རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-11-15   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
ཟླ་བ་11པའི་ཚེས་9ཉིན་ནས་བཟུང་། ལྟ་བཤེར་ཙུའུ་ཡི་ཙུའུ་ཀྲང་སུའུ་ཧོང་ཅུན་དང་ཙུའུ་ཀྲང་གཞོན་པ་ལི་ཀོ་ཧྲུའུ་ཡི་སྣེ་ཁྲིད་བྱས་ནས་འབའ་ལུང་རྫོང་ལ་ལྟ་སྐུལ་ཞིབ་བཤེར་བྱས་པ་རེད། ཟླ་བ་11པའི་ཚེས་10ཉིན། ལྟ་བཤེར་ཙུའུ་འབའ་ལུང་རྫོང་རྫོང་མཁར་དུ་སོང་ནས་མི་དམངས་ཀྱི་འཚོ་བའི་གད་སྙིགས་ཐག་གཅོད་ས་ཚིགས་དང་རྫོང་མཁར་གྱི་བཙོག་ཆུ་ཐག་གཅོད་ཁུལ་སོགས་ལ་སོང་ནས་ལྟ་སྐུལ་འཛུབ་སྟོན་བྱས་ཤིང་། རྫོང་མཁར་གྱི་བཙོག་པ་གཉིས་ཀྱི་རྨང་གཞིའི་འཛུགས་སྐྲུན་དང་ལས་དོན་དོ་དམ་སོགས་ཀྱི་གནད་དོན་ལ་རྒྱུས་ལོན་བྱས་པ་རེད།
རྫོང་མཁར་གྱི་འཚོ་བའི་གད་སྙིགས་ཐག་བཅོད་ས་ཚིགས་ནས་ལྟ་བཤེར་ཙུའུ་ཡིས་འཚོ་བའི་གད་སྙིགས་ཀྱི་ཚགས་དབྱེ་ཁུ་བ་དང་འཚོ་བའི་གད་སྙིགས་སྲེག་གཅོད་རྣམ་གྲངས་ཀྱི་འཛུགས་སྐྲུན་གནས་ཚུལ་ལ་རྒྱུས་ལོན་བྱས་པ་རེད།
དེ་རྗེས། ལྟ་བཤེར་ཙུའུ་ཡིས་རྫོང་མཁར་གྱི་བཙོག་ཆུ་གཙང་བཟོ་བཟོ་གྲྭར་ཡོང་སྟེ་ཕྲ་ཞིང་ཞིབ་པའི་སྒོ་ནས་མ་ལག་དང་གཙང་བཟོ། ཚད་ཐིག་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་པ་རེད། ལྟ་བཤེར་ཙུའུ་ཡིས་ཕྱོགས་ཡོངས་ནས་བཙོག་ཆུ་གཙང་བཟོའི་མ་ལག་འཛུགས་སྐྲུན་བྱས་ཏེ་ཕན་འབྲས་ལྡན་པའི་སྒོ་ནས་བཙོག་ཆུ་དང་ཆར་ཆུ་ཁ་ཁར་དབྱེ་བ་དང་འཚོ་བའི་བཙོག་ཆུ་བསྡུ་ཚད་དམའ་པའི་གནད་དོན་སོགས་ལ་ཐག་གཅོད་བྱེད་དགོས་པའི་བསམ་འཆར་བཏོན།
ཡུལ་དངོས་ནས་བཙོག་པ་གཉིས་ཀྱི་གཞི་རྩའི་སྒྲིག་ཆས་འཛུགས་སྐྲུན་གྱི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་བརྒྱུད། ལྟ་བཤེར་ཙུའུ་ཡིས་གཅིག་ནས་སྔར་ལས་ལྷག་པར་འབའ་ལུང་རྫོང་གི་བཙོག་པ་གཉིས་ཀྱི་གཞི་རྩའི་འཛུགས་སྐྲུན་ཕྱོགས་ཀྱི་ཞན་ཆ་ཐག་གཅོད་བྱེད་དགོས་པ་དང་། གཉིས་ནས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ཁྲིམས་འཛིན་ནུས་ཤུགས་ལ་ཤུགས་སྣོན་རྒྱག་དགོས་པ་དང་བྱེད་ཐབས་གསར་གཏོད་བྱེད་དགོས། གསུམ་ནས་སྣོད་བཅུད་ཤེས་དཔལ་འཛུགས་སྐྲུན་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲི་འཁུར་སེམས་ཇེ་དྲག་ཏུ་གཏོང་བ་དང་། བློ་བརྟན་འགྱུར་མེད་ཀྱིས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་འཛུགས་སྐྲུན་གྱི་ཆབ་སྲིད་འགན་འཁྲི་འཁུར་ཏེ། ཕྱོགས་ཡོངས་ནས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་འགན་ནུས་ཁུར་དགོས།
ཉིན་དེར། ལྟ་བཤེར་ཙུའུ་ཡི་ཚོ་ཆུང་གཉིས་པ་དང་རྫོང་རིམ་པའི་འབྲེལ་ཡོད་འགོ་ཁྲིད་སོགས་མི་5ཡིས་རྫ་ཆུའི་འགྲམ་རྒྱུད་ཀྱི་གློག་གྲྭའི་རྡོ་ཐག་དང་བྱེ་མ་བརྐོ་ས་སོགས་ཀྱི་སྣོད་བཅུད་སྲུང་སྐྱོང་གི་བྱེད་ཐབས་ལག་བསྟར་དང་དོན་འཁྱོལ་བྱེད་ཡོད་མེད་སོགས་ཀྱི་ལས་ཀར་ཡུལ་དངོས་ནས་ལྟ་བཤེར་བྱས། ལྟ་བཤེར་ཙུའུ་ཡིས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་གནད་དོན་དང་བསྒྱུར་བཅོས་སྒྲིག་བཀོད་ཀྱི་གནས་ཚུལ་ངོ་སྤྲོད་བྱས་པར་ཉན་པ་རེད།