ངལ་རྩོལ་པས་གནང་བ་ཞུས་མེད་ལ་ངལ་རྩོལ་གན་རྒྱའང་མ་བཞག་ན་ཇི་ལྟར་བྱ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-11-18   རྩོམ་ཁུངས།    མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར།

1.ངལ་རྩོལ་སྐོར་གྱི་གན་རྒྱའི་ཆ་འཕྲིན་དོ་དམ་ཁྲོད་གན་རྒྱའི་དུས་ཡུན་གསལ་འདེབས་བྱེད་པར་ཟླ་གཅིག་གི་སྔོན་ལ་གསལ་འདེབས་བྱས་ཆོག 

2.ཁེ་ལས་ཀྱིས་ངལ་རྩོལ་སྐོར་གྱི་གན་རྒྱ་མི་འཇོག་པའི་འབྲེལ་ཡོད་ཀྱི་བདེན་དཔང་རྒྱུ་ཆ་སོར་འཇོག་བྱ་དགོས་པར་མ་ཟད། ཉར་འཇོག་དུས་ཡུན་ནང་ངལ་རྩོལ་པ་ལས་གནས་དང་བྲལ་བའི་དུས་ཡུན་ལོ་གཅིག་ལས་འགོར་མི་ཆོག་པ་དང་། ལས་གནས་དང་བྲལ་བའི་ལོ་གཅིག་ནང་གླ་ཕོགས་ལྡབ་གཉིས་ཀྱི་འདོད་ཚུལ་འདོན་པར་སྔོན་འགོག་བྱ་དགོས། 

3.ཁེ་ལས་ཀྱིས་ངལ་རྩོལ་པ་ཡོངས་ལ་གྲོས་ཚོགས་བསྡུས་ཏེ། གྲོས་ཚོགས་ཀྱི་རྣམ་པས་ངལ་རྩོལ་པར་མུ་མཐུད་དུ་ངལ་རྩོལ་གན་རྒྱ་འཇོག་དགོས་པའི་བརྡ་བཏང་ཆོག་པར་མ་ཟད། གྲོས་ཚོགས་ཀྱི་ཟིན་བྲིས་སྟེང་གྲོས་ཚོགས་སུ་ཞུགས་པའི་ངལ་རྩོལ་པ་རེ་རེས་མིང་རྟགས་བཀོད་ནས་ཁས་ལེན་བྱ་དགོས་པ་དང་། ལྷག་པར་ངལ་རྩོལ་གན་རྒྱ་མ་བཞག་པའི་ངལ་རྩོལ་པ་ཡོད་ན་ཀུང་སིས་ཐོ་འགོད་ལེགས་པོ་བྱ་དགོས། དེ་དང་མཉམ་དུ《མུ་མཐུད་དུ་ངལ་རྩོལ་སྐོར་གྱི་གན་རྒྱ་འཇོག་པའི་བརྡ་ཁྱབ》དེ་ཡོངས་སྒྲོག་གི་རྣམ་པས་ངལ་རྩོལ་པར་བརྡ་གཏང་དགོས། 

4.《ངལ་རྩོལ་སྐོར་གྱི་གན་རྒྱ་མུ་མཐུད་དུ་འཇོག་རྒྱུའི་བརྡ་ཡིག》དང་ལེན་མི་བྱེད་པའི་ངལ་རྩོལ་པརEMSསྦྲག་ཐོག་ནས་སྐྱེལ་སྤྲོད་བྱེད་པའི་བྱེད་ཐབས་སྤྱད་དེ་བརྡ་བཏང་ཆོག མྱུར་མགྱོགས་སྐྱེལ་སྤྲོད་བྱེད་པའི་མཆན་འགྲེལ་ལེ་ཚན་ནང“ཡིག་ཐོག་ནས་གན་རྒྱ་མཐུད་འཇོག་གི་བརྡ་ཡིག”ཅེས་པའི་ཡི་གེ་གསལ་པོ་བྲི་དགོས། 

5.ཁེ་ལས་ཀྱིས་དུས་མཉམ་དུ་ངོ་འཕྲད་གླེང་མོལ་གྱི་རྣམ་པས་ངལ་རྩོལ་པ་དང་ངལ་རྩོལ་སྐོར་གྱི་གན་རྒྱ་མུ་མཐུད་དུ་བཞག་ཆོག དེ་དང་མཉམ་དུ་སྒྲ་དང་བརྙན་ཕབ་ནས་འབྲེལ་ཡོད་ཀྱི་བདེན་དཔང་སོར་འཇོག་བྱ་དགོས། 

6.ཁེ་ལས་དང་ངལ་རྩོལ་གན་རྒྱ་མ་བཞག་པའི་ངལ་རྩོལ་པའི་བར་གྱི་ངལ་རྩོལ་འབྲེལ་བ་ཕྱིར་འཐེན་བྱེད་པའི་བསམ་འཆར་འདོན་པ། འདི་ལྟར་བྱས་ན། ཁེ་ལས་ཀྱི་ཉེན་ཁ་ད་གཟོད་ཆེས་དམའ་བའི་གནས་སུ་འཇོག་ཐུབ། འོན་ཀྱང་ཕྱོགས་གཉིས་ཀས་ངལ་རྩོལ་གན་རྒྱ་བཞག་ནས་ངལ་རྩོལ་འབྲེལ་བ་མེད་པར་བཟོས་ན། ཁེ་ལས་ཀྱིས་སྔར་བཞིན་ངལ་རྩོལ་ཐོབ་ཆ་སྤྲད་དགོས་མོད། འོན་ཀྱང་དཔལ་འབྱོར་ཁ་གསབ་སྤྲོད་མི་དགོས། 

7.གལ་ཏེ་ངལ་རྩོལ་འབྲེལ་བ་ཞིག་དགོས་ན། ཁེ་ལས་ཀྱིས་ངལ་རྩོལ་པར་ངལ་རྩོལ་གན་རྒྱ་མུ་མཐུད་དུ་འཇོག་དགོས་པའི་བརྡ་གཏོང་བ་དང་མཉམ་དུ། བརྡ་ཡིག་ཁྲོད་ཉིན་གསུམ་གྱི་ནང་ཐག་གཅོད་དགོས་པ་དང་། གལ་ཏེ་མུ་མཐུད་དུ་མིང་རྟགས་མ་བཀོད་ན། བརྡ་ཡིག་འབྱོར་ཉིན་ནས་ཉིན་བཞི་པའི་ནང་ཀུང་སིའི་འབྲེལ་ཡོད་སྡེ་ཁག་ཏུ་སོང་ནས་ལས་གནས་ལས་ཁ་འབྲལ་བའི་འགྲོ་ལུགས་བསྒྲུབ་དགོས། 

8.ཁེ་ལས་ཀྱིསEMSསྦྲག་ཐོག་ནས་བསྐུར་བའི་བྱེད་ཐབས་སྤྱད་དེ《ངལ་རྩོལ་སྐོར་གྱི་གན་རྒྱ་མཚམས་འཇོག་པའི་བརྡ་ཡིག》ངལ་རྩོལ་པར་བསྐྱལ་དགོས། 

9. EMSསྦྲག་ཐོག་ནས་བསྐུར་བའི་འཕྲོད་འཛིན་ཡོད་ཚད་ཉར་འཇོག་བྱ་དགོས།