ཟས་རིཊ་འདི་དག་གི་ངོ་བོ་གྱུར་ན་གནོད་པ་ཧ་ཅང་ཆེ་བས་བཟའ་མི་རུང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-11-14   རྩོམ་ཁུངས།    འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན།

        འཚོ་བའི་ཁྲོད་དུ། ཚོང་བདག་མང་པོས“ཟ་མའི་རྒྱུ་ཆ་གསར་བ་ཡིན”ཞེས་བསྒྲགས་ཏེ་འཛད་སྤྱོད་པ་མང་པོ་འགུགས་བཞིན་ཡོད། ཡིན་ནའང་། ཁྲིམས་མེད་ལུགས་མེད་ཀྱི་ཚོང་བདག་ཁ་ཤས་ཀྱིས་མ་རྩ་གྲོན་ཆུང་བྱ་ཆེད། སྤུས་བརྟན་དུས་ཡུན་བརྒལ་བ་དང་ཐ་ན་ངོ་བོ་གྱུར་པའི་ཟ་མའི་རྒྱུ་ཆ་ཡང་སྤྱོད་བཞིན་ཡོད། འཛད་སྤྱོད་པ་ཞིག་ཡིན་པའི་ཆ་ནས། སྤུས་བརྟན་དུས་ཡུན་བརྒལ་བའི་ཟས་རིགས་ཀྱིས་བདེ་ཐང་ལ་གནོད་འཚེ་ཧ་ཅང་ཆེན་པོ་བཟོ་བ་ངེས་པར་དུ་ཤེས་དགོས། གཤམ་གྱི་ཟས་རིགས་འདི་དག་ལ། ལྷག་ཏུ་མཉམ་འཇོག་བྱ་དགོས།
图片
        གཅིག སིལ་ཏོག་རུལ་བ་སྟེ། ཏོག་ཙམ་ཞིག་རུལ་ཡོད་ནའང་བཟའ་མི་རུང་།
        མི་མང་པོས“ཟས་རིགས་ཆུད་ཟོས་སུ་མི་གཏོང་བ”ཡི་རྩ་དོན་ལ་དམིགས་ཏེ། སིལ་ཏོག་གི་ཟུར་ཏོག་ཙམ་རུལ་བ་ཡིན་ན། དེ་ཉིད་མེད་པར་བྱས་རྗེས། ལྷག་མ་སྔར་བཞིན་ཟ་བ་ཡིན། ཡིན་ནའང་། སིལ་ཏོག་གི་འཇོག་ཡུན་རིང་བ་ལས་རླམ་སྲིན(霉菌)སྐྱེས་ཏེ་ཟུར་སྐྱེས་དུག་རྒྱུ(真菌毒素)བྱུང་བ་དང་། སིལ་ཏོག་འདིའི་རིགས་ཀྱི་རུལ་བའི་གནས་མེད་པར་བཏང་ཡང་། མུ་མཐུད་དུ་བཟའ་མི་རུང་།
        སིལ་ཏོག་རུལ་བར་གྱུར་རྗེས། ཟུར་སྐྱེས་དུག་རྒྱུ་མང་པོ་བྱུང་ནས་འདུས་གསོག་བྱེད་པ་དང་། དུག་རྒྱུ་དེ་དག་ཚད་རིམ་མི་འདྲ་བའི་སྒོ་ནས་རུལ་བའི་གནས་ཀྱི་ཉེ་འཁོར་དུ་འདུས་ཡོད། དཔེར་ན། ཀུ་ཤུ་དང་ཆང་བ་ལི། ཁམ་བུ་སོགས་རུལ་ནས་ངོ་བོ་གྱུར་ཡོད་པ་ཟོས་ན། ཟས་དུག་ཕོག་ནས་སྐྱུག་མེར་ལངས་པ་དང་ཁོག་པ་ན་བ། བཤལ་བ་སོགས་ཀྱི་གནས་ཚུལ་འབྱུང་བར་མ་ཟད། ད་དུང་འབྲས་སྐྲན་ཡང་སྐྱེད་སྲིད་པ་ཡིན།
图片
        གཉིས། སོན་མྱུག་སྐྱེས་པའི་ཞོག་ཁོག་སྟེ། སོན་མྱུག་སྐྱེས་པ་ཚབས་ཆེ་ན་སྤྱོད་མི་རུང་།
        ཞོག་ཁོག་ལ་སོན་མྱུག་སྐྱེ་བ་ནི་རྒྱུན་མཐོང་གི་གནས་ཚུལ་ཞིག་ཡིན་ཡང་། མི་ཁ་ཤས་ཀྱིས་སོན་མྱུག་དེ་དག་མེད་པར་བཟོས་རྗེས་མུ་མཐུད་དུ་ཟ་བ་ཡིན། འོན་ཀྱང་། སོན་མྱུག་སྐྱེས་པའི་ཞོག་ཁོག་ཟོས་པ་ལས་ཟས་དུག་ཕོག་པའི་དོན་རྐྱེན་མང་པོ་བྱུང་ཡོད།
        བདེ་ཐང་གི་ཆ་ནས་བཤད་ན། ཞོག་ཁོག་ལ་སོན་མྱུག་སྐྱེས་རྗེས། མཉམ་འཇོག་ནན་མོ་བྱ་དགོས་པ་དང་། སོན་མྱུག་སྐྱེས་པ་ཚབས་ཆེན་ཡིན་པའམ་ཡང་ན་སོན་མྱུག་སྐྱེ་ཚད་ཅི་འདྲ་ཡིན་པ་མི་ཤེས་ན། ལྷག་ཏུ་བཟའ་མི་རུང་།
        ལུང་ཁོས་རྫས(龙葵素)ནི་དུག་ཡོད་པའི་མངར་འདུས་སྐྱེ་དངོས་བུལ་ཏོག(糖苷生物碱)ཅིག་ཡིན་ཞིང་། སོན་མྱུག་སྐྱེས་མེད་པའི་ཞོག་ཁོག་ནང་དུ་ལུང་ཁོས་རྫས་ཧ་ཅང་ཉུང་། ཡིན་ནའང་། ཞོག་ཁོག་ལ་སོན་མྱུག་སྐྱེས་རྗེས། དེའི་ནང་གི་ལུང་ཁོས་རྫས་ཇེ་མང་དུ་འགྲོ་བ་ཡིན། ཐེངས་གཅིག་ལ་ལུང་ཁོས་རྫས་ཧའོ་ཁེ200ཙམ་ཟོས་ན། མི་ལ་དུག་ཕོག་པ་དང་། ཚབས་ཆེ་ན་ཚེ་སྲོག་ཀྱང་ཤོར་བ་ཡིན།
图片
        གསུམ། རླམ་སྤུ་སྐྱེས་པའི་སྲ་འབྲས་ཏེ། རོ་ཁ་བ་ཡིན་ན་གཏན་ནས་བཟའ་མི་རུང་།
        སྲ་འབྲས་ཀྱི་ཉར་འཇོག་དུས་ཡུན་རིང་བའམ་ཡང་ན་ཉར་འཇོག་བྱེད་ཐབས་མ་ལེགས་ན། དབྱང་འགྱུར་སྐྱུར་རུལ(氧化酸败)བྱུང་སྟེ་རོ་ཁ་བར་གྱུར་ནས་བྲོ་བ་ལ་འགྱུར་ལྡོག་འབྱུང་བར་མ་ཟད། ད་དུང་སྐྱུར་རུལ་གྱི་གོ་རིམ་ནང་དུ། མི་ལུས་ལ་གནོད་པའི་དངོས་པོ་བྱུང་ནས་རྒས་འགྱུར་ཇེ་མགྱོགས་སུ་བཏང་སྟེ་བདེ་ཐང་ལ་གནོད་པ་ཡིན།
        ད་དུང་། སྲ་འབྲས་ཁ་ཤས་ཀྱི་ཉར་འཇོག་བྱེད་སྟངས་མ་ལེགས་ཚེ། ཧུང་ཆུས་རླམ་སྲིན(黄曲霉菌)གྱིས་སྦགས་བཙོག་ཐེབས་ཉེན་ཡང་ཡོད་སྟབས། ཟོས་ན་རོ་ཁ་བ་ཡིན། རིགས་འདི་འདྲའི་སྲ་འབྲས་ནི་གཏན་ནས་བཟའ་མི་རུང་བ་དང་། དེ་ཡིས་འབྲས་སྐྲན་སྐྱེད་སྲིད་པ་ཡིན།