གསོན་ཤུགས་ཀྱིས་ཁེངས་པའི་ཧ་ཨར་ཐུན་མཐོ་སྒང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-12-19   རྩོམ་ཁུངས།    ཞི​ན་ཧྭ་གསར་འགྱུར་ཁང་།

པར་འདི་ནི་ཟླ12པའི་ཚེས17ཉིན་པར་བླངས་པའི་ཞོགས་ཟེར་འོག་གི་ཧ་ཨར་ཐུན་མཐོ་སྒང་གི་མཛེས་ལྗོངས་རེད། 

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁ་བ་བབས་ཐེངས་ཤིག་གིས་ཀན་སུའུ་ཞིང་ཆེན་ཅིག་ཆོན་གྲོང་ཁྱེར་ཨ་ཁི་སའེ་ཧ་སག་རིགས་རང་སྐྱོང་རྫོང་གི་མངའ་ཁོངས་སུ་གནས་པའི་ཧ་ཨར་ཐུན་མཐོ་སྒང་ཡོངས་སུ་གོས་དཀར་བཀླུབས་ཤིང་། རྐྱང་ཁྱུ་དང་འབྲོང་ཁྱུ་ཚོགས་ཡངས་པའི་རྩྭ་ཐང་དུ་གཟན་ཆས་འཚོལ་བཞིན་ཡོད་པ་དེ་ཧ་ཨར་ཐུན་མཐོ་སྒང་ལ་སྔར་མེད་ཀྱི་གསོན་ཤུགས་མི་དམན་པ་བསྣན། །

པར་འདི་ནི་འཁྱགས་པས་བསྡམས་པའི་ཧ་ཨར་ཐུན་གཙང་བོ་རེད། 

པར་འདི་ནི་ཟླ12པའི་ཚེས17ཉིན་རྐྱང་ཁྱུ་ཞིག་ཧ་ཨར་ཐུན་མཐོ་སྒང་དུ་གཟན་རྩ་འཚོལ་བཞིན་པའི་རྣམ་པ་རེད། 

པར་འདི་ནི་ཟླ12པའི་ཚེས17ཉིན་འབྲོང་ཁྱུ་ཞིག་ཧ་ཨར་ཐུན་མཐོ་སྒང་དུ་གཟན་རྩ་འཚོལ་བཞིན་པའི་རྣམ་པ་རེད། 

པར་འདི་ནི་ཟླ12པའི་ཚེས17ཉིན་ཧ་ཨར་ཐུན་མཐོ་སྒང་དུ་བླངས་པའི་འབྲོང་ཞིག་རེད། 

པར་འདི་ནི་ཟླ12པའི་ཚེས17ཉིན་འབྲོང་ཁྱུ་ཞིག་ཧ་ཨར་ཐུན་མཐོ་སྒང་དུ་གཟན་རྩ་འཚོལ་བཞིན་པའི་རྣམ་པ་རེད།