རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-11-16   རྩོམ་ཁུངས།    འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས།
གཅིག དགུན་ཁར་ལུས་པོར་ཁྲུས་བྱས་ན་ལུས་ལ་ཟ་འཕྲུག་ལངས་པ་ཅི་ཡིན་ནམ།
མིའི་སྐྱི་མོ་ཡི་ཆེས་ཕྱི་ངོས་ན། སྐྱུར་གཤིས་ཀྱི་ཚིལ་འབྱར་སྐྱི་མོ(皮脂膜)ཞིག་ཡོད་ཅིང་། དེའི་ནང་གི་ཚིལ་སྐྱུར་དང་། གཅིན་རྒྱུ། འོ་སྐྱུར་ཚྭ་བཅས་ཀྱིས་སྐྱི་མོ་ལ་གསོ་སྐྱོང་གི་ནུས་པ་ཐོན་བཞིན་ཡོད།
དགུན་ཁར། ནམ་ཟླ་འཁྱགས་པ་དང་མཁའ་རླུང་རྩུབ་པ་ཡིན། མི་ལུས་ཀྱི་ཚིལ་སྐྱི་རྨེན(皮脂腺)དང་རྔུལ་རྨེན(汗腺)གྱི་ཟགས་དངོས་ཇེ་ཉུང་དུ་གྱུར་ན། ཚིལ་འབྱར་སྐྱི་མོ་ཡང་ཇེ་སྲབ་ཏུ་འགྲོ་བ་ཡིན། ཚིལ་འབྱར་སྐྱི་མོ་ནི་རྒྱུན་ལྡན་རང་བཞིན་གྱི་ཚྭ་གཤིས་ཚོར་སྐྱེན(碱性刺激)དང་ཚ་བ་ཆེན་པོས་གནོད་འཚེ་ཐེབས་པ་ལ་སྐྲག་པ་དང་། གལ་ཏེ་ལུས་པོར་ཁྲུས་བྱེད་ཐེངས་མང་བ་དང་ཁྲུས་རྫས་མང་དུ་སྤྱད་ན། སྐྱི་མོའི་ཐོག་གི་སྤྱིན་རྒྱུ་ཕྲ་ཕུང(胶质细胞)མང་པོ་ལྷུང་ནས་ཚིལ་འབྱར་སྐྱི་མོ་སྔར་བས་ཇེ་སྲབ་ཏུ་འགྲོ་བ་དང་། དེ་ནས་སྐྱི་མོ་གསོ་སྐྱོང་གི་འགོག་ཡོལ་བརླག་སྟེ་སྐྱི་མོ་སྐམ་ནས་ཟ་འཕྲུག་ལངས་པ་དང་སྐོགས་སྐྱི(皮屑)ཆགས་པ་ཚབས་ཆེན་དུ་འགྱུར་བ་ཡིན།
གཉིས། དགུན་ཁར་དུས་ཡུན་ག་འདྲ་ཞིག་གི་ནང་ལ་ལུས་པོར་ཁྲུས་བྱས་ན་འོས་འཚམ་ཡིན་ནམ།
དགུན་ཁར། ལོ་གཞོན་ཚོ་ལ་གཞིགས་ནས་བཤད་ན། ཉིན3ནས4ཡི་བར་ལ་ལུས་པོ་ཐེངས་ཤིག་བཀྲུས་ན་བཟང་བ་དང་། ལོ་ལོན་དང་ཕྲུ་གུ་ལ་གཞིགས་ནས་བཤད་ན། ཉིན5ནས6གི་བར་ལ་ལུས་པོ་ཐེངས་ཤིག་བཀྲུས་ན་ཆོག་པ་ཡིན། ད་དུང་། ལུས་པོར་ཁྲུས་བྱེད་དུས། འདག་རྫས་སོགས་མང་པོ་སྤྱོད་མི་རུང་ལ། ཆུ་གཙང་མས་ཁྲུས་བྱས་ན་ཆོག་པ་ཡིན།
གསུམ། དགུན་ཁར་ལུས་པོར་ཁྲུས་བྱེད་དུས་མཉམ་འཇོག་བྱ་ཡུལ་འགའ་ཡོད་དེ།
ཀ ཁྲུས་ཁང་གི་སྒོ་དམ་པོར་གཏན་མི་རུང་།
དགུན་ཁར་ལུས་པོར་ཁྲུས་བྱེད་དུས། མི་མང་ཤོས་ལ་སྒོ་དང་སྒེའུ་ཁུང་དམ་པོར་གཏན་པའི་གོམས་གཤིས་ཡོད། ཡིན་ནའང་། དེ་ལྟར་བྱས་ན་དབྱང་གཅིག་ཐཱན་རྫས་ཀྱི་དུག་ཕོག་པ་དང་། རྐང་པ་འདྲེད་ནས་ལོག་པ། སྙིང་དང་ཀླད་པའི་ཁྲག་རྩའི་ནད་རིགས་འཕར་བ། ཁྲག་མངར་ཇེ་དམའ་ལ་འགྲོ་བ་སོགས་ཀྱི་ཐོལ་བྱུང་གནས་ཚུལ་འབྱུང་སླ་བ་ཡིན།
ཁ ལག་ཕྱིས་ཀྱིས་ཤུགས་ཆེན་པོའི་ངང་ལུས་པོར་གཙུབ་མི་རུང་།
རྒྱུན་དུ་ཆུ་ཚ་མོ་ཡིས་ལུས་པོ་སྦོང་བ་དང་ལག་ཤུགས་ཆེན་པོས་ལུས་པོར་གཙུབས་ན། སྐྱི་མོའི་རྭ་རྒྱུ་ཕྲ་ཕུང(角质细胞)ལྷུང་ནས་ཚིལ་འབྱར་སྐྱི་མོ་ཇེ་སྲབ་ཏུ་འགྲོ་བ་དང་། དེ་ནས་སྐྱི་མོའི་འགོག་སྲུང་ནུས་པའང་མེད་པར་གྱུར་ཏེ་རིམ་བཞིན་སྐྱི་མོ་སྐམ་པའམ་ཡང་ན་སྐྱི་མོའི་ནད་རིགས་འབྱུང་བ་ཡིན།
ག ལུས་པོར་ཁྲུས་བྱེད་ཡུན་རིང་མི་རུང་།
རྒྱུན་ལྡན་གྱི་ལུས་པོ་ཁྲུས་ཡུན་ནི་སྐར་མ15ཙམ་ཡིན་ན་ལེགས། གལ་ཏེ་ལུས་པོ་ཁྲུས་ཡུན་རིང་ན། ཐང་ཆད་པ་དང་ལུས་ཤུགས་ཟད་པ་ལས་གཞན། ད་དུང་སྙིང་དང་ཀླད་པའི་ཁྲག་རྩའི་ནད་རིགས་ཀྱང་འབྱུང་སླ་བ་ཡིན།
ང ཆུ་ཡི་དྲོད་ཚད་མཐོ་མི་རུང་།
ཆུ་ཡི་དྲོད་ཚད་མཐོ་དྲགས་ན། སྙིང་གི་གནོན་ཤུགས་ཇེ་ཆེ་ལ་འགྲོ་སླ་བས། ཆུ་ཡི་དྲོད་ཚད་ནི་ཏུའུ40ཡས་མས་ཡིན་ན་བཟང་བ་ཡིན། ལུས་པོར་ཁྲུས་བྱས་ནས་ཚར་རྗེས། དྲོད་སྲུང་ལེགས་པོ་བྱས་ཏེ་ལུས་པོ་འཁྱག་ཏུ་འཇུག་མི་རུང་།
ཅ ལུས་པོར་ཁྲུས་བྱེད་ཐེངས་མང་མི་རུང་།
ལུང་པོར་ཁྲུས་བྱེད་པའི་ཐེངས་གྲངས་ཇེ་ཉུང་དུ་གཏོང་བ་དང་། འདག་རྫས་སོགས་འོས་འཚམ་ངང་སྤྱོད་པ་བཅས་བྱ་དགོས། གལ་ཏེ། ལུས་ཀྱི་སྐྱི་མོ་ལ་ཟ་འཕྲུག་ལངས་པ་ཡིན་ན། ངེས་པར་དུ་གསོ་བཅོས་བྱ་དགོས།