ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུ་སྐོར་གྱི་ཤེས་བྱ་ཆིག་བརྒྱ་མ།(སྨད་ཆ)

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-12-15   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་དྲ་བ།

        51. ( ལས་བཟོ་པའི་འཐུས་མིའི་ཚོགས་ཆེན ) གཞི་རྩའི་རྣམ་པ་ཡིན་པའི་ཁེ་ལས་དང་བྱ་ལས་སྡེ་ཚན་གྱི་དམངས་གཙོའི་དོ་དམ་ལམ་ལུགས་ཆ་ཚང་དུ་གཏོང་བ་དང་། ལས་བཟོ་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བཅས་བྱེད་དགོས།

        52. ( ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ ) ནི་རྒྱལ་ཁབ་བཅོས་སྐྱོང་བྱེད་པའི་གསར་བརྗེ་གཏིང་ཟབ་ཅིག་ཡིན་ཞིང་། ཏང་གི་སྲིད་སྐྱོང་རྒྱལ་དར་དང་འབྲེལ་བ་ཡོད་པ་དང་། མི་དམངས་ཀྱི་བདེ་སྐྱིད་ཁམས་བཟང་དང་འབྲེལ་བ་ཡོད་ལ། ཏང་དང་རྒྱལ་ཁབ་ཀྱི་ཡུན་རིང་བདེ་འགོད་དང་ཡང་འབྲེལ་བ་ཡོད།     

        53.ངེས་པར་དུ་ཁྲིམས་སྐྱོང་གི( གཞི་རྐང་སྲ་བརྟན་གཏོང་བ )དང་། སྔོན་ཚོད་བརྟན་པོ། ཕུགས་ལ་ཕན་པ་བཅས་ཀྱི་འགན་སྲུང་ནུས་པ་འདོན་སྤེལ་སྔར་ལས་ལེགས་པར་བྱས་ཏེ། ཁྲིམས་སྐྱོང་གི་འགྲོད་ལམ་སྟེང་དུ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་དགོས།

        54.ཁྲིམས་སྐྱོང་རྒྱལ་ཁབ་དང་། ཁྲིམས་སྐྱོང་སྲིད་གཞུང་། ( ཁྲིམས་སྐྱོང་སྤྱི་ཚོགས )བཅས་གཞི་གཅིག་ཏུ་འཛུགས་སྐྲུན་བྱ་རྒྱུ་རྒྱུན་འཁྱོངས་དང་། ཕྱོགས་ཡོངས་ནས་ཚན་རིག་དང་མཐུན་པར་ཁྲིམས་འཛུགས་དང་། གཟབ་ནན་སྒོས་ཁྲིམས་བསྟར། དྲང་གཞག་སྒོས་ཁྲིམས་འཛིན། དམངས་ཡོངས་ཀྱིས་ཁྲིམས་སྲུང་བཅས་བྱེད་པར་སྐུལ་འདེད་བཏང་སྟེ། ཕྱོགས་ཡོངས་ནས་རྒྱལ་ཁབ་ཀྱི་ཕྱོགས་སོ་སོའི་ལས་དོན་ཁྲིམས་སྐྱོང་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས།

        55.སྲིད་གཞུང་གི་འགན་ནུས་བསྒྱུར་བ་དང་། སྲིད་གཞུང་གི་འགན་འཁྲིའི་མ་ལག་དང་རྩ་འཛུགས་གྲུབ་ཚུལ་ལེགས་སྒྱུར་བྱེད་པ། སྒྲིག་གཞི་དང་འགན་ནུས། དབང་མཚམས། ལས་རིམ། འགན་འཁྲི་བཅས( ཁྲིམས་བཀོད་ཅན )དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། སྲིད་འཛིན་གྱི་ལས་ཆོད་དང་སྤྱི་པའི་ཡིད་རྟོན་འཐོབ་ནུས་ཇེ་མཐོར་གཏོང་དགོས།

        56.སྲིད་འཛིན་ཁྲིམས་བསྟར་གྱི་སྒྲིག་གཞིར་བཅོས་བསྒྱུར་གཏིང་ཟབ་བྱས་ཏེ། ཁྱོན་ཡོངས་ནས་གཟབ་ནན་ཚད་ལྡན་དང( དྲང་གཞག་དཔལ་ཡོན )གྱིས་ཁྲིམས་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བ་དང་། མང་ཚོགས་ཀྱི་རྩ་བའི་ཁེ་ཕན་དང་འབྲེལ་བའི་གཙོ་གནད་ཁྱབ་ཁོངས་ལ་ཁྲིམས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྲིད་འཛིན་ཁྲིམས་བསྟར་གྱི་ལས་རིམ་འཐུས་ཚང་དུ་གཏོང་བ། སྲིད་འཛིན་གྱི་གཅོད་འཇལ་ཚད་གཞི་ཆ་ཚང་དུ་གཏོང་བ་བཅས་བྱེད་དགོས།

        57.ཁྲིམས་འཛིན་སྒྲིག་སྲོལ་གྱི་ཕྱོགས་བསྡུས་ལེ་ལག་ལ་བཅོས་བསྒྱུར་གཏིང་ཟབ་བཏང་ཏེ། ཁྱོན་ཡོངས་ནས་ཁྲིམས་འཛིན་འགན་འཁྲིའི་ལམ་ལུགས་གནད་འཁེལ་དོན་འཁྱོལ་བྱེད་པ་དང་། མགྱོགས་མྱུར་སྒོས( དྲང་གཞག་དང་ཆོད་ཆེ་དབང་ལྡན )གྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་འཛིན་ལམ་ལུགས་འཛུགས་སྐྲུན་བྱས་ཏེ། ཁྲིམས་འཛིན་གྱི་གྱོད་གཞི་རེ་རེ་ནས་མི་དམངས་མང་ཚོགས་ལ་དྲང་སྙོམས་དང་དྲང་བདེན་ཚོར་དུ་འཇུག་གང་ཐུབ་བྱེད་དགོས།

        58.སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་སྙིང་སྟོབས་དར་སྤེལ་གཏོང་བ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་གྱི་བཅའ་ཁྲིམས་རིག་གནས་རྒྱུན་འཛིན་བྱེད་པ། མི་དམངས་ཡོངས་རྫོགས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་གི་ལྷག་བསམ་དཀར་བའི་རྗེས་འཇུག་པ་དང་། རང་རྟོགས་སྒོས་བརྩི་སྲུང་བྱེད་མཁན། ( བློ་རྩ་བརྟན་པའི་སྲུང་སྐྱོབ་པ )བཅས་བྱེད་པར་ཁྲིད་སྟོན་བྱེད་དགོས།

        59.ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྱོང་བྱེད་པར་ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་ཀྱི་འགྲོ་ལམ་རྒྱུན་འཁྱོངས་བྱ་རྒྱུ་དང་། རིག་གནས་ཀྱི་གདེང་ཚོད་ཆེ་རུ་བཏང་སྟེ། ( དར་ཆ་སྒྲེང་བ )དང་། དམངས་སེམས་གཅིག་སྒྲིལ། མི་གསར་གསོ་སྐྱོང་། རིག་གནས་དར་སྤེལ། སྣང་བརྙན་ངོམས་སྟོན་བྱ་རྒྱུ་བཅས་ལ་དམིགས་ནས་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་དགོས།

        60.འདུ་ཤེས་འཛིན་སྟངས་ཀྱི་ཁྱབ་ཁོངས་སུ་ང་ཚོས( མར་ཁེ་སིའི་རིང་ལུགས )ཀྱིས་སློབ་སྟོན་གོ་གནས་འཛིན་པའི་རྩ་བའི་ལམ་ལུགས་རྒྱུན་འཁྱོངས་བྱེད་དགོས།

        61.ཏང་གི་འདུ་ཤེས་འཛིན་སྟངས་ལས་དོན་གྱི ( མགོ་ཁྲིད་དབང་ཆ ) ཁོང་དུ་བརྟན་པོར་ཆུད་ཅིང་། འདུ་ཤེས་འཛིན་སྟངས་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། དུས་རབས་གསར་པར་བསྐྱོད་པའི་བསམ་བློའི་གླེང་ཕྱོགས་གཙོ་བོ་སྲ་བརྟན་དང་རྒྱ་སྐྱེད་གཏོང་དགོས།

        62.ཏང་འཛུགས་སྙིང་སྟོབས་རླབས་པོ་ཆེ་འབྱུང་རྩ་ཡིན་པའི་ཀྲུང་གོ་གུང་ཁྲན་ཏང་མིའི་བསམ་པའི་རྩ་ལག་དར་སྤེལ་དང་། གསར་བརྗེའི་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བའི་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་བ། ( རྒྱལ་གཅེས་རིང་ལུགས ) དང་ཐུན་མོང་རིང་ལུགས། སྤྱི་ཚོགས་རིང་ལུགས་བཅས་ཀྱི་སློབ་གསོ་གཏིང་ཟབ་ཏུ་སྤེལ་ནས་མི་རིགས་བསྐྱར་དར་གྱི་འགན་འཁྲི་ཆེན་པོ་འཁུར་བའི་དུས་རབས་ཀྱི་མི་གསར་པ་གསོ་སྐྱོང་ཤུགས་ཆེན་བྱ་དགོས།

        63. ( མི་དམངས ) ལྟེ་བར་འཛིན་པའི་གསར་རྩོམ་ཁྲིད་ཕྱོགས་མཐའ་འཁྱོངས་དང་མི་དམངས་ཀྱི་བསམ་པའི་སྟོབས་ཤུགས་ཆེ་རུ་གཏོང་བའི་ཕུལ་བྱུང་བརྩམས་ཆོས་སྔར་ལས་མང་བ་བཏོན་ནས། ཀུན་སྤྱོད་དང་སྒྱུ་རྩལ་གཉིས་ལྡན་གྱི་རྩོམ་རིག་སྒྱུ་རྩལ་པ་དང་གཞི་ཁྱོན་ཆེ་བའི་རིག་གནས་རིག་རྩལ་གྱི་ཤེས་ལྡན་མི་སྣའི་དཔུང་ཁག་འབོར་ཆེན་གསོ་སྐྱོང་དང་སྐྱེད་སྲིང་བྱ་དགོས།

        64. ཀྲུང་ཧྭའི་རིག་གནས་ཀྱི་ལངས་ཕྱོགས་བརྟན་སྲུང་དང་ཀྲུང་ཧྭའི་ཤེས་རིག་གི་བསམ་པའི་མཚོན་རྟགས་དང་རིག་གནས་ཀྱི་སྙིང་བཅུད་ཞུན་བརྡར་འགྲེམ་སྟོན་བྱས་ཏེ། ཀྲུང་གོའི་གཏམ་བརྗོད་དང་ཀྲུང་གོའི་དོན་བརྗོད་མ་ལག་གང་མགྱོགས་ངང་འཛུགས་པ། ཀྲུང་གོའི་གཏམ་རྒྱུད་ཡག་པོ་བཤད་པ་དང་ཀྲུང་གོའི་སྐད་སྒྲ་བརྒྱུད་བསྒྲགས་ཡག་པོ་བཅས་བྱས་ཏེ། ( ཡིད་རྟོན་རུང་བ་དང་གཅེས་པར་འོས་པ། གུས་པར་འོས་པ ) བཅས་ཀྱི་ཀྲུང་གོའི་སྣང་བརྙན་མངོན་པར་བྱ་དགོས།

        65. ( དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ ) ནི་སྤྱི་དོན་དུ་ཏང་འཛུགས་པ་དང་དམངས་དོན་དུ་སྲིད་སྐྱོང་བའི་ངོ་བོའི་བླང་བྱ་ཡིན།

        66. ངེས་པར་དུ་འཕེལ་རྒྱས་ཁྲོད་དམངས་འཚོ་འགན་ལེན་དང་ཇེ་ལེགས་སུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ། ( ཐུན་མོང་འབད་འཐབ )ངང་མཛེས་སྡུག་ལྡན་པའི་འཚོ་བ་བསྐྲུན་རྒྱུར་སྐུལ་མ་བཏང་ནས་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་རྒྱུན་ཆད་མེད་པར་མངོན་འགྱུར་བྱ་དགོས།

        67. ང་ཚོས་ཆེས་རྒྱ་ཆེ་བའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མངོན་འགྱུར་ཡག་པོ་དང་སྲུང་སྐྱོང་ཡག་པོ། འཕེལ་རྒྱས་ཡག་པོ་བཅས་བྱ་དགོས་པ་དང་། མི་དམངས་ཀྱི་ཆེས་སེམས་ཁུར་བྱེད་པ་དང་ཆེས་ཐད་ཀར། ཆེས་དངོས་ཡོད་བཅས་ཡིན་པའི་ཁེ་ཕན་གྱི་གནད་དོན་དམ་འཛིན་བྱས་ཏེ། གང་ཐུབ་ཅི་ཐུབ་དང་ཅི་ནུས་གང་ནུས་སྒོས་བསྒྲུབ་རྒྱུ་མཐའ་འཁྱོངས་བྱས་ཏེ( མང་ཚོགས་ཁྲོད་ཟབ་ཞུགས )དང་གཞི་རིམ་དུ་བསྐྱོད་དགོས།

        68. མང་ལས་མང་ཐོབ་མཐའ་འཁྱོངས་དང་ལས་བརྩོན་ཕྱུག་འགྱུར་ལ་བསྔགས་སྐུལ་བྱས་ཏེ། ( གོ་སྐབས་འདྲ་མཉམ )ལ་སྐུལ་འདེད་དང་ཡོང་འབབ་དམའ་གྲས་ཀྱི་ཡོང་འབབ་འཕར་སྣོན་ཡོང་བར་སྐུལ་སྤེལ། ཡོང་འབབ་འབྲིང་གྲས་ཀྱི་ཚོགས་སྤྱི་རྒྱ་སྐྱེད་བཅས་བྱ་དགོས།

        69. དམངས་ཡོངས་ཁེབས་པ་དང་གྲོང་ཁྱེར་གྲོང་གསེབ་གཅིག་གྱུར་འཆར་འགོད། དྲང་བཞག་གཅིག་གྱུར། བདེ་འཇགས་ཚད་ལྡན། རྒྱུན་མཐུད་ཐུབ་པ་བཅས་ཀྱི་རིམ་པ་མང་བའི( སྤྱི་ཚོགས་འགན་སྲུང )མ་ལག་འཐུས་ཚང་དུ་གཏོང་དགོས།

        70. ཁང་པ་ནི་སྡོད་ས་ཡིན་པ་ལས་ཚོང་རྫས་མིན་པའི་ཁ་ཕྱོགས་མཐའ་འཁྱོངས་བྱས་ཏེ། བྱེད་པོ་མང་པོས་མཁོ་སྤྲོད་དང་ཐབས་ལམ་མང་པོས་འགན་སྲུང་། ( བོགས་ཉོ་མཉམ་སྤེལ )བཅས་ཀྱི་སྡོད་ཁང་ལམ་ལུགས་གང་མགྱོགས་ངང་འཛུགས་དགོས།

        71. ( མི་འབོར་སྤེལ་བའི་འཐབ་ཇུས ) ལེགས་སྒྱུར་བྱས་ཤིང་བུ་བཙའི་རྒྱབ་སྐྱོར་སྲིད་ཇུས་མ་ལག་བཙུགས་ཏེ། བུ་བཙའ་དང་གསོ་སྐྱོང་། སློབ་གསོ་བཅས་ཀྱི་མ་གནས་ཇེ་དམའ་རུ་གཏོང་དགོས།

        72. ( མི་འབོར་ན་རྒས་ཅན་དུ་འགྱུར་བ ) ལ་ཧུར་ཐག་གིས་ཁ་གཏད་འཇལ་བའི་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་བྱས་ཏེ། རྒན་གསོའི་བྱ་གཞག་དང་རྒན་གསོའི་ཐོན་ལས་འཕེལ་རྒྱས་གཏོང་བ་དང་མི་ཧྲེང་ན་རྒས་ཀྱི་ཞབས་ཞུ་ཇེ་ལེགས་སུ་གཏོང་བ། ན་རྒས་ཡོངས་ལ་གཞི་རྩའི་རྒན་གསོའི་ཞབས་ཞུ་ལོངས་སུ་སྤྱོད་རྒྱུ་མངོན་འགྱུར་ཡོང་བར་སྐུལ་འདེད་གཏོང་དགོས།

        73. སྨན་བཅོས་འཕྲོད་བསྟེན་དཔུང་ཁག་འཕེལ་རྒྱས་རྒྱ་སྐྱེད་གཏོང་བར་ལས་ཀའི་གཙོ་གནད་ནི ( ཞིང་སྡེ་དང་སྡེ་ཁུལ ) དུ་འཇོག་དགོས།

        74. རང་བྱུང་ཁམས་ཆེན་མོ་ནི་མིའི་རིགས་འཚོ་གནས་འཕེལ་རྒྱས་ཀྱི་གཞི་རྩའི་ཆ་རྐྱེན་ཡིན། རང་བྱུང་ཁམས་ལ་བརྩི་འཇོག་དང་རང་བྱུང་ཁམས་ལ་བབ་བསྟུན། རང་བྱུང་ཁམས་ལ་སྲུང་སྐྱོང་བྱེད་པ་བཅས་ནི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི ( ནང་ངོས་ཀྱི་བླང་བྱ ) ཡིན།

        75. ( ཕྱོགས་ཡོངས་ནས་གྲོན་ཆུང་བྱེད་པའི་འཐབ་ཇུས ) ལག་བསྟར་བྱས་ཏེ་ཐོན་ཁུངས་སྣ་ཚོགས་གྲོན་ཆུང་དང་ལེགས་བསྡུས་བེད་སྤྱོད་བྱེད་པར་སྐུལ་འདེད་གཏོང་བ་དང་། རྫས་སྙིགས་རེས་འཁོར་བེད་སྤྱོད་བྱེད་པའི་མ་ལག་གང་མགྱོགས་ངང་འཛུགས་དགོས།

        76. རྩྭ་ཐང་དང་ནགས་ཚལ། ཆུ་བོ། མཚེའུ། འདམ་ར་བཅས་སོར་ཆུད་སྐྱེ་འཕེལ་ཡོང་བ་ཁྱབ་སྤེལ་གཏོང་བ་དང་འབྲི་ཆུ་ལས( ལོ་ངོ་བཅུ )རིང་ཉ་འཛིན་མི་ཆོག་པ་ལག་བསྟར་ཡག་པོ་བྱེད་པ། རྨོ་ཞིང་འདེབས་འཇོག་རེས་མོས་ལམ་ལུགས་འཐུས་ཚང་དུ་གཏོང་བ་བཅས་བྱ་དགོས།

        77. རང་རྒྱལ་གྱི་ནུས་ཁུངས་ཐོན་ཁུངས་ཀྱི་མ་གཞིའི་སྤུས་ཚད་ལ་རྐང་བཙུགས་ཤིང་སྔོན་འཛུགས་རྗེས་གཏོར་མཐའ་འཁྱོངས་བྱས་ནས་འཆར་གཞི་ཡོད་པ་དང་གོ་རིམ་ལྡན་པའི་སྒོ་ནས( ཐཱན་རྩེར་སོན་གྱི་འགུལ་སྐྱོད )སྤེལ་དགོས།

        78. བདེ་འཇགས་ཨང་དང་པོ་དང་སྔོན་འགོག་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། བདེ་འཇགས་ཆེན་པོ་དང་འཕྲལ་སྡོམ་ཆེན་པོའི་སྒྲོམ་གཞི་འཛུགས་པ་དང་སྤྱི་པའི་བདེ་འཇགས་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་སྤྱི་པའི་བདེ་འཇགས་བཅོས་སྐྱོང་བྱེད་སྟངས་དེ( བྱ་བའི་སྔོན་ལ་སྔོན་འགོག་བྱེད་པ )ཡི་ཕྱོགས་སུ་བསྒྱུར་རྒྱུར་སྐུལ་འདེད་གཏོང་དགོས།

        79. ( མཉམ་སྐྲུན་མཉམ་བཅོས་མཉམ་སྤྱོད)བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་ལམ་ལུགས་འཐུས་ཚང་དུ་བཏང་ནས་སྤྱི་ཚོགས་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་དགོས།

        80. རུབ་འགོག་རུབ་བཅོས་ཀྱི་སྟོབས་ཤུགས་འཕེལ་རྒྱས་དང་སྟོབས་ཆེར་བཏང་ཞིང ( བདེན་དོན་མཐོང་ན་དཔའ་སྐྱེད་པ )ཡི་སྤྱི་ཚོགས་རྣམ་པ་ཞིག་བཏོད་དེ། མི་ཚང་མར་འགན་འཁྲི་ཡོད་པ་དང་མི་ཚང་མས་འགན་འཁྲི་འཁུར་བ། མི་ཚང་མས་མཉམ་སྤྱོད་བྱེད་པའི་སྤྱི་ཚོགས་བཅོས་སྐྱོང་ཐུན་མོང་ཚོགས་པ་འཛུགས་དགོས།

        81. ཏང་གིས་མི་དམངས་དམག་དཔུང་ལ(མགོ་ཁྲིད་མཐའ་གཅིག་ཏུ་བྱ་རྒྱུ)རྒྱུན་འཁྱོངས་དང་། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྲུན་བྱེད་པ་དང་། བཅོས་བསྒྱུར་ལ་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བ། ཚན་རྩལ་ལ་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བ། ཤེས་ལྡན་མི་སྣར་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བ། ཁྲིམས་ལྟར་དམག་དཔུང་བཅོས་སྐྱོང་བྱེད་པ་བཅས་རྒྱུན་འཁྱོངས་བྱེད་དགོས།

        82. དམག་དོན་གྱི་རིགས་པའི་གཞུང་ལུགས་དེང་རབས་ཅན་དང་། དམག་དཔུང་གི་རྩ་འཛུགས་རྣམ་པ་དེང་རབས་ཅན། དམག་དོན་མི་སྣ་དེང་རབས་ཅན། གོ་མཚོན་སྒྲིག་ཆས་དེང་རབས་ཅན་བཅས་སུ་གང་མགྱོགས་གཏོང་བ་དང་། (རྒྱལ་ཁབ་ཀྱི་བདག་དབང) དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་སྲུང་སྐྱོང་བྱེད་པའི་འཐབ་ཇུས་ཀྱི་ནུས་པ་ཆེ་རུ་གཏོང་དགོས་ཤིང་། དུས་རབས་གསར་པའི་མི་དམངས་དམག་དཔུང་གི་འགན་འཁྲི་དང་ལས་འགན་ནུས་ལྡན་ངང་བསྒྲུབ་དགོས།

        83. ཐའེ་ཝན་གནད་དོན་ཐག་གཅོད་བྱས་ཏེ་མེས་རྒྱལ་ཡོངས་སུ་གོང་བུ་གཅིག་གྱུར་ཡོང་བར་བྱ་རྒྱུ་ནི། ཏང་གི་དམ་བཅའ་ཉམས་མེད་ཀྱི་ལོ་རྒྱུས་ལས་འགན་ཡིན་པ་དང་། ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱི་ཐུན་མོང་གི་རེ་འདུན་ཡིན་ལ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བའི (དགོས་ངེས་ཀྱི་བླང་བྱའང) ཡིན།

        84. “(ཞི་བས་གོང་བུ་གཅིག་གྱུར་དང་། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས)” ཀྱི་བྱེད་ཕྱོགས་ནི་ངོགས་གཉིས་གཅིག་གྱུར་ཡོང་བའི་བྱེད་སྟངས་ཡག་ཤོས་ཡིན་པས། ངོགས་གཉིས་ཀྱི་སྤུན་ཟླ་དང་ཀྲུང་ཧྭ་མི་རིགས་ལ་ཕན་ཐོགས་ཆེ་ཤོས་ཡིན།

        85. ཀྲུང་གོས (ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ) ཡི་རྨང་གཞིའི་སྟེང་རྒྱལ་ཁབ་ཁག་དང་མཛའ་མཐུན་མཉམ་ལས་རྒྱུན་འཁྱོངས་བྱེད་པ་དང་། རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་པར་སྐུལ་འདེད་གཏོང་བ། འདྲ་མཉམ་དང་སྒོ་འབྱེད། མཉམ་ལས་བཅས་ཀྱི་གོ་ལ་ཧྲིལ་བོའི་རོགས་ཟླའི་འབྲེལ་བ་ཟབ་སྤེལ་དང་རྒྱ་སྐྱེད་གཏོང་བ། རྒྱལ་ཁབ་སོ་སོ་དང་ཁེ་ཕན་བསྣོལ་འདྲེས་ཡོང་གནས་རྒྱ་ཆེར་གཏོང་བར་ཤུགས་སྣོན་པ་བཅས་བྱ་རྒྱུ་ཡིན།

        86. རྒྱལ་ཁབ་ཆེན་པོའི་མཐུན་སྦྱོར་དང་དགེ་མཚན་ལྡན་པའི་མཉམ་འགུལ་བྱེད་པར་སྐུལ་འདེད་གཏོང་བ་དང་། ཞི་བདེ་མཉམ་གནས་དང་སྤྱི་ཡོངས་བརྟན་བརླིང་། དོ་མཉམ་ངང་འཕེལ་རྒྱས་གཏོང་བ་བཅས་ཀྱི( རྒྱལ་ཁབ་ཆེན་པོའི་འབྲེལ་བའི་གནས་སྟངས )ཆགས་པར་སྐུལ་འདེད་གཏོང་དགོས།

        87. ཀྲུང་གོས་ཧུར་ཐག་སྒོས་གོ་ལ་ཧྲིལ་བོའི་བཅོས་སྐྱོང་མ་ལག་གི་བཅོས་བསྒྱུར་དང་འཛུགས་སྐྲུན་ཁྲོད་ཞུགས་པ་དང་། ( མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད ) ཀྱི་གོ་ལ་ཧྲིལ་བོའི་བཅོས་སྐྱོང་ལྟ་བ་ལག་བསྟར་དང་། ཕྱོགས་མང་རིང་ལུགས་ངོ་མ་རྒྱུན་འཁྱོངས། རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་དུ་འགྱུར་བར་སྐུལ་འདེད། གོ་ལ་ཧྲིལ་བོའི་བཅོས་སྐྱོང་དེ་སྔར་ལས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་བར་སྐུལ་འདེད་གཏོང་དགོས།

        88. ཏང་ཡོངས་ཀྱིས་ངེས་པར་དུ་ཡིད་ལ་བརྟན་པོར་ངེས་དགོས་པ་ཞིག་ནི། ཕྱོགས་ཡོངས་ནས་ཏང་ནན་མོས་སྐྱོང་བའི་གོམ་མཚམས་འཇོག་སྲིད་ལ ( ཏང་གི་རང་ངོས་གསར་བརྗེ ) བྱེད་པའི་གོམ་མཚམས་ཀྱང་འཇོག་མི་སྲིད་པ་དེའོ།

        89. ཁྱོན་ཡོངས་ཀྱི་གནས་ཚུལ་འཛིན་སྐྱོང་དང་ཕྱོགས་ཡོངས་མཐུན་སྦྱོར་བྱེད་པའི་ཏང་གི་མགོ་ཁྲིད་ལམ་ལུགས་ཀྱི་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་བྱེད་པའི་སྒྲིག་གཞི་འཐུས་ཚང་དུ་བཏང་ནས། ཏང་ཡོངས་ཀྱིས་ཆབ་སྲིད་ཀྱི་ལངས་ཕྱོགས་དང་། ( ཆབ་སྲིད་ཀྱི་ཁ་ཕྱོགས།)  ཆབ་སྲིད་ཀྱི་རྩ་དོན། ཆབ་སྲིད་ཀྱི་བགྲོད་ལམ་བཅས་ཀྱི་སྟེང་ཏང་ཀྲུང་དབྱང་དང་མཐོ་ཚད་གཅིག་གྱུར་ཡོང་བར་ཁག་ཐེག་དང་། ཏང་གི་མཐུན་སྒྲིལ་གཅིག་གྱུར་ཡོང་བར་ཁག་ཐེག་བྱ་དགོས།

        90. ཕྱོགས་ཡོངས་ནས ( ཏང་གི་བསམ་བློ་འཛུགས་སྐྱོང ) ལ་ཤུགས་སྣོན་དང་ཕུགས་འདུན་དད་སེམས་ཀྱི་སློབ་གསོར་ཤུགས་སྣོན། ཏང་ཡོངས་ཀྱིས་ཏང་གི་སྤྱིའི་རྩ་དོན་ཡིད་ལ་བརྟན་པོ་ངེས་པར་ཁྲིད་སྟོན། རང་རྟོགས་སྒོས་གུང་ཁྲན་རིང་ལུགས་ཀྱི་རྒྱང་རིང་ཕུགས་འདུན་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་ཕུགས་འདུན་ལ་དད་མོས་བརྟན་པོ་བྱེད་མཁན་དང་བཅོས་མིན་གྱི་ལག་བསྟར་བྱེད་མཁན་ཞིག་བྱེད་དགོས།

        91. ཏང་གི་རང་ངོས་གསར་བརྗེའི་ལམ་ལུགས་ཀྱི་ཚད་གཞིའི་མ་ལག་འཐུས་ཚང་དུ་གཏོང་དགོས། ལམ་ལུགས་ལྟར་ཏང་སྐྱོང་བ་དང་། སྒྲིག་སྲོལ་ལྟར་ཏང་སྐྱོང་བ་རྒྱུན་འཁྱོངས་བྱས་ཏེ། ཏང་གིས་གཅིག་གྱུར་གྱིས་མགོ་ཁྲིད་དང (ཕྱོགས་ཡོངས་ལ་ཁྱབ་པ) ། དབང་གྲགས་ཆོད་ཆེ་བཅས་ཀྱི་ལྟ་སྐུལ་མ་ལག་ཆ་ཚང་དུ་གཏོང་དགོས།

        92. སྤྱོད་ཡོན་གཉིས་ལྡན་དང (སྤྱོད་ལམ་གཙོ་བོར་འཛིན་པ) ། ཕྱོགས་བཞི་མཚམས་བརྒྱད་ཀྱི་མཛངས་མི་ཁོ་ན་བསྐོ་གཞག་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། མི་འདེམས་སྤྱོད་ཀྱི་ཁྲིད་ཕྱོགས་ཡང་དག་པ་བཙུགས་ཏེ། བློ་དཀར་སྤྱོད་གཙང་འཁུར་ལེན་བཅས་ཀྱི་བྱང་ཚད་མཐོ་ལ་ཆེད་ལས་ཅན་གྱི་ལས་བྱེད་པ་འདེམས་སྒྲུག་བྱེད་པ་དང་། རིམ་པ་སོ་སོའི་མགོ་ཁྲིད་ཚན་པ་ལེགས་འདེམས་ཧྲག་སྒྲིག་བྱེད་དགོས་ལ། ལས་བྱེད་པའི་འཐབ་རྩོད་ཀྱི་སྙིང་སྟོབས་དང་འཐབ་རྩོད་ཀྱི་འཇོན་ཐང་ཆགས་པར་ཤུགས་སྣོན་པ་དང་། ལས་བྱེད་པར་འཁུར་ལེན་ཕོད་པ་དང་ལས་དོན་ལྷུར་ལེན་བྱེད་པར་སྐུལ་ལྕག་གཏོང་བ་བཅས་བྱེད་དགོས།

        93. སྙིང་རུས་ལྷོད་མེད་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱེད་པ་དང་། “སྤྱོད་ཚུལ་བཞི”ཡོ་བསྲང་དང་བཅོས་སྐྱོང་རྒྱུན་མཐུད་ངང་གཏིང་ཟབ་སྤེལ་བ། (ཕྱི་ཚུལ་རིང་ལུགས) དང་དཔོན་ཉམས་རིང་ལུགས་གཙོ་གནད་དུ་བཟུང་ནས་ཡོ་བསྲང་དང་བཅོས་སྐྱོང་བཅས་བྱས་ཏེ། ཁྱད་དབང་བསམ་བློ་དང་ཁྱད་དབང་བྱ་སྤྱོད་མཐའ་གཅིག་ཏུ་མེད་པར་བཟོ་དགོས།

        94. (ཏང་གིས་ཕྱོགས་ཡོངས་ལ་མགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ) ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ལྡོག་མེད་ཀྱི་འགྲོ་ལམ་ཡིན།

        95. (ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས) ནི་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་ལྡོག་མེད་ཀྱི་འགྲོ་ལམ་ཡིན།

        96.( མཐུན་སྒྲིལ་འབད་འཐབ )ནི་ཀྲུང་གོ་མི་དམངས་ཀྱིས་ལོ་རྒྱུས་ཀྱི་བྱ་གཞག་རླབས་པོ་ཆེ་བསྐྲུན་པའི་དགོས་ངེས་ཀྱི་བགྲོད་ལམ་ཡིན།

        97.( འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་དོན་འཁྱོལ་བྱེད་པ )ནི་དུས་རབས་གསར་བར་རང་རྒྱལ་འཕེལ་རྒྱས་དང་སྟོབས་ལྡན་ཆགས་པའི་དགོས་ངེས་ཀྱི་བགྲོད་ལམ་ཡིན།

        98.( ཕྱོགས་ཡོངས་ནས་ཏང་ནན་མོས་སྐྱོང་བ )ནི་ནམ་ཡང་ཏང་གི་གསོན་ཤུགས་སྲུང་འཛིན་བྱེད་པ་དང་རྒྱུགས་སྤྲོད་ཀྱི་ལམ་ཕྱོགས་གསར་བར་འགྲོ་བའི་དགོས་ངེས་ཀྱི་བགྲོད་ལམ་ཡིན།

        99.ཏང་ཡོངས་ཀྱིས( ན་གཞོན་གྱི་བྱ་གཞག )དེ་འཐབ་ཇུས་རང་བཞིན་གྱི་བྱ་གཞག་ཅིག་ཏུ་བརྩིས་ནས། ཏང་གི་ཚན་རིག་གཞུང་ལུགས་ཀྱིས་ན་གཞོན་ལ་དྲག་ཆས་སྤྲས་པ་དང་། ཏང་གི་ཐོག་མའི་འགན་འཁྲི་ཡིས་ན་གཞོན་དག་གི་སེམས་ཤུགས་འགུག་པར་བྱས་ཏེ། ན་གཞོན་དག་གི་གྲོགས་པོ་བཟང་པོ་དང་། ན་གཞོན་བྱ་གཞག་ལ་སྤྲོ་སེམས་ལྡན་མཁན། ན་གཞོན་མང་ཚོགས་ཀྱི་ལམ་སྟོན་པ་བཅས་བྱེད་དགོས།

        100.རྒྱ་ཆེའི་ན་གཞོན་རྣམས་ཀྱིས་བློ་བརྟན་འགྱུར་མེད་སྒོས་ཏང་གི་ངག་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བ་དང་། ཕུགས་བསམ་སེམས་སུ་ཉར་ཞིང་གོམ་པ་ནན་སྤོ་བྱེད་པ། བསམ་ཕོད་སྒྲུབ་ཕོད་ལ་སྒྲུབ་མཁས་འགྲུབ་མཁས་བྱེད་པ། ( ཕུགས་བསམ་ལྡན་པ)( འགན་འཁུར་ཕོད་པ ) དཀའ་སྡུག་མྱོང་ཐུབ་པ། འབད་འཐབ་བྱེད་འདོད་པ་བཅས་ཀྱི་དུས་རབས་གསར་པའི་ན་གཞོན་བཟང་པོ་ཞིག་བྱེད་པར་སེམས་ཐག་བཅད་དེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྱོང་བྱེད་པའི་ཚ་འུར་གྱི་ལག་ལེན་ཁྲོད་ལང་ཚོའི་མེ་ཏོག་རྣམ་པར་བཞད་དུ་འཇུག་དགོས། །