ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུ་སྐོར་གྱི་ཤེས་བྱ་ཆིག་བརྒྱ་མ།(སྟོད་ཆ)

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-12-14   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་དྲ་བ།

    1.ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་ནི་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་རྒྱལ་ཁབ་ཀྱི་བགྲོད་ལམ་གསར་བའི་སྟེང་བསྐྱོད་པ་དང་། (ལོ་བརྒྱ་ཕྲག་གཉིས་པའི་འབད་འཐབ་དམིགས་འབེན)ཕྱོགས་སུ་སྐྱོད་པའི་གནད་འགག་གི་དུས་སྐབས་སུ་འཚོགས་པའི་ཚོགས་ཆེན་ཧ་ཅང་གལ་ཆེན་ཞིག་ཡིན།  

    2.ཏང་གི་ཚོགས་ཆེན་ཉི་ཤུ་པའི་བརྗོད་དོན་ནི། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ། རླབས་ཆེ་བའི་ཏང་འཛུགས་སྙིང་སྟོབས་དར་སྤེལ་གཏོང་བ། རང་རྟོན་རང་དར་དང་བདེན་སྲུང་གསར་གཏོད། ཡར་བརྩོན་ལྷུར་ལེན། (ཞུམ་མེད་མདུན་སྐྱོད)བཅས་ཀྱིས། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་། ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་སྐུལ་སྤེལ་གྱི་ཆེད་དུ་མཐུན་སྒྲིལ་འབད་འཐབ་བྱ་རྒྱུ་དེ་ཡིན།

    3.ང་ཚོས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར་བརྒྱ་ལོན་པ་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པར་གཟབ་རྒྱས་ངང་རྟེན་འབྲེལ་ཞུས་ཏེ། ལོ་རྒྱུས་ཀྱི་གྲོས་ཆོད(ཐེངས་གསུམ་པ)གཏན་འབེབས་བྱས་ཤིང་། ཏང་ཡོངས་སུ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བ་ཡིན།

    4.གློ་བུར་དུ་བྱུང་བའི་པྲོག་གསར་གློ་ཚད་རིམས་ནད་ལ་གདོང་གཏད་དེ། ང་ཚོས་མི་དམངས་བླ་ན་མེད་པ་དང(ཚེ་སྲོག་བླ་ན་མེད་པ)རྒྱུན་འཁྱོངས་བྱས་ཏེ། འགུལ་རྣམ་གཙང་སེལ་འགྱུར་བ་མེད་པ་རྒྱུན་འཁྱོངས་བྱས་པ་དང་། པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་བྱེད་པའི་མི་དམངས་དམག་འཐབ་དང་སྤྱི་ཡོངས་དམག་འཐབ། བཀག་འགོག་དམག་འཐབ་སྤེལ་ཏེ། མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞིའི་བདེ་ཐང་ལ་སྲུང་སྐྱོབ་གང་ལེགས་བྱས་པ་དང་། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་གལ་ཆེན་ལེན་པར་སྤྱི་འདོམས་བྱས།

    5.ལོ་ངོ་བཅུའི་རིང་ལ། ང་ཚོ་ཏང་དང་མི་དམངས་ཀྱི་བྱ་གཞག་ལ་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་དང་ལོ་རྒྱུས་ཀྱི་དོན་སྙིང་གཏིང་ཟབ་ལྡན་པའི་དོན་ཆེན་གསུམ་བརྒྱུད་པ་སྟེ། གཅིག་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བ་བསུས་པ་ཡིན། གཉིས་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས(དུས་རབས་གསར་པར)བསྐྱོད་པ་ཡིན། གསུམ་ནི་དབུལ་ཐར་འགག་སྒྲོལ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཚར་བར་བྱེད་པའི་ལོ་རྒྱུས་ཀྱི་ལས་འགན་ལེགས་འགྲུབ་བྱུང་སྟེ། ལོ་བརྒྱ་ཕྲག་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱས་པ་ཡིན།

    6.ང་ཚོས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གསར་གཏོད་བྱས་ཤིང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་གཞི་རྩའི་ཇུས་གཞི་ཁ་གསལ་བཟོས་པ་དང་། རྒྱལ་སྲིད་སྐྱོང་ལུགས་ཀྱི་འདུ་ཤེས་གསར་པ་དང་། བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་རབ་དང་རིམ་པ་བཏོན་ཏེ། མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བའི(མཆོང་སྐྱོད་གསར་བ)མངོན་འགྱུར་བྱུང་ཡོད།

    7.ང་ཚོས་མུ་མཐུད་དུ་འབད་འཐབ་བྱས་པ་བརྒྱུད་ཀྲུང་ཧྭ་མི་རིགས་ཀྱི་སྟོང་ལོའི་ཕུགས་འདུན་འབྱོར་འབྲིང་ཅན་དུ་མངོན་འགྱུར་བྱུང་ཞིང་། མིའི་རིགས་ཀྱི་ལོ་རྒྱུས་ཁྲོད་གཞི་ཁྱོན་ཆེས་ཆེ་ཤོས་ཀྱི་དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་དང་། རྒྱལ་ཡོངས་ཀྱི་དབུལ་བོ་རྫོང་བརྒྱད་བརྒྱ་སོ་གཉིས་ཚང་མ་དབུལ་ཞྭ་དོར་པས། ཞིང་སྡེའི་དབུལ་བོ(དུང་ཕྱུར་གཅིག)ལྷག་དབུལ་ཕོངས་ལས་ཐར་པ་མ་ཟད། དབུལ་བོ་མི་གྲངས་ཁྲི་དགུ་བརྒྱ་དང་དྲུག་ཅུ་ལྷག་ཡུལ་གཞན་གནས་སྤོར་བྱས་པ་རེད།

    8.རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་ལྔ་བཅུ་ང་བཞི་ནས་སྒོར་དུང་ཕྱུར་ཁྲི་བརྒྱ་དང་བཅུ་བཞིའི་བར་འཕར་བ་དང་། རང་རྒྱལ་གྱི་དཔལ་འབྱོར་བསྡོམས་འབོར་གྱིས་འཛམ་གླིང་དཔལ་འབྱོར་བསྡུར་ཚད་ཀྱི་བརྒྱ་ཆའི་བཅོ་བརྒྱད་དང་ཚེག་ལྔ་ཟིན་ཞིང་བརྒྱ་ཆའི་གཞི་གྲངས་བདུན་དང་ཚེག་གཉིས་འཕར་ཏེ། འཛམ་གླིང་གི(ཨང་གཉིས་པར)བརྟན་པོར་གནས་ཡོད།

    9.རང་རྒྱལ་གྱི་བཟོ་སྐྲུན་ལས་རིགས་ཀྱི་གཞི་ཁྱོན་དང་ཕྱི་དངུལ་གསོག་འཇོག་འཛམ་གླིང་གི(ཨང་དང་པོར)བརྟན་པོར་གནས་ཡོད།

    10.རྨང་གཞིའི་ཞིབ་འཇུག་དང་ཐོག་མའི་གསར་གཏོད་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་དང་། འགག་རྩ་དང་སྲོག་ཤིང་གི་ལག་རྩལ་ཁག་ཅིག་འགག་སྒྲོལ་བྱུང་ཡོད། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་འཕེལ་རྒྱས་དང་རྒྱ་སྐྱེད་བྱུང་བ་དང་། མི་ཞུགས་མཁའ་སྐྱོད་དང་། ཟླ་བ་དང་མིག་དམར་བརྟག་འཇལ། མཚོ་གཏིང་ས་གཏིང་བརྟག་འཇལ། རིམ་འདས་རྩིས་འཁོར། འཁོར་སྐར་ཕྱོགས་སྟོན། ཚད་རྡུལ་ཆ་འཕྲིན། རྡུལ་གློག་ལག་རྩལ། གནམ་གྲུ་ཆེན་པོ་བཟོ་སྐྲུན། སྐྱེ་དངོས་གསོ་རིག་སྨན་རྫས་སོགས་ལ་གྲུབ་འབྲས་ཆེན་པོ་ཐོབ་པས། (གསར་གཏོད་ཅན) གྱི་རྒྱལ་ཁབ་ཀྱི་གྲས་སུ་ཚུད་ཡོད།

    11.རང་རྒྱལ་ནི་རྒྱལ་ཁབ་དང་ས་ཁུལ་བརྒྱ་དང་བཞི་བཅུ་ལྷག་གི་ཉོ་ཚོང་གྲོགས་པོ་གཙོ་བོར་གྱུར་ནས། དངོས་ཟོག་ཉོ་ཚོང་གི་བསྡོམས་འབོར  (འཛམ་གླིང་གི་ཨང་དང་པོར)  སླེབས་པ་དང་། ཕྱི་དངུལ་འགུག་པ་དང་ཕྱི་ཕྱོགས་སུ་མ་དངུལ་འཇོག་གྲངས་འཛམ་གླིང་གི་མདུན་གྲལ་དུ་སླེབས་ཡོད་པས། ཁྱབ་རྒྱ་སྔར་ལས་ཆེ་བ་དང་། ཁྱབ་ཁོངས་སྔར་ལས་ཡངས་པ། རིམ་པ་སྔར་ལས་ཟབ་པ་བཅས་ཀྱི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་རྣམ་པ་ཆགས་ཡོད།

    12.ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་གཏོང་བའི་འགྲོ་ལམ་དུ་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཕྱོགས་ཡོངས་ནས  (བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ)  འཕེལ་རྒྱས་བཏང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་དེ་ལམ་ལུགས་ཅན་དང་། ཚད་ལྡན་ཅན། ལས་རིམ་ཅན་བཅས་སུ་འགྱུར་བར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་།

    13.སྡོད་དམངས་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་སྒོར་ཆིག་ཁྲི་དྲུག་སྟོང་ལྔ་བརྒྱ་ནས  (སུམ་ཁྲི་ལྔ་སྟོང་ཆིག་བརྒྱ)  ཡི་བར་འཕར་ཡོད།

    14.མི་དམངས་མང་ཚོགས་ཀྱི་ཐོབ་སྣང་སྐྱིད་སྣང་བདེ་སྣང་གསུམ་སྔར་བས་ཆེ་རུ་ཕྱིན་པ་དང་། སྔར་བས་འགན་སྲུང་ཡོད་པ། སྔར་བས་རྒྱུན་མཐུད་ཐུབ་པ་བཅས་བྱུང་ཡོད། (མཉམ་དུ་ཕྱུག་པོར་འགྱུར་བར)  ཕན་འབྲས་གསར་པ་ཐོབ་ཡོད།

    15.རི་སྔོ་ཆུ་དྭངས་ནི  (གསེར་རི་དངུལ་རི)  ཡིན་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་མ་བཅས་གཞི་གཅིག་ཅན་དུ་སྲུང་སྐྱོབ་དང་མ་ལག་ལྡན་པར་བཅོས་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱས། ཕྱོགས་མཐའ་ཡོངས་དང་། ས་ཁོངས་ཡོངས། བརྒྱུད་རིམ་ཡོངས་བཅས་ཀྱི་སྒོ་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་ཞིང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ལོ་རྒྱུས་རང་བཞིན་དང་། དཀྱོག་མཚམས་རང་བཞིན། ཁྱོན་ཡོངས་རང་བཞིན་བཅས་ཀྱི་འགྱུར་ལྡོག་བྱུང་སྟེ། ང་ཚོའི་མེས་རྒྱལ་གྱི་ནམ་མཁའ་སྔར་ལས་སྔོ་ཞིང་། རི་བོ་སྔར་ལས་ལྗང་བ་དང་། ཆུ་བོ་སྔར་ལས་དྭངས་པ་བཅས་བྱུང་ཡོད།

    16.(སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ)ལག་ལེན་མཐར་ཕྱིན་བྱས་ཤིང་བློ་རྩ་བརྟན་པོའི་གཤིས་རྒྱུད་ལ་བརྟེན་ནས་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་ལ་སྲུང་སྐྱོང་བྱས་སྟབས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཁྱོན་ཡོངས་ནས་ཤུགས་བསྣན་པ་རེད།

    17.མཉམ་བཅོས་དང་མཉམ་སྐྲུན། མཉམ་སྤྱོད་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་ལམ་ལུགས་སྔར་ལས་འཐུས་ཚང་དུ་བཏང་ཞིང་ནག་སེལ་ངན་འཇོམས་ཀྱི་ཆེད་དོན་འཐབ་རྩོད་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་མ་ཟད། རང་བྱུང་གི་གནོད་འཚེ་ཚབས་ཆེན་མང་པོར་ནུས་ལྡན་སྒོས་ཁ་གཏད་བཅད་པས(བདེ་འཇགས་ཀྲུང་གོ)འཛུགས་སྐྱོང་བྱེད་པའི་ཆུ་ཚད་སྔར་ལས་ཇེ་མཐོར་སོང་ཡོད།

    18.ཁྱོན་ཡོངས་ནས་ཡང་དག་སྒོས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལག་ལེན་ལ་སྐུལ་འདེད་བཏང་ཞིང་།  “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”དང་། “ཞང་ཀང་བས་ཞང་ཀང་སྐྱོང་བ” “ཨའོ་མོན་པས་ཨའོ་མོན་སྐྱོང་བའི” (ཚད་མཐོའི་རང་སྐྱོང)བཅས་ཀྱི་བྱེད་ཕྱོགས་མཐའ་འཁྱོངས་བྱས་པ་རེད།

    19.ཁྱོན་ཡོངས་ནས་ཀྲུང་གོ་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་ལ་སྐུལ་འདེད་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པར་སྐུལ་འདེད། རྒྱལ་སྤྱིའི་དྲང་གཞག་དང་དྲང་བདེན་ལ་བློ་བརྟན་འགྱུར་མེད་སྒོས་སྲུང་སྐྱོང་བཅས་བྱས་ཏེ། ཕྱོགས་རྐྱང་པའི་རིང་ལུགས་དང་སྲུང་སྐྱོང་རིང་ལུགས། (བཙན་དབང་རིང་ལུགས)བཅས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱ་དགོས།

    20.ལོ་རྒྱུས་ཐོག་བྱུང་མ་མྱོང་བའི་རུལ་སུངས་ངོ་རྒོལ་ལ་འཐབ་རྩོད་བྱས་ཏེ། “མི་དུང་ཕྱུར་བཅུ་བཞི་ཡི་རེ་བ་སྟོང་ཟད་དུ་མི་གཏོང་ཆེད་མི་བརྒྱ་ཕྲག་འགའ་ལ་ཕོག་ཐུག་གཏོང་ཆོག་ཆོག་ཡིན་པའི”འགན་འཁྲི་ཕྲག་ཏུ་འཁུར་ནས། རུལ་སུངས་བྱེད་མི་ཕོད་པ་དང་། (རུལ་སུངས་བྱེད་མི་རུང་བ)  (རུལ་སུངས་བྱེད་མི་འདོད་པ)བཅས་ཀྱི་གཞི་གཅིག་ཅན་ལ་སྐུལ་འདེད་བཏང་ཡོད།

    21. “སྟག་རྡུང”དང“སྦྲང་གསོད།”  (“ཝ་རྔོན”) བཅས་ཐབས་མང་མཉམ་སྤྱོད་བྱས་ཏེ། རུལ་རྒོལ་འཐབ་རྩོད་ལ་ཟིལ་གནོན་རང་བཞིན་གྱི་རྒྱལ་ཁ་ཐོབ་པ་མ་ཟད་ཕྱོགས་ཡོངས་ནས་སྲ་བརྟན་དུ་བཏང་ཞིང་། ཏང་དང་རྒྱལ་ཁབ། དམག་དཔུང་བཅས་ཀྱི་ནང་ཁུལ་དུ་གནས་པའི་མངོན་མེད་རྐྱེན་ངན་ཚབས་ཆེན་བསལ་བ་རེད།

    22.འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། ཏང་གིས (རང་ངོས་གསར་བརྗེ་བྱེད་པ) སྟེ་ཟིང་འཇགས་དར་རྒུད་ཀྱི་ལོ་རྒྱུས་རེས་འཁོར་གྱི་ཡུན་ཚད་ལས་ཐར་བར་བྱེད་པའི་དྲིས་ལན་གཉིས་པ་འདི་རྙེད་པ་དང་། ནམ་ཡང་ཏང་གི་ངོ་བོ་མི་འགྱུར་བ་དང་། རང་མདངས་མི་འགྱུར་བ། བྲོ་བ་མི་འགྱུར་བ་བཅས་ལ་ཁག་ཐེག་བྱས།

    23.དུས་རབས་གསར་བའི(གྲུབ་འབྲས་རླབས་པོ་ཆེ) ནི་ཏང་དང་མི་དམངས་ཀྱིས་མཉམ་དུ་དཀའ་སྤྱད་དང་། དོན་གཉེར། འབད་འཐབ་བཅས་བྱས་ནས་ཐོབ་པ་ཞིག་ཡིན།

    24.དུས་རབས་གསར་བའི་ལོ་བཅུའི་རིང་གི་འཕོ་འགྱུར་རླབས་པོ་ཆེ་དེར་ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། བཅོས་བསྒྱུར་སྒོ་འབྱེད་ཀྱི་ལོ་རྒྱུས། (སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས) ། ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་ཀྱི་སྟེང་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་ཡོད།

    25.ཀྲུང་གོ་གུང་ཁྲན་ཏང་འཇོན་པོ་ཡིན་དོན་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཡག་པོ་ཡིན་དོན་དེ་མཐུར་གཏུགས་ནས་བཤད་ན་མར་ཁེ་སི་རིང་ལུགས་ཡང་དག་པ་དང་། (ཀྲུང་གོ་ཅན་དང་དུས་རབས་ཅན) གྱི་མར་ཁེ་སི་རིང་ལུགས་ཡང་དག་པར་བརྟེན་ནས་བྱུང་བ་རེད།

    26.ཚན་རིག་དང་མཐུན་པའི་མར་ཁེ་སི་རིང་ལུགས་ཀྱི་རིག་པའི་གཞུང་ལུགས་ཀྱིས་ཁྲིད་སྟོན་བྱེད་པ་ནི་ང་ཚོའི་ཏང་གི་དད་སེམས་དང་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། ལོ་རྒྱུས་ཀྱི་རང་འགུལ་ཁོང་དུ་ཆུད་པར་བྱེད་པའི( རྩ་བའི་རྩ་བ )ཡིན།

    27.ཡོད་ཚད་དོན་དངོས་ནས་མགོ་བརྩམས་ཏེ། དུས་རབས་གསར་བའི་བཅོས་བསྒྱུར་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་དངོས་ཡོད་གནས་ཚུལ་ལ་དམིགས་ནས་ཐག་གཅོད་བྱ་རྒྱུ་དང་། རྒྱུན་མི་ཆད་པར་ཀྲུང་གོའི་དྲི་བ་དང་འཛམ་གླིང་གི་དྲི་བ། ( མི་དམངས་ཀྱི་དྲི་བ ) དུས་རབས་ཀྱི་དྲི་བ་བཅས་ལ་ལན་འདེབས་རྒྱུ། ཀྲུང་གོའི་དོན་དངོས་དང་དུས་རབས་ཀྱི་དགོས་མཁོ་དང་མཐུན་པའི་ཡང་དག་གི་ལན་འདེབས་རྒྱུ་དང་། ཕྱི་ཡུལ་གྱི་ཆོས་ཉིད་དང་མཐུན་པའི་ཚན་རིག་གི་ཤེས་རྟོགས་བྱ་རྒྱུ། བབ་བསྟུན་མདུན་སྐྱོད་ཀྱི་གཞུང་ལུགས་གྲུབ་འབྲས་ཆགས་པར་བྱས་ཏེ། སྔར་ལས་ཀྲུང་གོའི་ལག་ལེན་ལ་ཁྲིད་སྟོན་བྱེད་དགོས།

    28.ད་ནས་བཟུང་ཀྲུང་གོ་གུང་ཁྲན་ཏང་གི་ལྟེ་བའི་འགན་འཁྲི་ནི་མཐུན་སྒྲིལ་སྒོས་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་རྣམས་ཁྲིད་དེ་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱབ་ཁབ་སྟོབས་ཆེན་འཛུགས་སྐྱོང་དང་ལོ་བརྒྱ་ཕྲག་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱ་རྒྱུ། ( ཀྲུང་གོ་རྣམ་པའི་དེང་རབས་ཅན )གྱིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས་པ་དེ་རེད།

    29.ཀྲུང་གོ་རྣམ་པའི་དེང་རབས་ཅན་ནི( ཀྲུང་གོ་གུང་ཁྲན་ཏང )གིས་མགོ་ཁྲིད་པའི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་ཡིན་ལ། དེར་རྒྱལ་ཁབ་སོ་སོའི་དེང་རབས་ཅན་གྱི་ཐུན་མོང་གི་ཁྱད་ཆོས་ལྡན་པ་མ་ཟད། རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་ཀྲུང་གོའི་ཁྱད་ཆོས་ཀྱང་ལྡན་པ་རེད།

    30.མ་འོངས་པའི( ལོ་ལྔ )ནི་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་མགོ་འཛུགས་ས་དང་གནད་འགག་གི་དུས་སྐབས་ཤིག་ཡིན་པ་རེད།

    31.རང་རྒྱལ་གྱི་འཕེལ་རྒྱས་དེ་འཐབ་ཇུས་ཀྱི་གོ་སྐབས་དང་ཉེན་ཁ་འགྲན་སློང་མཉམ་གནས་དང་། ངེས་གཏན་མེད་པ་དང་སྔོན་དཔག་དཀའ་བའི་རྒྱུ་རྐྱེན་མང་དུ་འགྲོ་བའི་དུས་སྐབས་ཤིག་ཏུ་སླེབས་ཡོད་ལ། “ངང་པ་ནག་པོ”དང(“བསེ་རུ་སྐྱ་བོའི”)དོན་རྐྱེན་སྣ་ཚོགས་དུས་དང་རྣམ་པ་ཀུན་ཏུ་ཐོན་ཉེན་ཡོད།

    32.ང་ཚོས་ངེས་པར་ཉམས་ཉེན་རྟོགས་པའི་འདུ་ཤེས་ཆེ་རུ་གཏོང་བ་དང་། (མཐའ་ཚད་ཀྱི་བསམ་གཞིགས)རྒྱུན་འཁྱོངས། བདེ་སྡོད་ཉེན་བསམ་དང་ཆུ་མ་ཡོང་གོང་ནས་རགས་རྒྱག་པ་བཅས་བྱས་ཏེ། རླུང་འཚུབ་རླབས་འཕྱོ་དང་ཐ་ན་འཇིགས་རུང་དྲག་རླབས་ཀྱི་ཉམས་སད་ཆེན་པོ་མྱོང་བའི་གྲ་སྒྲིག་བྱེད་དགོས།

    33.( མི་དམངས་ལྟེ་བར་འཛིན་པའི)འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱེད་དགོས། མི་དམངས་ཀྱི་ཆེད་དུ་འཕེལ་རྒྱས་གཏོང་བ་དང་། མི་དམངས་ལ་བརྟེན་ནས་འཕེལ་རྒྱས་གཏོང་བ། འཕེལ་རྒྱས་ཀྱི་གྲུབ་འབྲས་མི་དམངས་ཀྱིས་མཉམ་དུ་ལོངས་སུ་སྤྱོད་པ་བཅས་རྒྱུན་ཆད་མེད་པར་མངོན་འགྱུར་བྱས་ཏེ། དེང་རབས་ཅན་འཛུགས་སྐྲུན་གྱི་གྲུབ་འབྲས་སྔར་ལས་མང་བ་དང་། སྔར་ལས་དྲང་སྙོམས་ཀྱི་སྒོ་ནས་མི་དམངས་ཡོངས་ལ་ཕན་ཐོགས་པར་བྱེད་དགོས།

    34. (སྤུས་ཚད་མཐོ་བའི་འཕེལ་རྒྱས) ནི་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ལས་འགན་གཙོ་བོ་ཡིན།

    35. (དངོས་པོའི་ལག་རྩལ) གྱི་རྨང་གཞི་བརྟན་པོ་མེད་ན། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་ཐབས་མེད།

    36.དཔལ་འབྱོར་གོང་སྤེལ་དུ་གཏོང་བའི་ཤུགས་འདོན་ས་དེ( དངོས་གཉེར་དཔལ་འབྱོར )སྟེང་འཇོག་པར་རྒྱུན་འཁྱོངས་བྱས་ཏེ། རྣམ་པ་གསར་བའི་བཟོ་ལས་ལ་སྐུལ་འདེད་དང་མགྱོགས་མྱུར་སྒོས་བཟོ་སྐྲུན་གྱི་སྟོབས་ལྡན་རྒྱལ་ཁབ་དང་རྒྱུ་སྤུས་ཀྱི་སྟོབས་ལྡན་རྒྱལ་ཁབ། འཇིག་རྟེན་འཕུར་གྲུའི་སྟོབས་ལྡན་རྒྱལ་ཁབ། འགྲིམ་འགྲུལ་གྱི་སྟོབས་ལྡན་རྒྱལ་ཁབ། དྲ་རྒྱའི་སྟོབས་ལྡན་རྒྱལ་ཁབ། གྲངས་འཛིན་ཀྲུང་གོ་སོགས་འཛུགས་སྐྲུན་བྱེད་དགོས།

    37.ཕྱོགས་ཡོངས་ནས་འབྲུ་རིགས་བདེ་འཇགས་ཀྱི་རྨང་གཞི་ཇེ་བརྟན་དུ་བཏང་སྟེ་རྨོ་ཞིང་མུའུ( དུང་ཕྱུར་བཅོ་བརྒྱད )ཀྱི་དམར་ཐིག་བརྟན་སྲུང་བྱ་དགོས།

    38.གྲོང་གསེབ་ཀྱི་ས་ཞིང་ལམ་ལུགས་ལ་བཅོས་བསྒྱུར་གཏིང་ཟབ་བྱས་ཏེ། ཞིང་པར་སྔར་ལས་རྒྱུ་ནོར་གྱི་ཁེ་དབང་གང་ལེགས་སྤྲོད་དགོས། གྲོང་ཁྱེར་དུ་གཞིས་ཆགས་པའི་ཞིང་པའི་ཁྲིམས་མཐུན་ས་ཞིང་གི་ཁེ་དབང་ལ་འགན་སྲུང་བྱ་རྒྱུ་དང་། ཁྲིམས་ལྟར་རང་མོས་སྒོས( རིན་དོད་ཡོད་པའི་སྒོ་ནས་བཤུག་སྤྲོད )བྱེད་པར་སྐུལ་ལྕག་གཏོང་དགོས།

    39. ( ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་འཐབ་ཇུས )དང་ས་ཁོངས་ཀྱི་འཐབ་ཇུས་གལ་ཆེན། གཙོ་གཞི་བྱེད་ནུས་ཁུལ་གྱི་འཐབ་ཇུས། རྣམ་པ་གསར་བའི་མཁར་གྲོང་གི་འཐབ་ཇུས་བཅས་ལག་བསྟར་གཏིང་ཟབ་བྱ་རྒྱུ་དང་། ཐོན་སྐྱེད་ནུས་ཤུགས་ཀྱི་སྒྲིག་བཀོད་གལ་ཆེན་ལེགས་བསྒྱུར་བྱ་རྒྱུ། ལེགས་ཆ་གསབ་རེས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ས་ཁོངས་ཀྱི་དཔལ་འབྱོར་སྒྲིག་བཀོད་དང་རྒྱལ་ཁོངས་ཀྱི་བར་མཐོངས་མ་ལག་འཛུགས་དགོས།

    40.མགྱོགས་མྱུར་སྒོས་ཉོ་ཚོང་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་དགོས། ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན། (རྒྱལ་སྤྱི་ཅན) བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་བསྐྲུན་དགོས།

    41.སློབ་གསོ་དང་ཚན་རྩལ། འཇོན་མི་བཅས་ནི་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི (རྨང་གཞི་རང་བཞིན་དང་འཐབ་ཇུས་རང་བཞིན) གྱི་འདེགས་སྐྱོར་ཡིན།

    42.སློབ་གསོ་དམིགས་བསལ་གྱིས་སྔོན་ལ་འཕེལ་རྒྱས་གཏོང་བ་དང་། ཚན་རྩལ་རང་ཚུགས་རང་དར་བྱེད་པ། འཇོན་མིས་ཁྲིད་སྟོན་དང་སྐུལ་འདེད་གཏོང་བ་བཅས་རྒྱུན་འཁྱོངས་བྱས་ཏེ། (སློབ་གསོའི་རྒྱལ་ཁབ་སྟོབས་ལྡན) དང་། ཚན་རྩལ་གྱི་རྒྱལ་ཁབ་སྟོབས་ལྡན། འཇོན་མིའི་རྒྱལ་ཁབ་སྟོབས་ལྡན་བཅས་མགྱོགས་སུ་འཛུགས་སྐྲུན་བྱེད་པ་དང་། ཏང་ལ་འཇོན་མི་གསོ་སྐྱོང་དང་རྒྱལ་ཁབ་ལ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཕྱོགས་ཡོངས་ནས་འཇོན་མི་རང་བརྟེན་གྱིས་གསོ་སྐྱོང་བྱེད་པའི་སྤུས་ཚད་མཐོ་རུ་གཏོང་བ་དང་། གསར་གཏོད་ཀྱི་འཇོན་མི་རྩེར་སོན་སྐྱེད་སྲིང་བྱེད་པ་དང་། ཕྱོགས་ཀྱི་མཁས་པ་བཀུག་ནས་ལས་སུ་སྤྱོད་གང་ཐུབ་བྱེད་དགོས།

    43. (སློབ་གསོ་གྲངས་འཛིན་ཅན) དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། དམངས་ཡོངས་ཀྱིས་ཚེ་གང་སློབ་སྦྱོང་བྱེད་པའི་སློབ་སྦྱོང་ཅན་གྱི་སྤྱི་ཚོགས་དང་། སློབ་སྦྱོང་ཅན་གྱི་རྒྱལ་ཁབ་ཆེན་པོ་འཛུགས་སྐྲུན་བྱེད་དགོས།

    44. (གསར་གཏོད) ཀྱིས་རང་རྒྱལ་དེང་རབས་ཅན་འཛུགས་སྐྲུན་གྱི་ཁྱོན་ཡོངས་ཁྲོད་ཟིན་པའི་སྲོག་ཤིང་གོ་གནས་རྒྱུན་འཁྱོངས་བྱེད་དགོས།

    45.ཏང་ཀྲུང་དབྱང་གིས་ཚན་རྩལ་བྱ་བར་གཅིག་གྱུར་གྱིས་མགོ་ཁྲིད་བྱེད་པའི་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ་དང་། རྒྱལ་ཡོངས་སྟོབས་ཤུགས་གཅིག་སྒྲིལ་གྱི་སྒྲིག་སྲོལ་དཔེ་གསར་ཆ་ཚང་དུ་གཏོང་བ། རྒྱལ་ཁབ་ཀྱི (འཐབ་ཇུས་ཚན་རྩལ་སྟོབས་ཤུགས) ཇེ་ཆེར་གཏོང་བ། གསར་གཏོད་ཐོན་ཁུངས་བགོ་སྒྲིག་བྱེད་ཐབས་ལེགས་སྒྱུར་བཅས་བྱས་ནས། རྒྱལ་ཁབ་ཀྱི་གསར་གཏོད་མ་ལག་གི་སྤྱི་ཡོངས་ཀྱི་ཕན་ནུས་ཆེ་རུ་གཏོང་དགོས།

    46.( བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོ )ནི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་ཀྱི་ངོ་བོའི་བྱེད་ནུས་ཡིན་ལ། དེ་ནི་ཆེས་རྒྱ་ཆེ་བ་དང་ཆེས་བདེན་དངོས། ཆེས་བེད་ཆོད་པའི་དམངས་གཙོ་ཡིན།

    47.ངེས་པར་དུ་བློ་བརྟན་འགྱུར་མེད་སྒོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་བསྐྱོད་དགོས་ཤིང་། ( ཏང་གིས་མགོ་འཁྲིད་པ )དང་མི་དམངས་རྣམས་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཞི་མཐུན་གཅིག་གྱུར་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས།

    48.( མི་དམངས་རྣམས་རང་ཁྱིམ་རང་བདག )བྱེད་པའི་ལམ་ལུགས་ཀྱི་མ་ལག་འཐུས་ཚང་དུ་བཏང་སྟེ། རྒྱ་ཆེ་བའི་མི་དམངས་རྣམས་གོ་རིམ་ལྡན་པའི་སྒོ་ནས་ཆབ་སྲིད་ནང་ཞུགས་ཐུབ་པ་བྱ་རྒྱུ་དང་། མི་དམངས་རྣམས་ཁྲིམས་ལྟར་དམངས་གཙོའི་འདེམས་བསྐོ་དང་དམངས་གཙོའི་གྲོས་མོལ། དམངས་གཙོའི་ཇུས་གཅོད། དམངས་གཙོའི་དོ་དམ། དམངས་གཙོའི་དོ་དམ་བཅས་བྱ་ཐུབ་པར་ཁེག་ཐག་བྱེད་དགོས།

    49.ཀྲུང་གོ་གུང་ཁྲན་ཏང་གིས་མགོ་འཁྲིད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་རྒྱུ་དང་། ( མི་དམངས་སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ )དང་ཨུ་ཡོན་གྱིས་རིགས་ཁོངས་ཁག་གིས་མང་ཚོགས་ལ་འབྲེལ་གཏུགས་བྱེད་པའི་ལམ་ལུགས་སྒྲིག་གཞི་འཐུས་ཚང་དུ་གཏོང་དགོས།

    50.( ལས་སྒྲུབ་ཡོངས་བསྒྲགས )ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། གཞི་རིམ་གྱི་ཚོགས་སྤྱི་རྣམས་གོ་རིམ་ལྡན་པའི་སྒོ་ནས་གཞི་རིམ་བཅོས་སྐྱོང་ནང་ཞུགས་པའི་ཐབས་ལམ་རྒྱ་སྐྱེད་དེ། མི་དམངས་རྣམས་གཞི་རིམ་གྱི་སྤྱི་པའི་ལས་དོན་དང་སྤྱི་ཕན་བྱ་གཞག་ལ་ཁྲིམས་ལྟར་དོ་དམ་བྱེད་པར་འགན་སྲུང་བྱེད་དགོས།