བོད་ཀྱི་སྒྱུ་རྩལ་པ་རིན་ཆེན་དོན་གྲུབ་ལ་བྱ་དགའ་འདི་ཐོབ་འདུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-10-28   རྩོམ་ཁུངས།     མི་དམངས་དྲ་བ།

        ཉེ་ཆར། གསར་འགོད་པས་བོད་རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ནས་ཤེས་རྟོགས་བྱས་པར་གཞིགས་ན། བོད་ཀྱི་ཟློས་གར་བའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། བོད་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པའི་ཚོགས་གཙོ་གཞོན་པ་རིན་ཆེན་དོན་གྲུབ་ཀྱིས་གཏམ་བརྗོད་ཟློས་གར《བར་སྐོར་བྱང་》ཁྲོད་ཀྱི་ཕུལ་བྱུང་འཁྲབ་སྟོན་ལ་སྐབས་བཅུ་བདུན་པའི་ཝུན་ཧྭ་འཁྲབ་སྟོན་གྱི་བྱ་དགའ་ཐོབ་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ཝུན་ཧྭ་བྱ་དགའ་ནི་ཆེད་ལས་གར་སྟེགས་སྒྱུ་རྩལ་ཐད་སྲིད་གཞུང་གི་བྱ་དགའ་མཐོ་ཤོས་དེ་ཡིན་པ་དང་། དེའི་དམིགས་ཡུལ་ནི་ཀྲུང་གོའི་ཟློས་གར་བྱ་གཞག་འཕེལ་རྒྱས་དང་དར་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། འཁྲབ་སྟོན་པར་སྐུལ་ལྕག་གཏོང་བ། གཏམ་བརྗོད་ཟློས་གར་རྩོམ་པར་སྐུལ་མ་གཏོང་བ། ཟློས་གར་ཚོགས་པའི་མཉམ་སྡེབ་གསར་གཏོད་ལ་སྐུལ་མ་གཏོང་བ་བཅས་ཀྱི་ཆེད་དུ་ཡིན་པ་རེད།    
        1995ལོར་ལོ། ལོ་18ཡིན་པའི་རིན་ཆེན་དོན་གྲུབ་ཧྲང་ཧའེ་ཟློས་གར་སློབ་གླིང་གི་འཁྲབ་སྟོན་ཚན་ཁག་ཏུ་བདམས་ནས་དུས་ཡུན་ལོ་3རིང་བརྒྱུད་རིམ་ལྡན་པའི་ངང་སློབ་སྦྱོང་བྱས་པ་རེད།