འཇོལ་རྫོང་གི་སྣོད་བཅུད་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་ཕྱིན་ཡོད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-11-16   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། འཇོལ་རྫོང་གིས་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ལ་སྐུལ་འདེད་ཧུར་ཐག་བཏང་ནས་སྔ་རྗེས་སུ་“གནམ་སྔོན། ཆུ་དྭངས། ས་གཙང་། རི་སྔོའི”བྱ་སྤྱོད་སྒྲིག་འཛུགས་ལག་བསྟར་བྱས་ནས་རྫོང་གྲོང་གི་སྣོད་བཅུད་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་ཕྱིན་ཡོད་པ་རེད།

        "གནམ་སྔོན་པོའི་"བྱ་སྤྱོད་སྒྲིག་འཛུགས་ལག་བསྟར་བྱས་ནས་རྫོང་གྲོང་གི་ཁོར་ཡུག་མཁའ་རླུང་རང་འགུལ་ལྟ་ཞིབ་ཚད་ལེན་ས་ཚིགས་བསྐྲུན་པ་དང་འབྲེལ་དབོར་འདྲེན་ཡང་བྱས་པ་རེད། བུད་སྣུམ་རླངས་འཁོར་གཙང་མ་དང་། ཁྲའེ་སྣུམ་འཕྲུལ་འཁོར་གཙང་མ། སྣུམ་རྫས་གཙང་མ་བཅས་ཀྱི་བྱ་སྤྱོད་སྤེལ་ནས་ཆུ་ཚོད་རེར་རླངས་བཙོས་ཏུན་10དང་དེ་མན་གྱི་རྡོ་སོལ་ཁྲོ་ཐབ་དོར་ཡོད།   འཇོལ་རྫོང་གི་འགྲོ་ལམ་མིན་པའི་སྒུལ་བདེའི་འཕྲུལ་ཆས་འགྲོ་སྐྱོད་ཚོད་འཛིན་ལག་བསྟར་ཡང་བྱས་ཡོད། ནུས་ཁུངས་གྲུབ་ཚུལ་ལེགས་སྒྲིག་གཏོང་བ་དང་། ནས་ཁུངས་བེད་སྤྱོད་ལས་ཆོད་ཆེ་རུ་བཏང་ནས་རྒྱལ་ཁབ་ཀྱི་འབུད་སྐྱུར་གསུམ་གྱི་ཚད་གཞི་ལྡན་པའི་ཁྲའེ་ཡིའུ་སྣུམ་ཟོག་འདྲེན་རླངས་འཁོར་རྙིང་པ་470དོར་ཡོད། ལོ་བཅུའི་རིང་མཁའ་རླུང་སྤུས་ཚད་ལེགས་ཚད100%རྒྱུན་མཐུད་ངང་རྒྱུན་འཁྱོངས་ཐུབ་ཡོད།

        “ཆུ་དྭངས་”གྱི་བྱ་སྤྱོད་སྒྲིག་འཛུགས་དང་ལག་བསྟར་བྱས་ཏེ་འབྱུང་རྩ་ནས་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་བ་དང་། སྐམ་ཆུ་གཅིག་གྱུར་འཆར་འགོད་གྱིས་ཆུ་བོ་དང་མཚེའུ་གཉིས་ཀར་ལྟ་རྟོག་བྱེད་པ། ཆུའི་སྦགས་བཙོག་འགོག་བཅོས་བྱེད་པར་རྒྱུད་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་ཡོད།   ཆུ་འགོ་སྲུང་སྐྱོང་བྱས་ཏེ་ཤང་གྲོང་རིམ་པ9དང་དེ་ཡན་གྱི་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོ་སྲུང་སྐྱོང་ཁུལ་དབྱེ་འབྱེད་གཏན་འཁེལ་བྱས་པ། ཆུ་གློག་འབྲིང་ཆུང་གི་སྣོད་བཅུད་རྒྱུག་ཚད་ཀྱི་འོག་ཆུ་བཤང་ཚད100%ཟིན་པ་དང་སྣུམ་སྣོན་ས་ཚིགས་ཀྱི་ས་འོག་སྣུམ་སྣོད་ཀྱི་སིམ་འགོག་སྒྱུར་བཀོད་བྱེད་ཚད100%ཟིན་ནས་འཚོ་བའི་བཙོག་ཆུ་བཅོས་སྒྲིག་བྱེད་ཚད་62.5%ཟིན་ཡོད།  ལོ་བཅུའི་རིང་འབྲི་ཆུ་དང་རྫ་ཆུ། གཅིག་བསྡུས་རྣམ་པའི་ཆུ་ཁུངས་ཀྱི་འཐུང་ཆུ་དེⅡརིགས་དང་དེ་ཡན་གྱི་ཆུའི་སྤུས་ཚད་ཀྱི་ཚད་གཞི་རྒྱུན་མཐུད་ངང་རྒྱུན་འཁྱོངས་བྱས་ཡོད།

        "ས་གཙང་"བྱ་སྤྱོད་སྒྲིག་འཛུགས་དང་ལག་བསྟར་བྱས་ཏེ་ཞིང་སྤྱོད་ས་ཞིང་དང་འཛུགས་སྐྲུན་ལ་མཁོ་བའི་ས་ཆ་གཙོ་གནད་དུ་བྱས་ནས་ལྟ་སྐུལ་དོ་དམ་གྱི་གཙོ་གནད་སྦགས་བཙོག་དངོས་པོ་དང་། ལས་རིགས། ས་ཁོངས་ཁ་གསལ་བཟོ་བ་དང་དོ་དམ་ཚོད་འཛིན་གྱི་བྱ་ཐབས་ནན་པོ་སྤྱད་དེ་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་དང་མི་སྡོད་ཁོར་ཡུག་གི་བདེ་འཇགས་ལ་ཤུགས་རྐྱེན་བཟོ་བའི་ས་རྒྱུའི་ཁོར་ཡུག་སྤུས་ཚད་ཀྱི་མཐའ་ཚད་སྲུང་ཡོད། ཞིང་ལས་དང་གྲོང་གསེབ་ཀྱི་སྦགས་བཙོག་བཅོས་སྐྱོང་གི་འགག་སྒྲོལ་དམག་འཐབ་དང་སྲ་གཟུགས་ཟོག་རོའི་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ལག་བསྟར་བྱས་ཏེ་ཉེན་ཆེའི་ཟོག་རོ་བསྡུ་རུབ་དང་།་ གནས་སྐབས་ཉར་ཚགས། བརྒྱུད་འདྲེན། གཙང་བཅོས་བཅས་ཀྱི་གོ་རིམ་ཚད་ལྡན་དུ་བཏང་བ་དང་རྫོང་ཡོངས་ཀྱི་ས་ཞིང་བདེ་འཇགས་བེད་སྤྱོད་བྱེད་ཚད100%ཟིན་ཡོད།

        "རི་སྔོ་"བྱ་སྤྱོད་སྒྲིག་འཛུགས་དང་ལག་བསྟར་བྱས་ཏེ་འཇོལ་རྫོང་གིས་ནགས་ཚལ་དང་། རྩྭ་ཐང་། འདམ་ར་བཅས་ཀྱི་ཐོན་ཁུངས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ་དང་། ནགས་ལས་དང་རྩྭ་ཐང་གི་གནོད་ཡོད་སྐྱེ་དངོས་འགོག་བཅོས་དང་། ནགས་བཟོ་སྔོ་ལྗང་ཅན། འོས་འགན་ཤིང་འཛུགས་བཅས་ནུས་ཤུགས་ཡོད་རྒུས་ཡག་པོ་བྱས་པས་རྫོང་ཡོངས་ཀྱི་ནགས་ཚལ་ཁེབས་ཚད75.5%བར་འཕར་ཡོད།  ལོ་བཅུའི་རིང་འཇོལ་རྫོང་གིས་སྣོད་བཅུད་ཤེས་དཔལ་དཔེ་སྟོན་གཏོད་རྒྱུ་དེ་དམ་འཛིན་བྱ་གཞི་གཙོ་བོར་བརྩིས་ནས་《འཇོལརྫོང་གི་སྣོད་བཅུད་རྫོང་འཛུགས་སྐྲུན་འཆར་འགོད་》ལག་བསྟར་ནུས་ལྡན་བྱས་པས་ཁུལ་རིམ་པའི་སྣོད་བཅུད་ཤེས་དཔལ་གྲོང་ཚོ་(སྡེ་ཁུལ་)གསར་འཛུགས་བྱེད་ཚད82.6%ཟིན་པ་དང་ཞིང་ཆེན་རིམ་པའི་སྣོད་བཅུད་ཤེས་དཔལ་ཤང་(གྲོང་རྡལ)གསར་འཛུགས་བྱེད་ཚད100%ཟིན་ནས་ཞིང་ཆེན་རིམ་པའི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་རྫོང་གསར་འཛུགས་ཀྱི་དཔྱད་གཞིའི་ཡིག་ཆ་འཚོལ་བསྡུ་དང་ཡིག་ཐོག་སྙན་ཞུ་ལེགས་གྲུབ་བྱུང་ཡོད།