རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-12-13   རྩོམ་ཁུངས།    གངས་ལྗོངས་ཉི་གཞོན།
ཉེ་བའི་ལོ་ཤས་རིང་། སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་ཟུང་ཆུ་རྫོང་གིས་ཐེན་ཧྥུ་ཡུལ་སྐོར་མིང་གྲགས་རྫོང་འཛུགས་སྐྲུན་བྱེད་པར་སྤྱི་འདོམས་བྱས་པ་དང་། ཡུལ་སྐོར་འདོན་སྤྲོད་རང་བཞིན་གྱི་སྒྲིག་གཞི་བཅོས་སྒྱུར་གཙོ་བོར་བཟུང་ནས་ཧུར་ཐག་གིས་རྫོང་ཁོངས་ཡུལ་སྐོར་གྱི་གསར་སྤེལ་འཕེལ་རྒྱས་དང་ཁྱད་ལྡན་འཕེལ་རྒྱས། མཉམ་འདྲེས་འཕེལ་རྒྱས། སྤུས་ལེགས་འཕེལ་རྒྱས་བཅས་ལ་སྐུལ་འདེད་བཏང་ནས། སྤུས་ཚད་མཐོ་བའི་ཁོངས་ཡོངས་ཡུལ་སྐོར་རྣམ་པ་གསར་པ་བསྐྲུན།
རྒྱུས་ལོན་བྱུང་བ་ལྟར་ན། 2021ལོར། ཟུང་ཆུ་རྫོང་གི་ཡུལ་སྐོར་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་47.65ཟིན་པ་དང་དུས་མཉམ་ལས17.6%འཕར་ཞིང་། ཡུལ་སྐོར་བ་གྲངས་ཐེངས་ཁྲི580.03སྣེ་ལེན་བྱས་ནས་ཡུལ་སྐོར་ཐོན་ལས་དེ་རྫོང་ཡོངས་ཀྱི་ཐོན་ལས་གཙོ་བོར་གྱུར། གཞན་ཐེན་ཧྥུ་ཡུལ་སྐོར་མིང་གྲགས་རྫོང་བསྐྲུན་པར་དམིགས་ཏེ། རྫོང་ཨུའི་ཧྲུའུ་ཅི་དང་རྫོང་དཔོན་ཚོགས་ཆུང་གི་འགན་འཛིན་པ་བྱེད་པའི་གསར་སྤེལ་ལས་དོན་མགོ་ཁྲིད་ཚོགས་ཆུང་དང་། ཟུང་ཆུ་རྫོང་གི “ཐེན་ཧྥུ་ཡུལ་སྐོར་མིང་གྲགས་རྫོང་བསྐྲུན་པའི་གཞུང་ལས་ཁང” ། མཉམ་འབྲེལ་གྲོས་ཚོགས་ལམ་ལུགས་སོགས་བཙུགས་ཏེ། ལས་རིགས་ཀྱི་རང་གཅུན་ལམ་སྲོལ་ཇེ་ལེགས་སུ་བཏང་།
དུས་མཚུངས་སུ་ཟུང་ཆུ་རྫོང་གིས་རྩེ་གྲའི་འཆར་འགོད་ནན་གྱིས་ལེགས་སྒྱུར་བྱས་ནས། ཡུལ་སྐོར་ཇུས་འགོད་དེ་གྲོང་གསེབ་འཛུགས་སྐྲུན། ས་ཞིང་བེད་སྤྱོད། ཁོར་ཡུག་སྲུང་སྐྱོང་། གྲོང་གསེང་དར་སྤེལ་སོགས་ཀྱི་འཆར་འགོད་དང་སྦྲེལ་མཐུད་བྱས་ཏེ་གྲོང་ཁྱེར་དང་ཡུལ་སྐོར། ལས་རིགས་མཉམ་འདྲེས་གཅིག་འདུས་ཀྱི་འཕེལ་རྒྱས་མ་ལག་གྲུབ་ཡོད། གསར་སྤེལ་ཁོར་ཡུག་ལེགས་བསྒྱུར་བྱས་ནས་སྐུལ་སློང་སྲིད་ཇུས་རབ་དང་རིམ་པ་དོན་འཁྱོལ་བྱས་པ་དང་། ཁོངས་ཡོངས་ཡུལ་སྐོར་འཕེལ་རྒྱས་སུ་བཏང་ནས་མང་ཚོགས་ལས་ཞུགས་ལ་སྐུལ་འདེད་དང་། གྲོང་གསེབ་དར་སྤེལ་དང་ས་གནས་མང་ཚོགས་ཀྱི་ཡོང་འབབ་འཕར་བར་སྐུལ་འདེད་བཏང་། །