ཚོགས་ཆེན་ཉི་ཤུ་པའི་མིང་ཚིག་ཤན་སྦྱར།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-10-31   རྩོམ་ཁུངས།    མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར།

二十大会议文件新词新句摘录

ཚོགས་ཆེན་ཉི་ཤུ་པའི་ཡིག་ཆའི་མིང་ཚིག་ཤན་སྦྱར་བདམས་བཀོད།

 


把握人民愿望

མི་དམངས་ཀྱི་རེ་འདུན་ཁོང་དུ་ཆུད་པ།

霸权 霸道 霸凌

བཙན་དབང་། དྲག་ཐབས། བཙན་བརྙས།

边斗争 边备战 边建设

འཐབ་རྩོད་བྱེད་ཞོར་དང་། དམག་གྲབས་བྱེད་ཞོར། འཛུགས་སྐྲུན་བྱེད་ཞོར།

不确定 难预料

ངེས་གཏན་མེད་པ་དང་སྔོན་དཔག་དཀའ་བ།

不信邪、不怕鬼、不怕压

ལོག་བཤད་ལ་ཡིད་མི་ཆེས། ངན་རེངས་ལ་དཔའ་མི་ཞུམ། གནོན་ཤུགས་ལ་བློ་མི་འཇིགས། 

草原森林河流湖泊湿地休养生息

རྩྭ་ཐང་དང་། ནགས་ཚལ། རྒྱུག་ཆུ། མཚེའུ། འདམ་ར་བཅས་རྒྱ་བསྡམས་སོར་ཆུད།

产业基础再造工程和重大技术装备攻关工程

ཐོན་ལས་རྨང་གཞི་བསྐྱར་སྐྲུན་ལས་གྲྭ་དང་ལག་རྩལ་སྒྲིག་ཆས་གནད་ཆེན་འགག་སྒྲོལ་ལས་གྲྭ།

产业链供应链韧性

ཐོན་ལས་མུ་ཕྲེང་དང་འདོན་སྤྲོད་མུ་ཕྲེང་གི་ལྡེམ་ཤུགས།

常态化长效化开展党史学习教育

རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་གྱི་སྒོ་ནས་ཏང་གི་ལོ་རྒྱུས་སྐོར་གྱི་སློབ་སྦྱོང་དང་སློབ་གསོ་སྤེལ་བ།

城乡要素流动

གྲོང་ཁྱེར་དང་གྲོང་གསེབ་ཀྱི་བདག་རྐྱེན་འཁོར་རྒྱུག

筹资和待遇调整机制

དངུལ་བསྡུ་དང་ཐོབ་ཐང་ལེགས་སྒྲིག་ལམ་སྲོལ།

吹冲锋号

གདོང་མཆོང་དམག་དུང་འབུད་པ།

踔厉奋发

ངར་སེམས་ཆེར་སྐྱེད།

从来就没有教科书,更没有现成答案

དཔེ་བལྟ་སའི་སློབ་དེབ་གཏན་ནས་ཡོད་མ་མྱོང་ལ་སྤྱད་ཆོག་ཆོག་གི་དངོས་ལན་དེ་བས་ཀྱང་མེད།

促进优质医疗资源扩容和区域均衡布局

སྨན་བཅོས་ཐོན་ཁུངས་སྤུས་ལེགས་རྒྱ་སྐྱེད་དང་ས་ཁོངས་དོ་མཉམ་གྱི་བཀོད་པ་ཆགས་པར་སྐུལ་འདེད།

打压遏制

བཙན་གནོན་བཀག་སྡོམ།

大安全大应急

བདེ་འཇགས་ཆེན་པོ་དང་འཕྲལ་བསྟུན་ཆེན་པོ།

大党独有难题

ཏང་ཆེན་པོ་ཁོ་ནར་ཡོད་པའི་དཀའ་གནད།

单边制裁

ཕྱོགས་རྐྱང་བཀག་སྡོམ།

党找到了自我革命这一跳出治乱兴衰历史周期率的第二个答案

ཏང་གིས་རང་ངོས་གསར་བརྗེ་བྱེད་པ་སྟེ་ཟིང་འཇགས་དར་རྒུད་ཀྱི་ལོ་རྒྱུས་རེས་འཁོར་གྱི་ཡུན་ཚད་ལས་ཐར་བར་བྱེད་པའི་དྲིས་ལན་གཉིས་པ་འདི་རྙེད་ཡོད།

得罪千百人、不负十四亿

སྐྱེ་བོ་སྟོང་ལ་ཕོག་ཐུག་གཏོང་དགོས་ཀྱང་། ། མི་དམངས་དུང་ཕྱུར་བཅུ་བཞིར་འགལ་མི་བྱ། །

斗争本领不强

འཐབ་རྩོད་ཀྱི་འཇོན་ཐང་མི་ཆེ་བ།

笃行不怠

ལག་བསྟར་ཉོབ་མེད།

笃行真理

བདེན་དོན་ལག་བསྟར།

多元稳定

སྣ་མང་བརྟན་བརླིང་།

多支柱(养老保险体系)

རྟེན་གཞི་མང་བ།

讹诈、遏制、封锁、极限施压 

བསྙད་འཚོལ་གཡོ་འཕྲོག བཀག་སྡོམ། བཀག་འགོག གནོན་ཤུགས་མཐིལ་སྤྲོད།

遏控危机冲突

ཉམས་ཉེན་དང་གདོང་ཐུག་བཀག་སྡོམ།

法治统一、尊严、权威

ཁྲིམས་སྐྱོང་གི་གཅིག་གྱུར་དང་། ལ་རྒྱ། དབང་གྲགས་བཅས།

反制裁、反干涉、反长臂管辖

བཀག་སྡོམ་ལ་ངོ་རྒོལ་དང་། ཐེ་ཇུས་ལ་ངོ་རྒོལ། དཔུང་རིང་ཇུས་གཏོགས་ལ་ངོ་རྒོལ།

反中乱港乱澳

ཀྲུང་དབྱང་སྲིད་གཞུང་ལ་ངོ་རྒོལ་དང་ཞང་ཀང་དུ་ཟིང་ཆ་སློང་བ། ཨའོ་མོན་དུ་ཟིང་ཆ་སློང་བ།   

防风险、迎挑战、抗打压

ཉེན་ཁ་བཀག་འགོག འགྲན་སློང་གདོང་གཏོད། བཙན་གནོན་འགོག་རྒོལ།

防治外来物种侵害

ཕྱི་ཡོང་དངོས་རིགས་ཀྱི་གནོད་འཚེ་འགོག་བཅོས།

奋发昂扬

སྤོབས་ཉམས་ཆེར་སྐྱེད།

风险监测预警体系

ཉེན་ཁར་ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་སྔོན་བརྡའི་མ་ལག

负责任大国担当

འགན་འཁྲི་འཁུར་བའི་རྒྱལ་ཁབ་ཆེན་པོའི་འཁུར་ལེན།

感召青年

གཞོན་ནུའི་ཡིད་འགུག་པ།

干实事、谋实招、求实效

དངོས་དོན་སྒྲུབ་པ་དང་། ཐབས་ཤེས་གོ་ཆོད་འཚོལ་བ། ཕན་འབྲས་ཟོལ་མེད་གཉེར་བ།

构建初次分配、再分配、第三次分配协调配套的体制体系

ཐོག་མའི་བགོ་བཤའ་དང་། ཡང་བསྐྱར་བགོ་བཤའ། བགོ་བཤའ་ཐེངས་གསུམ་པ་བཅས་ཀྱི་མཐུན་སྦྱོར་ཆ་འགྲིག་གི་སྒྲིག་སྲོལ་མ་ལག་འཛུགས་པ།

归正到备战打仗上来

དམག་གྲབས་དང་དམག་འཐབ་ཀྱི་དྲང་ལམ་དུ་དྲངས།

国土空间体系

རྒྱལ་ཁབ་མངའ་ཁོངས་བར་སྟོང་གི་མ་ལག

国之大计、党之大计

རྒྱལ་ཁབ་ཀྱི་ཇུས་ཆེན། ཏང་གི་ཇུས་ཆེན།

果敢抉择

རྦད་ཆོད་གདམ་གསེས།

怀抱梦想又脚踏实地

ཡིད་ལ་ཕུགས་འདུན་བཅངས། གོམ་པ་བརྟན་པོར་བགྲོད།

坚持我国宗教中国化方向,积极引导宗教与社会主义社会相适应

རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་དགོས།

见贤思齐、崇尚英雄、争做先锋

མིག་ལྟོས་ཡར་འགྲན། དཔའ་བོར་གོང་བཀུར། གདོང་མཆོང་བརྩོན་ལེན།

江河湖库

གཙང་པོ་དང་། ཆུ་བོ། མཚེའུ། ཆུ་མཛོད།

降碳、减污、扩绿、增长

ཐཱན་གཅོག སྦགས་འཕྲི། ལྗང་སྐྱེད། འཕར་སྣོན།

教育强国、科技强国、人才强国、文化强国、体育强国

སློབ་གསོའི་རྒྱལ་ཁབ་སྟོབས་ལྡན། ཚན་རྩལ་རྒྱལ་ཁབ་སྟོབས་ལྡན། ཤེས་ལྡན་མི་སྣའི་རྒྱལ་ཁབ་སྟོབས་ལྡན། རིག་གནས་རྒྱལ་ཁབ་སྟོབས་ལྡན། ལུས་རྩལ་རྒྱལ་ཁབ་སྟོབས་ལྡན།

精神贫乏 物质贫困

བསམ་བློ་བཀྲེན་པ། དངོས་པོ་དབུལ་ཕོངས།

精准治污、科学治污、依法治污

གནད་འཕིགས་སྦགས་བཙོག་བཅོས་སྐྱོང་། ཚན་རིག་དང་མཐུན་པའི་སྦགས་བཙོག་བཅོས་སྐྱོང་། ཁྲིམས་ལྟར་སྦགས་བཙོག་བཅོས་སྐྱོང་།

卡点瓶颈

ཐོགས་ས་འགག་མདོ།

开局破题

མགོ་རྩོམ་འགག་བརྟོལ།

磨砺干部

ལས་བྱེད་པ་སྦྱོང་བརྡར་བྱེད་པ།

谋私贪腐

སྒེར་ཕན་ཧམ་གཉེར་དང་ལྐོག་ཟ་རུལ་སུངས།

能者上、优者奖

འཇོན་པོ་ཡར་འཐེན། ཕུལ་བྱུང་གཟེངས་བསྟོད།  

逆全球化思潮抬头

གོ་ལ་ཧྲིལ་པོ་ཅན་ལས་ལྡོག་པའི་བསམ་བློའི་རླབས་རྒྱུན་ལངས་པ།

凝心铸魂

བློ་སྒྲིལ་སེམས་སྐྱེད།

契合性

གཅིག་མཐུན་རང་བཞིན།

青年强,则国家强

གཞོན་ནུ་སྟོབས་ཤུགས་ལྡན་ན། ། རྒྱལ་ཁབ་སྟོབས་ཤུགས་ལྡན་ནོ། །

倾心引才

སེམས་ནུས་ཡོད་རྒུས་ཤེས་ལྡན་མི་སྣ་འགུག་པ།

清除存量

བསགས་འབོར་གཙང་སེལ།

区域重大战略

ས་ཁོངས་ཀྱི་གནད་ཆེའི་འཐབ་ཇུས།

祛疴治乱

གཅོང་འཇོམས་ཟིང་བཅོས།

全域联动

ཁོངས་ཡོངས་མཉམ་འགུལ།

让青春在全面建设社会主义现代化国家的火热实践中绽放绚丽之花

ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ཚ་ཚ་འུར་འུར་གྱི་ལག་ལེན་ཁྲོད་ནས་བཀྲག་མདངས་ལྡན་པའི་ལང་ཚོའི་མེ་ཏོག་བཞད་དུ་འཇུག་དགོས།

人民所喜爱、所认同、所拥有的理论

མི་དམངས་དགའ་པོ་བྱེད་པ་དང་། མོས་མཐུན་ཡོད་པ། རང་ལ་མངའ་བ་བཅས་ཀྱི་རིགས་པའི་གཞུང་ལུགས།

荣辱与共

གཟི་ཁྲེལ་མཉམ་མྱོང་།

深海深地探测

མཚོ་གཏིང་ས་གཏིང་བརྟག་འཇལ།

深化党的创新理论武装

ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་ཟབ་སྤྲས་བྱེད་པ།

十个明确

གཏན་ལ་ཕབ་པ་བཅུ།

十三个方面成就

ཕྱོགས་བཅུ་གསུམ་ཐད་ཀྱི་གྲུབ་འབྲས།

十四个坚持

རྒྱུན་འཁྱོངས་བཅུ་བཞི།

世纪疫情

དུས་རབས་ཀྱི་རིམས་ནད།

世界百年未有之大变局加速演进

འཛམ་གླིང་ལ་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོ་མགྱོགས་སུ་འགྲོ་བཞིན་ཡོད།

世界之变、时代之变、历史之变

འཛམ་གླིང་གི་འགྱུར་བ། དུས་རབས་ཀྱི་འགྱུར་བ། ལོ་རྒྱུས་ཀྱི་འགྱུར་བ།

世界之问

འཛམ་གླིང་གི་དྲི་བ།

树德务滋

སྤྱོད་འཛུགས་རིང་འཕེལ།

四个不摘

མི་ཕུད་པ་བཞི།

松劲歇脚、疲劳厌战

ལྷོད་གཡེང་ངལ་གསོ། ངལ་དུབ་འཐབ་སུན།

探月探火

ཟླ་བ་དང་མིག་དམར་བརྟག་འཇལ།

铁帽子王

ལྕགས་ཞྭ་རྒྱལ་པོ།

同心共圆中国梦

བློ་སེམས་གཅིག་མཐུན་གྱིས་ཀྲུང་གོའི་ཕུགས་འདུན་མཉམ་དུ་མངོན་འགྱུར་བྱེད་པ།

团结就是力量,团结才能胜利

མཐུན་སྒྲིལ་ནི་སྟོབས་ཤུགས་ཡིན་ལ། མཐུན་སྒྲིལ་བྱས་ན་ད་གཟོད་རྒྱལ་ཁ་འཐོབ་ཐུབ།

脱钩断链

འབྲེལ་གཅོད་ཕྲེང་གཏུབ།

万物并育而不相害,道并行而不相悖

དངོས་པོ་ཐམས་ཅད་མཉམ་དུ་སྐྱེ་ཡང་ཕན་ཚུན་གནོད་མི་སྐྱེལ། ཆོས་ཉིད་ཐམས་ཅད་མཉམ་དུ་འཁོར་ཡང་ཕན་ཚུན་ནང་མི་འགལ།

巍巍巨轮乘风破浪、行稳致远

བརྗིད་ཆགས་གྲུ་ཆེན་རྒྱ་མཚོ་གཤགས་ཏེ་བརྟན་པོའི་ངང་རྒྱང་རིང་དུ་སྐྱོད་པ།

为党育人、为国育才

ཏང་ལ་འཇོན་མི་གསོ་སྐྱོང་དང་རྒྱལ་ཁབ་ལ་ཤེས་ལྡན་པ་གསོ་སྐྱོང་།

为国家立心、为民族立魂

རྒྱལ་ཁབ་ལ་བསམ་བློ་སྩོལ་བ་དང་མི་རིགས་ལ་སེམས་ཤུགས་སྐྱེད་པ།

为全面建设社会主义现代化国家、全面推进中华民族伟大复兴而团结奋斗

ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་། ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས།

文明培育 、文明实践、文明创建

ཤེས་དཔལ་གསོ་སྐྱོང་དང་། ཤེས་དཔལ་ལག་ལེན། ཤེས་དཔལ་གསར་འཛུགས།

稳中有降

བརྟན་ཐོག་མར་ཆག

问题是时代的声音,回答并指导解决问题是理论的根本任务。

གནད་དོན་ནི་དུས་རབས་ཀྱི་སྐད་སྒྲ་ཡིན་ཞིང་། གནད་དོན་ལ་ལན་འདེབས་པ་དང་དེ་ཐག་གཅོད་བྱེད་པར་མཛུབ་སྟོན་བྱ་རྒྱུ་ནི་རིགས་པའི་གཞུང་ལུགས་ཀྱི་རྩ་བའི་ལས་འགན་ཡིན།

问责利器

འགན་འདྲིའི་མཚོན་ཆ་རྣོན་པོ།

无人智能作战力量

མི་མེད་རིག་ནུས་ཀྱི་དམག་འཐབ་སྟོབས་ཤུགས།

新理念新思路新办法

འདུ་ཤེས་གསར་པ། བསམ་ཕྱོགས་གསར་པ། ཐབས་ཤེས་གསར་པ།

新领域新赛道

ཁྱབ་ཁོངས་གསར་པ་དང་འགྲན་ལམ་གསར་པ།

新型腐败和隐性腐败

རུལ་སུངས་གསར་པ་དང་མངོན་མེད་རུལ་སུངས།

新域新质作战力量

ཁོངས་གསར་སྤུས་གསར་གྱི་དམག་འཐབ་སྟོབས་ཤུགས།

学习强军思想、建功强军事业

དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དགོངས་པ་སློབ་སྦྱོང་དང་། དམག་དཔུང་སྟོབས་ལྡན་དུ་གཏོང་བའི་བྱ་གཞག་ལ་བྱས་རྗེས་འཇོག་པ།

血腥罪恶

ཁྲག་དྲི་བྲོ་བའི་ནག་ཉེས།

严于律己、严负其责、严管所辖

རང་གཅུན་ནན་པོ། རང་འགན་ནན་འཁུར། རང་ཁོངས་ནན་སྡོམ།

要素收入

བདག་རྐྱེན་ཡོང་འབབ།

医防融合

སྨན་བཅོས་དང་སྔོན་འགོག་མཉམ་འདྲེས།

宜居、韧性、智慧

གནས་འཕྲོད། ལྡེམ་ཤུགས། རིག་ནུས།

宜居宜业和美乡村

གནས་འཕྲོད་ལས་འཚམ་མཛེས་མཐུན་གསུམ་ལྡན་གྲོང་གསེབ།

以零容忍态度反腐惩恶

བཟོད་སྒོམ་གཏན་ནས་མེད་པའི་རྣམ་འགྱུར་ཐོག་ནས་རུལ་རྒོལ་ངན་གཅོད་བྱེད་པ།

以文塑旅、以旅彰文

རིག་གནས་ལ་བརྟེན་ནས་ཡུལ་སྐོར་སྐྲུན་པ་དང་། ཡུལ་སྐོར་ལ་བརྟེན་ནས་རིག་གནས་མངོན་པ།

以铸牢中华民族共同体意识为主线,坚定不移走中国特色解决民族问题的正确道路。

ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་བསྐྱེད་རྒྱུ་གཙོ་ཐིག་བྱེད་ཅིང་། མི་རིགས་གནད་དོན་ཐག་གཅོད་བྱེད་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་འགྲོ་ལམ་ཡང་དག་པར་བློ་བརྟན་འགྱུར་མེད་ཀྱིས་བསྐྱོད་པ།

慵懒无为

སྒྱིད་ལུག་ཉོབ་ལས།

由治及兴

བཅོས་སྐྱོང་ནས་དར་རྒྱས།

造就拔尖创新人才

གསར་གཏོད་ཀྱི་ཤེས་ལྡན་མི་སྣ་རྩེར་སོན་སྐྱེད་སྲིང་བྱེད་པ།

增储上产

གསོག་སྣོན་ཐོན་འཕར།

战建备

འཐབ་འཛུགས་གྲབས་གསུམ།

政治判断力、政治领悟力、政治执行力

ཆབ་སྲིད་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ངེས་ཤེས་འདྲོང་ནུས། ཆབ་སྲིད་ལག་བསྟར་བྱེད་ནུས།

志气、骨气、底气

བློ་སྟོབས་དང་། ལ་རྒྱ། གདེང་ཚོད།

质的有效提升和量的合理增长

རྒྱུ་སྤུས་ཇེ་མཐོར་ནུས་ལྡན་དང་གྲངས་འབོར་འཕར་སྣོན་ལུགས་མཐུན་གཏོང་བ།

治国有常,利民为本

རྒྱལ་སྲིད་སྐྱོང་བར་ལུགས་ཡོད་དེ། ། དམངས་ལ་ཕན་པ་གཞི་མ་ཡིན། །

中国共产党领导人民打江山、守江山,守的是人民的心。

ཀྲུང་གོའི་གུང་ཁྲན་ཏང་གིས་མི་དམངས་ལ་མགོ་ཁྲིད་བྱས་ནས་རྒྱལ་སྲིད་འཐོབ་པར་བྱེད་པ་དང་རྒྱལ་སྲིད་སྐྱོང་བར་བྱེད་པའི་བསྐྱང་བྱ་ནི་དམངས་སེམས་ཡིན།

中国式现代化

ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན།

中国之问

ཀྲུང་གོའི་དྲི་བ།

重要专项协调指挥体系

ཆེད་དམིགས་མཐུན་སྦྱོར་བཀོད་འདོམས་མ་ལག་གལ་ཆེན།

筑墙设垒

འགོག་ར་རྩིག་པ། 

准备经受风高浪急甚至惊涛骇浪的重大考验。

རླུང་འཚུབ་རླབས་འཕྱོ་དང་ཐ་ན་འཇིགས་རུང་དྲག་རླབས་ཀྱི་ཉམས་སད་ཆེན་པོ་མྱོང་བའི་གྲ་སྒྲིག

资金密集

མ་དངུལ་གཅིག་འདུས།

自然恢复为主

རང་བྱུང་ངང་སོར་ཆུད་ཡོང་རྒྱུ་གཙོ་བོར་འཛིན་པ།

尊重人民创造

མི་དམངས་ཀྱི་གསར་སྐྲུན་ལ་བརྩི་འཇོག་བྱེད་པ།