ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུ་སྐོར་གྱི་ཤེས་བྱ་ཆིག་བརྒྱ་མ།(17)

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-12-01   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་དྲ་བ།

81 ཏང་གིས་མི་དམངས་དམག་དཔུང་ལ      རྒྱུན་འཁྱོངས་དང་། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྲུན་བྱེད་པ་དང་། བཅོས་བསྒྱུར་ལ་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བ། ཚན་རྩལ་ལ་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བ། ཤེས་ལྡན་མི་སྣར་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བ། ཁྲིམས་ལྟར་དམག་དཔུང་བཅོས་སྐྱོང་བྱེད་པ་བཅས་རྒྱུན་འཁྱོངས་བྱེད་དགོས།
ལན། མགོ་ཁྲིད་མཐའ་གཅིག་ཏུ་བྱ་རྒྱུ། 

82 དམག་དོན་གྱི་རིགས་པའི་གཞུང་ལུགས་དེང་རབས་ཅན་དང་། དམག་དཔུང་གི་རྩ་འཛུགས་རྣམ་པ་དེང་རབས་ཅན། དམག་དོན་མི་སྣ་དེང་རབས་ཅན། གོ་མཚོན་སྒྲིག་ཆས་དེང་རབས་ཅན་བཅས་སུ་གང་མགྱོགས་གཏོང་བ་དང་།        དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་སྲུང་སྐྱོང་བྱེད་པའི་འཐབ་ཇུས་ཀྱི་ནུས་པ་ཆེ་རུ་གཏོང་དགོས་ཤིང་། དུས་རབས་གསར་པའི་མི་དམངས་དམག་དཔུང་གི་འགན་འཁྲི་དང་ལས་འགན་ནུས་ལྡན་ངང་བསྒྲུབ་དགོས།
ལན། རྒྱལ་ཁབ་ཀྱི་བདག་དབང་།

83 ཐའེ་ཝན་གནད་དོན་ཐག་གཅོད་བྱས་ཏེ་མེས་རྒྱལ་ཡོངས་སུ་གོང་བུ་གཅིག་གྱུར་ཡོང་བར་བྱ་རྒྱུ་ནི། ཏང་གི་དམ་བཅའ་ཉམས་མེད་ཀྱི་ལོ་རྒྱུས་ལས་འགན་ཡིན་པ་དང་། ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱི་ཐུན་མོང་གི་རེ་འདུན་ཡིན་ལ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བའི        ཡིན།
ལན། དགོས་ངེས་ཀྱི་བླང་བྱའང་། 

84       ཀྱི་བྱེད་ཕྱོགས་ནི་ངོགས་གཉིས་གཅིག་གྱུར་ཡོང་བའི་བྱེད་སྟངས་ཡག་ཤོས་ཡིན་པས། ངོགས་གཉིས་ཀྱི་སྤུན་ཟླ་དང་ཀྲུང་ཧྭ་མི་རིགས་ལ་ཕན་ཐོགས་ཆེ་ཤོས་ཡིན།
ལན། “ཞི་བས་གོང་བུ་གཅིག་གྱུར་དང་། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”། 

85 ཀྲུང་གོས        ཡི་རྨང་གཞིའི་སྟེང་རྒྱལ་ཁབ་ཁག་དང་མཛའ་མཐུན་མཉམ་ལས་རྒྱུན་འཁྱོངས་བྱེད་པ་དང་། རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་པར་སྐུལ་འདེད་གཏོང་བ། འདྲ་མཉམ་དང་སྒོ་འབྱེད། མཉམ་ལས་བཅས་ཀྱི་གོ་ལ་ཧྲིལ་པོའི་རོགས་ཟླའི་འབྲེལ་བ་ཟབ་སྤེལ་དང་རྒྱ་སྐྱེད་གཏོང་བ། རྒྱལ་ཁབ་སོ་སོ་དང་ཁེ་ཕན་བསྣོལ་འདྲེས་ཡོང་གནས་རྒྱ་ཆེར་གཏོང་བར་ཤུགས་སྣོན་པ་བཅས་བྱ་རྒྱུ་ཡིན། 
ལན། ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ།