ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྤྱི་བསྒྲགས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-12-19   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

(2022ལོའི་ཟླ་12པའི་ཚེས་16ཉིན་ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་གྲོས་འཆམ་བྱུང་བ།)

    ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་དགུ་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ནི་2022ལོའི་ཟླ་12པའི་ཚེས་16ཉིན་དུ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ནས་འཚོགས་པ།

    ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་མཁན་གྲས་སུ་ཁུལ་ཨུའི་ཨུ་ཡོན་31དང་རྗེས་སྣོན་ཨུ་ཡོན་6ཡོད་པ་རེད། ཁུལ་སྒྲིག་ཨུའི་ཨུ་ཡོན་དང་། ཁུལ་ལྟ་ཞིབ་ཨུ་ལྷན་གྱི་ཨུ་ཡོན། འབྲེལ་ཡོད་ཕྱོགས་ཁའི་འགན་འཁུར་བློ་མཐུན་དང་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་གཞི་རིམ་གྱི་འཐུས་མི་ཁག་གཅིག་ཚོགས་འདུར་ཟུར་ཞུགས་བྱས་པ་རེད།


    ཚང་འཛོམས་གྲོས་ཚོགས་དེ་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་གཙོ་སྐྱོང་གནང་བ་དང་།  ཁུལ་ཨུའི་ཧྲུའུ་ཅི་ཝང་དབྱི་ཀྲི་ཡིས་གསུང་བཤད་གནང་།

    ཚང་འཛོམས་གྲོས་ཚོགས་ཐོག་ཝང་དབྱི་ཀྲི་ཡིས་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱི་བཀའ་མངགས་ལྟར་གནང་བའི་ལས་དོན་སྙན་སྒྲོན་གསན་པ་དང་གྲོས་བསྡུར་གནང་བ་དང་།  བདེ་ཆེན་ཁུལ་གྱིས་2022ལོའི་ཏང་འཛུགས་སྐྱོང་ལས་དོན་སྐོར་གྱི་སྙན་ཞུ་དང་། བདེ་ཆེན་ཁུལ་གྱི་2022ལོའི་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་ལས་དོན་སྐོར་གྱི་སྙན་ཞུ། ཀྲུང་གུང་བདེ་ཆེན་ཁུལ་ཨུའི་2022ལོར་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱས་ཚུལ་གྱི་སྙན་ཞུ་བཅས་གསན་པ་དང་གྲོས་བསྡུར་གནང་བ། 《ཀྲུང་གུང་བདེ་ཆེན་ཁུལ་ཨུའི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་ནུས་ཤུགས་ཡོད་རྒུས་དུས་རབས་གསར་པའི་བདེ་ཆེན་གྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་པ་གཏོད་རྒྱུའི་སྐོར་གྱི་གཏན་འབེབས》་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།  ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ལི་ཡན་ལན་གྱིས་《གཏན་འབེབས་(གྲོས་བསྡུར་མ་ཟིན་)སྐོར་གྱི་ཚང་འཛོམས་གྲོས་ཚོགས་ལ་གསལ་བཤད་བྱས་ཡོད།

    ཚང་འཛོམས་གྲོས་ཚོགས་ཐོག་2022ལོ་དང་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་འཚོགས་ཚུན་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་ལ་ཁས་ལེན་གང་ལེགས་གནང་བ་དང་ངོས་འཛིན་གཅིག་མཐུན་བྱུང་ཡོད་དེ། 2022ལོར། ཞིང་ཆེན་ཏང་ཨུའི་འགོ་ཁྲིད་སྟོབས་ལྡན་འོག  ཁུལ་ཨུ་ཡིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་སྟོན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཡོད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་། སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་དང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་གཏིང་ཟབ་བྱས་ཡོད། ཞིང་ཆེན་གྱི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། “རིམས་ནད་འགོག་ཟོན་བྱེད་ཐུབ་དགོས་པ་དང་། དཔལ་འབྱོར་བརྟན་པོ་ཡོང་བར་བྱེད་ཐུབ་དགོས། འཕེལ་རྒྱས་གཏོང་བར་བདེ་འཇགས་ཡོང་བར་བྱེད་ཐུབ་དགོས་པ་”བཅས་ཀྱི་བླང་བྱ་གལ་ཆེན་དོན་འཁྱོལ་བྱས་ཡོད། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་བསུ་བ་དང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་དོན་འཁྱོལ་བཅས་བྱ་རྒྱུ་གཙོ་གནད་དུ་བཟུང་སྟེ། གཙོ་གནད་ཡོད་པ་དང་དམིགས་ས་ཡོད་པའི་སྒོ་ནས་དུས་རིམ་གཉིས་སུ་བགོས་ཏེ་ལོ་ཧྲིལ་པོའི་ལས་ཀར་སྐུལ་འདེད་བཏང་ཡོད་པས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་བཏང་ཡོད།  ཁུལ་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་དགུ་པ་ནས་བཟུང་། དཀའ་ཚེགས་ཆེ་ཞིང་ལྗིད་རྫོབ་ལྡན་པའི་བསྒྱུར་བཅོས་འཕེལ་རྒྱས་བརྟན་ལྷིང་གསུམ་གྱི་ལས་འགན་དང་རིམས་ནད་གནས་ཚུལ་གྱི་འགྱུར་ལྡོག་ལས་བྱུང་བའི་ངེས་གཏན་མེད་པའི་རང་བཞིན་ལ་དམིགས་ཏེ། ཞིང་ཆེན་ཏང་ཨུའི་འགོ་ཁྲིད་སྟོབས་ལྡན་འོག ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་“རྩ་བའི་བརྩི་སྲུང་གཉིས་དང་རྩ་དོན་གཅིག་”ལག་བསྟར་དོན་འཁྱོལ་ནན་ཏན་བྱས་པ་དང་། བརྟན་ལྷིང་དང་། འཕེལ་རྒྱས། སྣོད་བཅུད་དང་མཐའ་མཚམས་སྲ་བརྟན་བཅས་ཀྱི་“དོན་ཆེན་བཞི་”དམ་འཛིན་བྱེད་པར་ཤུགས་རྒྱག་པ། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་སྔར་བས་སྲ་བརྟན་ནུས་ལྡན་དང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྔར་བས་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གྱི་ཚད་ཤིང་འཛུགས་སྐྱོང་ལ་འཕེལ་རྒྱས་གསར་པ་བྱུང་བ། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་བདེ་ཆེན་ལག་ལེན་སྔར་བས་གཏིང་ཟབ་ཏུ་ཕྱིན་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གོམ་སྟབས་བརྟན་པོ་སྤོས་པ། སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྔར་བས་སྲ་བརྟན་དུ་ཕྱིན་པ། ཏང་གི་གཞི་རིམ་རྩ་འཛུགས་དང་སྲིད་དབང་འཛུགས་སྐྱོང་ལ་སྔར་བས་སྲ་བརྟན་དང་ནུས་ལྡན་བྱུང་ཡོད།

    ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། ཏང་གི་ཚོགས་ཆེན་ཉི་ཤུ་པ་ནི་དར་ཆ་མཐོན་པོར་སྒྲེང་བ་དང་སྟོབས་ཤུགས་གོང་བུར་འགྲིལ་བ།  མཐུན་སྒྲིལ་ཡར་བརྩོན་བཅས་ཀྱི་ཚོགས་ཆེན་ཞིག་ཡིན་ལ། ཁུལ་ཡོངས་རིམ་པ་ཁག་གི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་སློབ་སྦྱོང་དང་། ཁྱོན་ཡོངས་ནས་ཁོང་དུ་ཆུད་པ། ཁྱོན་ཡོངས་ནས་དོན་འཁྱོལ་བཅས་བྱེད་དགོས་པ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་གཏིང་ཟབ་ཆུད་པ་བྱས་ནས་སྔར་བས་རང་རྟོགས་ངང“གཏན་འཁེལ་གཉིས”ལ་བརྩི་བཀུར་ཞུ་མཁན་དང“སྲུང་སྐྱོང་གཉིས”ཀྱི་བློ་བརྟན་འགྱུར་མེད་ཀྱི་ལག་ལེན་བསྟར་མཁན་བྱས་ཏེ།  ཆབ་སྲིད་ཀྱི་ཚད་གཞི་དེ་བས་མཐོ་བ་དང་ཏང་གཤིས་ཀྱི་བླང་བྱ་དེ་བས་ནན་པ། རྩ་འཛུགས་ཀྱི་སྒྲིག་ཁྲིམས་རང་བཞིན་དེ་བས་ཆེ་བ་བཅས་ཀྱི་ཐོག་ནས་ལས་དོན་ཡག་པོ་སྒྲུབ་དགོས་པ་དང་། བློ་བརྟན་འགྱུར་མེད་ངང་སྲོག་ཤིང་ལ་བརྩི་བཀུར་ཞུ་བ་དང་སེམས་པ་པེ་ཅིང་ལ་ཕྱོགས་པ་བཅས་བྱེད་དགོས། ཕྱོགས་ཡོངས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་དང་། དེའི་ནང་ཁྱབ་པའི་ལངས་ཕྱོགས་དང་ལྟ་བ་དང་བྱེད་ཐབས་བཅས་ཁོང་དུ་ཆུད་པ་བྱ་དགོས།  ཀྲུང་གོའི་རྣམ་པ་ལྡན་པའི་དེང་རབས་ཅན་གྱི་ཀྲུང་གོའི་ཁྱད་ཆོས་དང་། ངོ་བོའི་བླང་བྱ། གལ་ཆེའི་རྩ་དོན་བཅས་ཁོང་དུ་བརྟན་པོ་ཆུད་པ་བྱས་ཏེ་ཞིང་ཨུ་ཡིས་ལོ་གསུམ་ནང་སྐས་རིམ་གསར་པར་འཛེགས་པ་དང་། ལོ་བརྒྱད་ནང་འཕེལ་རྒྱས་ཆེན་པོ་གཏོང་བ། ལོ་བཅོ་ལྔའི་ནང་མཆོང་སྐྱོད་ཆེན་པོ་བྱེད་པའི“3815”འཐབ་ཇུས་འཕེལ་རྒྱས་ཀྱི་དམིགས་ཚད་ལ་དམ་པོར་དམིགས་ཏེ།  ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་པོ་བཏང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བདེ་ཆེན་གསར་པ་ཁྱོན་ཡོངས་ནས་བསྐྲུན་དགོས།

    ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན།  མ་འོངས་པའི་ལོ་གསུམ་ནི་བདེ་ཆེན་གྱིས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གོམ་སྟབས་མགྱོགས་སུ་གཏོང་བའི་དུས་མཚམས་གལ་ཆེན་ཞིག་ཡིན་པས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཐོག་བཀོད་སྒྲིག་བྱེད་པའི་དམིགས་ཚད་ལས་འགན་དེ་དུས་རབས་གསར་པའི་བདེ་ཆེན་གྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་བྱ་སྤྱོད་དངོས་དང་ལས་ཀའི་ཕན་འབྲས་སུ་ཏན་ཏིག་བསྒྱུར་དགོས་པ་དང་།  བརྟན་ལྷིང་སྲུང་སྐྱོང་གི་ལས་འགན་ཨང་དང་པོ་མཐའ་འཁྱོངས་བྱེད་དེ། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་གཞི་འཛིན་ས་དང་ཤུགས་རྒྱག་སར་བརྩིས་ནས་མཐུན་སྒྲིལ་ལ་སྐུལ་འདེད་དང་བདེ་འཇགས་འགན་ལེན་བྱེད་དེ་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས།  འཕེལ་རྒྱས་ཀྱི་ལས་འགན་ཨང་དང་པོ་མཐའ་འཁྱོངས་བྱེད་དེ་དམངས་འཚོ་ལེགས་སུ་གཏོང་རྒྱུ་དང་མི་སེམས་གཅིག་ཏུ་སྒྲིལ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཐོག་མའི་དམིགས་ས་དང་དོན་ལ་བབས་སར་བརྩིས་ནས།  ཞན་ཆ་གསབ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་བྱུང་རྒྱུར་མགྱོགས་མྱུར་སྐུལ་འདེད་བཏང་སྟེ་མི་དམངས་ཀྱི་འཚོ་བའི་སྤུས་ཚད་རྒྱུན་ཆད་མེད་པར་ལེགས་སུ་གཏོང་དགོས།  སྣོད་བཅུད་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱེད་དེ་རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ལས་ལྷག་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་ལག་ལེན་བསྟར་ནས། མི་མངོན་པའི་སྟོབས་ཤུགས་སྔོག་འདོན་དང་ལེགས་ཆ་འདོན་སྤེལ་བྱེད་དེ་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།  ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་མཐའ་འཁྱོངས་བྱེད་དེ་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་རླབས་ཆེན་འདུ་འགོད་གསར་པར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་སྤྱོད་ཚུལ་གསར་བརྗེ་དང་ཕྱོད་ནུས་གསར་བརྗེ་ལ་སྐུལ་འདེད་ཤུགས་ཆེན་གཏོང་སྟེ་ཏང་གི་སྲིད་འཛིན་རྨང་གཞི་བརྟན་དུ་གཏོང་དགོས།

    ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན།  2023ལོ་ནི་ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་འགོ་ཚུགས་པའི་ལོ་ཡིན་ལ། ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་ལག་བསྟར་བྱེད་པའི་སྔ་རྗེས་རྒྱུན་མཐུད་ཀྱི་འགག་རྩའི་ལོ་ཞིག་ཡིན། ཁུལ་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་དོན་འཁྱོལ་གཏིང་ཟབ་བྱེད་པ། ཏང་འཛུགས་སྐྱོང་བྱེད་པའི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་གཏོང་བ། ཞིང་ཆེན་གྱི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཅིག་པ་དང་ཞིང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ། ལྷག་བསམ་རྣམ་དག་ངང་“གཏན་འཁེལ་གཉིས”ལ་བརྩི་བཀུར་ཞུ་བ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བྱེད་པ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་སྣེ་ཁྲིད་དུ་བྱེད་པ། “3815”འཐབ་ཇུས་འཕེལ་རྒྱས་ཀྱི་དམིགས་ཚད་ལ་དམ་པོར་དམིགས་པ་བཅས་བྱེད་དེ། མཐུན་སྒྲིལ་དང་ཕྱུག་འགྱུར། ཤེས་དཔལ། ཞི་མཐུན། བདེ་འཇགས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བདེ་ཆེན་གསར་པ་ཁྱོན་ཡོངས་ནས་བསྐྲུན་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གྱི་ཚད་ཤིང་དང་འཛམ་གླིང་གི་སེམས་ཀྱི་ཉི་ཟླར་འགྱུར་བར་ཧུར་ཐག་བྱེད་དགོས།  གཙོ་གནད་ནི་བློ་བརྟན་འགྱུར་མེད་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་བྱ་རྒྱུའི་སྐོར་གྱི་གཏན་འབེབས་ཞིབ་ཕྲ་ཁ་ཤས་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། ཞིང་ཨུའི“གཤམ་སྤྲོད་གསུམ”གྱི་བླང་བྱར་དམ་པོར་དམིགས་ནས་“ཨང་དང་པོ་ལྔ”དང་“ཟླ་རེར་ངེས་པར་དུ་བཀོད་གཏོང་བྱེད་དགོས་པ་གསུམ”སོགས་ཀྱི་ལམ་སྲོལ་འགན་སྲུང་བྱེད་དེ་ཏང་གི་ཁྱོན་ཡོངས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས། བོད་འབྲེལ་ཁུལ་གྱི་གནས་ཚུལ་ལ་གཞི་ཚུགས་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་སྒྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བྱེད་དེ་མི་རིགས་ལས་དོན་ཡག་པོ་སྒྲུབ་དགོས། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུ་གཙོ་གནད་དུ་བཟུང་སྟེ་ཆོས་ལུགས་ལས་དོན་ལེགས་པར་བསྒྲུབ་དགོས། ཀྲུང་དབྱང་གིས་“སྤྲོད་པ་གསུམ་དང་ཕན་པ་གཅིག་”གི་བླང་བྱ་དོན་འཁྱོལ་ནན་ཏན་བྱེད་དེ། ཞིང་ཨུའི་“དམ་འཛིན་ཆེན་པོ་དྲུག་”ལ་དམ་པོར་དམིགས་པ་དང་། ལོ་གསུམ་གྱི་བྱ་སྤྱོད་རབ་དང་རིམ་པ་ལག་ལེན་བསྟར་རྒྱུ་དམ་འཛིན་བྱེད་སར་བྱེད་དེ་ཕན་འབྲས་ཆེན་པོའི་སྒོ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་བྱེད་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། འཕེལ་རྒྱས་གཏོང་རིང་དུ་དམངས་འཚོར་འགན་སྲུང་དང་ལེགས་བཅོས་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས། “ལྗང་མདོག་དང་མཛེས་སྡུག་ལྡན་པའི་བདེ་ཆེན་”འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་སྟེ་བློ་བརྟན་འགྱུར་མེད་ངང་ཐོན་སྐྱེད་འཕེལ་རྒྱས་དང་། འཚོ་བ་ཕྱུག་འགྱུར། སྣོད་བཅུད་ལེགས་པ་བཅས་ཀྱི་ཤེས་དཔལ་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་དེ་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ལ་སྐུལ་འདེད་གཏོང་དགོས། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་རླབས་ཆེན་འདུ་འགོད་གསར་པར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། སྤྱོད་ཚུལ་གསར་བརྗེ་དང་ཕྱོད་ནུས་གསར་བརྗེ་ལ་དམ་འཛིན་ཤུགས་ཆེན་བྱེད་དེ་སྤྱོད་གཙང་གཞུང་དྲང་དང་ལས་སྒྲུབ་ལས་གཏོད་ཀྱི་ཆབ་སྲིད་ཀྱི་ཁོར་ཡུག་བཟང་པོ་གཏོད་དགོས།

    ཚང་འཛོམས་གྲོས་ཚོགས་ཐོག་ནན་བཤད་གནང་དོན། ཁུལ་ཡོངས་རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པ་ཡིས་གནད་དོན་ཐག་གཅོད་བྱ་རྒྱུ་དེ་ནུས་པ་ཆེ་ཤོས་སུ་བརྩི་བ་དང་། དོན་འཁྱོལ་ལ་དམ་འཛིན་བྱ་རྒྱུ་དེ་ནུས་པ་ཆེ་ཤོས་སུ་བརྩི་བ། འགག་སྒྲོལ་དཀའ་སེལ་བྱ་རྒྱུ་དེ་འགན་འཁྲི་འཁུར་སེམས་ཆེ་ཤོས་སུ་བརྩི་བ་བཅས་བྱེད་པ་དང། ལས་ཀ་བྱེད་སྟངས་ལེགས་སུ་གཏོང་བ་དང་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། སྤྱོད་ཚུལ་ལེགས་སུ་གཏོང་བ་དང་ལས་ཕྱོད་ཆེ་རུ་གཏོང་བར་སྣེ་ཁྲིད་བྱེད་དེ་གཟེར་འདེབས་སྙིང་སྟོབས་ལ་བརྟེན་ནས་ལས་དོན་ཁག་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས།

    ཚང་འཛོམས་གྲོས་ཚོགས་ཐོག་འབོད་སྐུལ་གནང་དོན། ཁུལ་ཡོངས་ཀྱི་རྒྱ་ཆེ་བའི་ཏང་ཡོན་ལས་བྱེད་པ་དང་མི་རིགས་ཁག་གི་མང་ཚོགས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱེད་པ་དང་། ཞིང་ཨུའི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཐོག་མཐའ་བར་གསུམ་དུ་“ངེས་པར་དུ་གསུམ”བློ་ལ་བརྟན་པོར་ངེས་དགོས་པ་དང་། ཐོག་མཐའ་བར་གསུམ་དུསྟོང་བཤད་རྒྱལ་ཕུང་དང་དངོས་སྒྲུབ་རྒྱལ་དར་བློ་ལ་བརྟན་པོ་ངེས་དགོས། སྙིང་སྟོབས་ཆེར་བསྐྱེད་དང་དཔའ་ངར་ཆེར་བསྐྱེད་ཀྱིས་མདུན་སྐྱོད་བྱེད་དེ་མཐུན་སྒྲིལ་དང་ཕྱུག་འགྱུར། ཤེས་དཔལ། ཞི་མཐུན། མཛེས་སྡུག དུས་བདེའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བདེ་ཆེན་གསར་པ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱ་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས།