཕྲུ་གུའི་འཐུང་ན་ཅུང་ལེགས་པ་ཡིན། འོན་ཀྱང་། ར་མའི་འོ་མ་འཐུང་དུས། ངེས་པར་དུ་གོང་གསལ་གྱི་འཚོ་བཅུད་རིགས་ཁ་གསབ་བྱ་དགོས།

ག རྒོད་མའི་འོ་མ་དང་བོང་མའི་འོ་མ།

        འདི་གཉིས་ཀྱི་འཚོ་བཅུད་འདུས་ཚད་འདྲ་ལ། ནང་གི་སྤྲི་དཀར་དང་ཚིལ་གྱི་འདུས་ཚད་ཉུང་བར་མ་ཟད། རྡུལ་རིལ་ཅུང་ཆུང་ལ་འཇུ་ཡང་སླ་སྟབས། ཕོ་བའི་འཇུ་ནུས་མི་ལེགས་པའི་ཕྲུ་གུ་ཡིས་དུས་ཡུན་ཐུང་ངུའི་ནང་ལ་འཐུང་ན་ཆོག ཡིན་ནའང་། ཡུན་རིང་ལ་འཐུང་མི་རུང་།

ང རྔ་མོང་གི་འོ་མ།

        འཚོ་བཅུད་ཀྱི་གྲུབ་ཆའི་ཕྱོགས་ནས་ནོར་གྱི་འོ་མ་དང་ཁྱད་པར་ཆེན་པོ་མེད་ལ། སྤྲི་དཀར་དང་ཀལ་གྱི་འདུས་ཚད་ཅུང་མཐོ་བ་དང་། འོ་མའི་མངར་ཆ་དང་ཚིལ་གྱི་འདུས་ཚད་ཧ་ཅང་དམའ། ཡིན་ནའང་། ནཱ(钠)དང་ལྕགས(铁)ཀྱི་འདུས་ཚད་མཐོ་སྟབས། འཐུང་ན་ཚྭ་བྲོ་བ་ཡིན།

གཉིས། ལོ་ཚོད་མི་འདྲ་བའི་མི་ཡིས་འོ་མའི་རིགས་ཇི་ལྟར་གདམ་དགོས་སམ།

ཀ མི་དར་མ་དང་བྱིས་པའི་རིགས།

        ཚིལ་འཛོམས་ནོར་གྱི་འོ་མ(全脂牛奶)འཐུང་ན་བཟང་བ་ཡིན། དེའི་ནང་དུ་ནོར་གྱི་འོ་མའི་ནང་གི་འཚོ་བཅུད་མང་ཤོས་ཡོད་ལ། ལྷག་པར་དུ་འཚོ་བཅུདAདང་འཚོ་བཅུདD འཚོ་བཅུདE འཚོ་བཅུདK ཀལ་བཅས་ཡོད། འདི་ནང་གི་ཀལ་རྒྱུ་འདི་མི་ལུས་ཀྱིས་འཇུ་ལེན་བྱེད་སླ་བ་ཡིན།

ཁ ཕྲུ་གུའི་རིགས།

        ལོ་གཅིག་གི་མན་ཡིན་ན། ཨ་མའི་འོ་མ་འཐུང་རྒྱུ་གཙོ་བོ་བྱེད་པ་དང་། ལོ་གཅིག་ལས་བརྒལ་ན། སྡེབ་སྦྱོར་བྱས་པའི་འོ་ཕྱེ་རིགས(配方奶粉)འཐུང་ན་ཆོག གལ་ཏེ། ཕྲུ་གུའི་འཇུ་ནུས་དང་ལུས་སྟོབས་ཞན་པ་ཡིན་ན། ར་མའི་འོ་མ་འཐུང་ཡང་ཆོག ཡིན་ནའང་འཚོ་བཅུད་གཞན་པའི་རིགས་ཁ་གསབ་བྱ་དགོས།

ག འོ་མའི་མངར་ཆ་འཐུང་མི་རུང་བའི་རིགས།

        འོ་མའི་མངར་ཆ་ཡི་འདུས་ཚད་ཉུང་བའི་རིགས་འཐུང་ན་ཆོག་ལ། དཔེར་ན་ཞོ་ལྟ་བུའོ།།

ང ལོ་ལོན་གྱི་རིགས།

        ཕོ་བའི་ནུས་པ་ཞན་ཞིང་ལུས་ཀྱི་ཀལ་རྒྱུ་ཉུང་བ། རུས་སོབ་ནད་འབྱུང་སླ་བ། འཚོ་བཅུདAདཀོན་པ་བཅས་ཡིན་ན། ཆེར་བསྒྱུར་འཚོ་བཅུདADརིགས(强化维生素AD)ཀྱི་འོ་མའི་ཐོན་རྫས་སམ་ཡང་ན་ཀལ་རྒྱུའི་འདུས་ཚད་མཐོ་བའི་འོ་མའི་རིགས་འཐུང་ན་བཟང་བ་ཡིན།

ཅ མི་ཚོན་པོ་དང་ཁྲག་ཚིལ་གྱི་འདུས་ཚད་མཐོ་བའི་རིགས།

        ཚིལ་མེད་ནོར་གྱི་འོ་མ(脱脂牛奶)འམ་ཡང་ན་ཚིལ་དམའི་ནོར་གྱི་འོ་མ(低脂牛奶)འཐུང་ན་བཟང་བ་ཡིན།

གསུམ། འོ་མ་འཐུང་དུས་མཉམ་འཇོག་བྱ་དགོས་པ་ཅི་ཡོད་དམ།

ཀ འོ་མ་ནི་ཆུ་འཐུང་བ་ལྟར་བྱ་མི་རུང་།

        འོ་མ་ཡིས་མི་ལུས་ལ་སྤྲི་དཀར་དང་ཀལ་རྒྱུ་སྤུས་ལེགས་མཁོ་འདོན་བྱེད་ཀྱང་། དེའི་ནང་གི་ཚིལ་གྱི་འདུས་ཚད་མཐོ་བ་ཡིན། གལ་ཏེ་འཐུང་རྒྱུ་མང་དྲགས་ན། ནུས་ཚད་ལྷག་མ་མང་པོ་བྱུང་ནས་མཁལ་མ་སོགས་ཀྱི་གནོན་ཤུགས་ཇེ་ཆེར་གཏོང་བ་ཡིན།

ཁ འོ་མ་སྤྱད་ནས་སྨན་འཐུང་མི་རུང་།

        འོ་མའི་ནང་གི་ཀལ་རྒྱུ་དང་སྨན་རྫས་ལ་འགྱུར་འབྱུང་བྱུང་སླ་བ་དང་། དེ་འདྲ་བྱུང་ན། སྨན་ནུས་ཇེ་ཞན་དུ་གཏོང་བར་མ་ཟད། ལུས་པོ་ལའང་གནོད་པ་ཡིན།