རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-12-12   རྩོམ་ཁུངས།    མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར།
1. ནང་དོན། རྒྱལ་ཁབ་ཀྱི་ཆེས་རྩ་བ་དང་། ཆེས་གཙོ་བོའི་གནད་དོན་གཏན་འཁེལ་བྱས་ཡོད།
2. ནུས་པ། ཁྲིམས་ནུས་ཆེ་ཤོས་ཡིན། དེའང་གཅིག་ནས་རྩ་ཁྲིམས་ནི་སྤྱིར་བཏང་གི་བཅའ་ཁྲིམས་གཏན་འཁེལ་བྱེད་པའི་གཞི་འཛིན་ས་ཡིན། གཉིས་ནས་བཅའ་ཁྲིམས་ཁྲིམས་སྲོལ་གང་འདྲ་ཞིག་ཡིན་རུང་།རྩ་ཁྲིམས་ཀྱི་རྩ་དོན་དང་དེའི་ནང་དོན་དང་འགལ་མི་ཆོག གསུམ་ནས་རྩ་ཁྲིམས་ནི་རྒྱལ་ཁབ་ལས་ཁུངས་དང་སྤྱི་ཚོགས་ཚོགས་པ། སྤྱི་དམངས་བཅས་ཀྱི་བྱ་སྤྱོད་ཀྱི་ཚད་གཞི་མཐོ་ཤོས་ཡིན།
3. གཏན་འཁེལ་དང་དག་བཅོས་བྱེད་པའི་གོ་རིམ་དེ་བས་གཟབ་ནན་ཡིན། གཏན་འཁེལ་དང་དག་བཅོས་བྱེད་མཁན་དམིགས་བསལ་དུ་གྲུབ་པ་ཞིག་ཡིན་པ་ལས། སྤྱིར་བཏང་གི་ཁྲིམས་འཛུགས་ལས་ཁུངས་མིན།
གྲོས་འཆམ་བྱེད་པ་དང་ཆོག་མཆག་དགོད་པའི་གོ་རིམ་ཆེས་གཟབ་ནན་ཡིན།
གཉིས་པ། རྩ་ཁྲིམས་ཀྱི་དབྱེ་བ།
1.གཅིག་གྱུར་གྱི་རྩ་ཁྲིམས་ཁྲིམས་གཞུང་ཡོད་མེད་ལ་གཞིགས་ནས་དབྱེ་ན། ཁྲིམས་གཞུང་ཡོད་པའི་རྩ་ཁྲིམས་དང་ཁྲིམས་གཞུང་མེད་པའི་རྩ་ཁྲིམས་གཉིས་ཡོད།
2.དམིགས་བཙུགས་ཀྱི་གཏན་འཁེལ་བྱེད་པའི་ལས་ཁུངས་ཡོད་མེད་དང་། གཏན་འཁེལ་དང་དག་བཅོས་བྱེད་པའི་གོ་རིམ་གཟབ་ནན་ཡིན་མིན་ལ་གཞིགས་ནས་དབྱེ་ན། བརྟན་ཚུགས་རྩ་ཁྲིམས་དང་སྐབས་བསྟུན་རྩ་ཁྲིམས་གཉིས་ཡོད།
3.རྩ་ཁྲིམས་གཏན་འཁེལ་བྱེད་པོ་མི་འདྲ་བར་གཞིགས་ནས་དབྱེ་ན། རྒྱལ་པོས་གཏན་འཁེལ་བྱས་པའི་རྩ་ཁྲིམས་དང་དམངས་ཀྱིས་གཏན་འཁེལ་བྱས་པའི་རྩ་ཁྲིམས། གྲོས་མོལ་བྱས་ནས་གཏན་འཁེལ་བྱས་པའི་རྩ་ཁྲིམས་བཅས་གསུམ་ཡོད།
གསུམ་པ། རྩ་ཁྲིམས་ཀྱི་གྲུབ་ཆ།
གཅིག འཛམ་གླིང་སྤྱི་ཡོངས་ཀྱི་རྩ་ཁྲིམས་ཁྲིམས་གཞུང་གི་སྤྱིའི་གྲུབ་ཆ་ལ། གླེང་གཞི་དང་ནང་དོན་དངོས། ཟུར་བཀོད་བཅས་ནང་དོན་ཁག་ཆེན་པོ་གསུམ་ཡོད།
རྩ་ཁྲིམས་ཀྱི་གླེང་གཞིའི་ནང་རྒྱལ་ཁབ་ཀྱི་རྩ་ཁྲིམས་འཕེལ་རྒྱས་ལོ་རྒྱུས་དང་། གཞི་རྩའི་སྲིད་ཇུས་དང་འཕེལ་རྒྱས་ཀྱི་ཁ་ཕྱོགས་མཚོན་པར་བྱས་ཡོད་པས། དེ་ནི་རྩ་ཁྲིམས་ཀྱི་ཚད་མཐོའི་དོན་སྙིང་ཕྱོགས་བསྡོམས་བྱས་ཡོད་པ་ཞིག་ཡིན།
རང་རྒྱལ་རྩ་ཁྲིམས་ཀྱི་གླེང་གཞིའི་ནང་དོན་གཙོ་བོ་གཤམ་གསལ་ལྟར།
1. འཕེལ་རྒྱས་ཕྱིན་པའི་ལོ་རྒྱུས།
2. རྒྱལ་ཁབ་ཀྱི་གཞི་རྩའི་ལས་འགན་དང་མཛུབ་ཁྲིད་བསམ་བློ།
3. རྒྱལ་ཁབ་ཀྱི་གཞི་རྩའི་འཐབ་ཇུས།
(1) མེས་རྒྱལ་གོང་བུ་གཅིག་གྱུར་གྱི་བྱ་གཞག་ཆེན་མོ་ལེགས་འགྲུབ་བྱ་རྒྱུ།
(2) སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་གཞི་རྟེན་ནི་བཟོ་པ་དང་ཞིང་པ། ཤེས་ལྡན་མི་སྣ་བཅས་ཡིན།
(3) མཐུན་སྒྲིལ་བྱེད་ཐུབ་པ་ཐམས་ཅད་དང་མཐུན་སྒྲིལ་བྱས་ཏེ། རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་གོང་འཕེལ་གཏང་རྒྱུ།
4.རྩ་ཁྲིམས་ཀྱི་རྩ་བའི་ཁྲིམས་ལུགས་ཀྱི་གོ་གནས་དང་ནུས་པ་ཆེ་ཤོས་ཡིན་པ་གཏན་འཁེལ་བྱས་ཡོད།
དམིགས་བསལ་ཡིད་གཟབ་བྱ་རྒྱུ།
1. ཐའེ་ཝན་གྱི་གནས་བབ།
(1) ཐའེ་ཝན་ནི་ཀྲུང་གོའི་རྒྱལ་ཁབ་ཀྱི་ཆ་ཤས་ཤིག་ཡིན་པ།
(2) རྩ་ཁྲིམས་ཀྱིས་ཐའེ་ཝན་ཚུད་པའི་ཀྲུང་གོའི་ཁྱབ་ཁོངས་ཡོངས་ལ་ནུས་པ་ཐོན་པ།
2.རྩ་ཁྲིམས་དང་ཆིངས་ཡིག་གི་འབྲེལ་བ།
(1) རང་རྒྱལ་གྱི་དེང་སྤྱོད་རྩ་ཁྲིམས་སུ་རྩ་ཁྲིམས་དང་ཆིངས་ཡིག་བར་གྱི་འབྲེལ་བ་འཁོད་མེད།
(2) རྩ་ཁྲིམས་ཀྱི་གླེང་གཞིའི་ཁྲོད་གཞི་རྩའི་རྩ་དོན་གསལ་སྟོན་བྱས་ཡོད།
གཉིས། རང་རྒྱལ་གྱི་དེང་སྤྱོད་རྩ་ཁྲིམས་ཀྱི་ནང་དོན་དངོས་ཀྱི་གོ་རིམ་ནི། སྤྱིའི་རྩ་འཛིན་དང་། སྤྱི་དམངས་ཀྱི་གཞི་རྩའི་ཁེ་དབང་དང་འོས་འགན། རྒྱལ་ཁབ་ཀྱི་སྒྲིག་གཞི། རྒྱལ་དར་དང་རྒྱལ་གླུ། རྒྱལ་རྟགས། རྒྱལ་ས་བཅས་སོ། །
གསུམ། རྩ་ཁྲིམས་ཀྱི་ཟུར་བཀོད་ནི་དམིགས་བསལ་གྱི་གནད་དོན་ལ་དམིགས་བསལ་གྱི་གཏན་འཁེལ་ཟུར་བཀོད་བྱས་ཡོད་པ་ཞིག་ཡིན་པས། དེའི་ནུས་པ་ནི་སྤྱིར་བཏང་གི་ཁྲིམས་ལུགས་དོན་ཚན་དང་གཅིག་པ་མིན། དེར་ཁྱད་ཆོས་ཆེན་པོ་གཉིས་ཡོད་དེ། དམིགས་བསལ་གྱི་རང་བཞིན་དང་སྐབས་འཕྲལ་གྱི་རང་བཞིན་གཉིས་སོ།།