རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-11-21   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
ཟླ་11ཚེས་19ཉིན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐུས་མི་དང་། ཁུལ་ཨུའི་ཧྲུའུ་ཅི་ཝང་དབྱི་ཀྲི་འཇོལ་རྫོང་ཡུན་ལིན་ཤང་དགའ་ལྡན་ཡངས་པ་ཅན་དུ་ཟབ་ཞུགས་བྱས་ཏེ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་བསྒྲགས་བཤད་བྱེད་སྐབས། བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་ནན་ཏན་བྱེད་པ་དང་། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། ཁྲིམས་དང་སྒྲིག་སྲོལ་ལྟར་ཆོས་ལུགས་ལས་དོན་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུ་མཐའ་འཁྱོངས་བྱེད་པ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་རྒྱུར་མུ་མཐུད་སྐུལ་འདེད་གཏོང་བ། བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་བཅས་བྱེད་དགོས།
ཝང་དབྱི་ཀྲི་ཡིས་དགའ་ལྡན་ཡངས་པ་ཅན་དུ་བསྐྱོད་དེ་དགེ་འདུན་པ་དང་དགོན་སྡེ་དོ་དམ་ཨུ་ལྷན་གྱི་མི་སྣ་དང་བཞུགས་མོལ་སྤེལ་རེས་གནང་བ་དང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དྲིལ་བསྒྲགས་གནང་ནས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་གཏོང་བའི་གནས་ཚུལ་དང་དེ་བཞིན་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དྲིལ་བསྒྲགས་སློབ་གསོའི་ལས་དོན་སྤེལ་ཚུལ་ཤེས་རྟོགས་གཏིང་ཟབ་གནང་བ་རེད། ཝང་དབྱི་ཀྲི་ཡིས་དགའ་ལྡན་ཡངས་པ་ཅན་གྱིས་ཐོག་མཐའ་བར་གསུམ་དུ་རྒྱལ་གཅེས་ཆོས་གཅེས་མཐའ་འཁྱོངས་བྱས་ནས་དགོན་སྡེའི་དོ་དམ་ལས་དོན་ལ་སྔར་བས་ཤུགས་སྣོན་དང་གསར་གཏོད་བྱས་པར་ཐོབ་པའི་ཕན་འབྲས་ལ་ཁས་ལེན་གང་ལེགས་གནང་བ་མ་ཟད། དགོན་སྡེའི་དགེ་འདུན་པ་དང་དོ་དམ་ཅུས་ཀྱི་ལས་བྱེད་པར་འཚམས་འདྲི་ཡང་གནང་བ་རེད། ཁོང་གིས་ཁུལ་ཡོངས་ཀྱི་རིམ་ཁག་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་ཁོངས་གཏོགས་ཀྱི་ལས་བྱེད་པས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་ནན་ཏན་བྱེད་དགོས། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་ཏེ་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ཆོས་ལུགས་ལས་དོན་དོ་དམ་བྱེད་པར་ཤུགས་སྣོན་རྒྱག་པ་དང་། དྲིན་ཚོར་སློབ་གསོ་དང་། ཁྲིམས་སྐྱོང་སློབ་གསོ། འཕེལ་རྒྱས་ཁྲིད་སྟོན་སློབ་གསོ་བཅས་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ་དང་། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་ཕན་ཚུན་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱ་དགོས། ཁོང་གིས་རྒྱ་ཆེའི་ཆོས་ལུགས་མི་སྣས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ནས་ཆབ་སྲིད་ཐད་བློས་འགེལ་ཆོག་པ་བྱེད་དགོས་པ་དང་། ཕྱོགས་ཡོངས་ནས་སློབ་གསོ་ནན་སྐྱོང་དང་། སྣེ་ཁྲིད་དེ་ཁྲིམས་སྲུང་སྒྲིག་ཁྲིམས། ཆོས་ལུགས་ཀྱི་བློ་སྦྱོང་ལེགས་སུ་གཏོང་བ་བཅས་བྱས་ནས་ཆོས་ལུགས་ཐད་ཡོན་ཚད་ཡོད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་བསྟར་ནས་ཏང་དང་། རྒྱལ་གཅེས་ཆོས་གཅེས། དམངས་ལ་ཕན་པ་བཅས་ཡོང་བ་བྱས་ཏེ་ཀུན་སྤྱོད་ཐད་ཀུན་གྱི་ཁས་ལེན་ཐོབ་པ་བྱེད་དགོས་པ། དར་ཆ་གསལ་སྟོན་དང་མདུང་རྩེ་ཁ་སྤྲོད་ཀྱིས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་ནས་ཁ་ཕྲལ་དང་གཏོར་བཤིག་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ་དང་བློ་བརྟན་འགྱུར་མེད་ངང་རྒྱལ་ཁབ་གཅིག་གྱུར་ལ་སྲུང་སྐྱོང་བྱས་ནས་འགག་རྩའི་དུས་སུ་ནུས་པ་ཏན་ཏིག་ཐོན་པ་བྱེད་དགོས།
ཉིན་དེར་ཝང་དབྱི་ཀྲི་དང་བཅས་པས་ད་དུང་སྒྱུར་བཀོད་རིམ་སྤོར་བྱེད་བཞིན་པའི་འཇོལ་གོང་གཞུང་ལམ་དང་རྨ་བྱ་རི་བོའི་ཕུག་ལམ་ཨར་ལས་བྱ་ཡུལ་དུ་བསྐྱོད་ནས་རྣམ་གྲངས་ཀྱི་འཕེལ་རིམ་ལ་ལྟ་ཞིབ་བྱས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། གཞུང་ལམ་སྒྱུར་བཀོད་རིམ་སྤོར་རྣམ་གྲངས་དེ་ཁྱོན་ཡོངས་ནས་རྩིས་སྤྲོད་བེད་སྤྱོད་བྱ་རྒྱུ་ཁྱོན་ཡོངས་ནས་ལེགས་སྒྲུབ་བྱེད་ཉེར་ཡོད་སྐབས་ཝང་དབྱི་ཀྲེས་བདེ་ཆེན་གཞུང་ལམ་དེ་ཡུན་ནན་ནུབ་རྒྱུད་ཀྱི་ཡུལ་སྐོར་ལམ་ཐིག་སྐྲུན་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ངོས་ནས་གཞུང་ལམ་སྒྱུར་བཀོད་རིམ་སྤོར་བྱ་རྒྱུ་དེ་ལམ་རྒྱུད་ཀྱི་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་དང་། སྤྱི་ཚོགས་དང་དཔལ་འབྱོར་སྤུས་ཚད་མཐོ་པོས་འཕེལ་རྒྱས། འཛམ་གླིང་གི་སེམས་ཀྱི་ཉི་ཟླར་རོགས་རམ་བྱས་ནས་འཛུགས་སྐྲུན་བྱ་རྒྱུ་བཅས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད། ཁོང་གིས་རྣམ་གྲངས་ཨར་སྐྲུན་ཚན་པར་ངེས་པར་དུ་རྣམ་གྲངས་ཀྱི་བདེ་འཇགས་དང་རྣམ་གྲངས་ཀྱི་སྤུས་ཚད་འགན་ལེན་བྱེད་པ་དང་དུས་མཚུངས་མཛེས་སྡུག་ལྡན་པའི་གཞུང་ལམ་བསྐྲུན་རྒྱུར་གཞི་ཚུགས་ནས“གཞུང་ལམ་དང་ཡུལ་སྐོར་ཟུང་དུ་འབྲེལ་བའི”འདུ་ཤེས་ལ་བརྟེན་ནས་གཅིག་གྱུར་འཆར་འགོད་དང་འཛུགས་སྐྲུན་བྱེད་དགོས་པ་དང་དུས་མཚུངས་གཞུང་ལམ་གྱི་དགུན་དུས་ཤར་བགྲོད་ཐུབ་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཇུས་འགོད་དང་ཞིབ་འཇུག་ཧུར་ཐག་བྱས་ནས་འཛམ་གླིང་གི་སེམས་ཀྱི་ཉི་ཟླར་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་དགོས་པའི་མངགས་བཅོལ་གནང་བ་རེད།