མེ་འཁོར་སྤ་སེའི་མིང་ངོ་མ་འགོད་པའི་ལམ་ལུགས་ལག་བསྟར་ཐད། ལོ་6ལོན་ཡོད་པ་དང་ལོ་14ལོན་མེད་པའི་བྱིས་པར་ངེས་པར་དུ་བྱིས་པའི་གཟིགས་སྐྱོང་སྤ་སེ་ཉོ་དགོས། ལོ་14ལོན་པའི་བྱིས་པར་རིན་གོང་ཆ་ཚང་གི་འཛིན་ཤོག་ཉོ་དགོས། སྤེ་སེ་ཡོད་པའི་མི་དར་མ་རེ་རེས་ལོ་6མ་ལོན་པའི་བྱིས་པ་གཅིག་རེ་ཞོར་དུ་ཁྲིད་ཆོག་པ་དང་མི་ལྷག་མ་རེ་བྱུང་སྟེ་མི་གྲངས་ལས་བརྒལ་ཚེ་བྱིས་པའི་གཟིགས་སྐྱོང་འཛིན་ཡིག་ཉོ་དགོས།
མེ་འཁོར་སྤ་སེའི་མིང་ངོ་མ་མི་འགོད་པའི་ལམ་ལུགས་ལག་བསྟར་ཐད། གཟུགས་པོའི་རིང་ཚད་ལ་སྨི་1.2ཡོད་པ་དང་སྨི་1.5མན་གྱི་བྱིས་པའི་གཟིགས་སྐྱོང་སྤ་སེ་ཉོ་དགོས། གཟུགས་པོའི་རིང་ཚད་ལ་སྨི་1.5ཡོད་པའི་བྱིས་པས་རིན་གོང་ཆ་ཚང་གི་སྤ་སེ་ཉོ་དགོས། སྤ་སེ་ཡོད་པའི་མི་དར་མ་རེ་རེས་གཟུགས་པོའི་རིང་ཚད་ལ་སྨི་1.2ཟིན་མེད་ཅིང་སྡོད་གནས་ལྷག་འཛིན་སྤྱོད་མི་བྱེད་པའི་བྱིས་པ་རེ་རིན་མེད་ངང་ཁྲིད་ཆོག མི་གྲངས་གཅིག་ལས་བརྒལ་ན་བྱིས་པའི་གཟིགས་སྐྱོང་འཛིན་ཡིག་ཉོ་དགོས།
བྱིས་པའི་གཟིགས་སྐྱོང་འཛིན་ཡིག་གི་མེ་འཁོར་ཐེངས་གྲངས་དང་སྡོད་གནས་དེ་མཉམ་དུ་འགྲོ་མཁན་གྱི་དར་མའི་འཛིན་ཡིག་དང་གཅིག་མཚུངས་ཡིན་དགོས་པ་དང་། འབབ་ཚུགས་སུ་སླེབས་སྐབས་དར་མའི་སྤ་སེའི་འབབ་ཚུགས་དང་བར་ཐག་རིང་པོ་ཡོད་མེད་རུང་། གོང་གསལ་གྱི་གཏན་འབེབས་ལྟར་རིན་མི་དགོས་པར་རླངས་འཁོར་ལ་སྡོད་པའི་བྱིས་པ་གཅིག་པུས་སྡོད་གནས་འཛིན་སྤྱོད་བྱ་སྐབས། བྱིས་པའི་གཟིགས་སྐྱོང་འཛིན་ཡིག་ཉོ་དགོས།
མེ་འཁོར་ལ་བསྡད་དེ་སློབ་གྲྭར་འགྲོ་དགོས་པའི་སློབ་མ་དང་ལྕགས་ལམ་སྐྱེལ་འདྲེན་ཁེ་ལས་ཀྱིས་ལམ་བར་དུ་བྱིས་པར་ལྟ་སྐྱོང་བྱ་རྒྱུར་ཁས་བླངས་ཡོད་པའི་བྱིས་པ་ཕུད། མེ་འཁོར་སྤ་སེའི་མིང་ངོ་མ་འགོད་པའི་ལམ་ལུགས་ལག་ལེན་ཏུ་བསྟར་བའི་གནས་ཚུལ་འོག་ལོ་14མ་ལོན་པའམ་ཡང་ན་མེ་འཁོར་སྤ་སེའི་མིང་ངོ་མ་མི་འགོད་པའི་ལམ་ལུགས་ལག་བསྟར་བྱས་པའི་གནས་ཚུལ་འོག གཟུགས་པོའི་རིང་ཚད་ལ་སྨི་1.5མེད་པའི་བྱིས་པ་རྣམས་དར་མ་དང་མཉམ་དུ་ཡུལ་སྐོར་དུ་འགྲོ་ཆོག