རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-12-21   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
ཟླ་12ཚེས་19ཉིན་གྱི་སྔ་དྲོ་ཁུལ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཁུལ་དཔོན་ཀྲང་ཝུའེ་ཏུང་གིས་ཁུལ་ཡོངས་ཀྱི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་དང་བོད་སྨན་ཐོན་ལས་འཕེལ་རྒྱས་ཀྱི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་ཁུལ་དེའི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་དང་བོད་སྨན་ཐོན་ལས་འཕེལ་རྒྱས་ཀྱི་ལས་དོན་ལ་ཆེད་དོན་ཞིབ་འཇུག་གནང་བ་རེད།
ཚོགས་འདུའི་ཐོག་ཀྲུང་ལུགས་དང་བོད་ལུགས་གསོ་རིག་དང་བོད་སྨན་ནི་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས་རིམ་ཁག་སྡེ་ཚན་ཁག་གིས་ཀྲུང་ལུགས་དང་བོད་ལུགས་གསོ་རིག་དང་བོད་སྨན་བྱ་གཞག་འཕེལ་རྒྱས་ཀྱི་ཡིད་ཆེས་བརྟན་དུ་གཏོང་བ་དང་ཀྲུང་ལུགས་དང་བོད་ལུགས་གསོ་རིག་དང་བོད་སྨན་གྱི་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་གཏོང་བའི་གོ་སྐབས་གལ་ཆེན་དམ་འཛིན་བྱས་ནས་རང་རེའི་ཁུལ་གྱི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་དང་བོད་སྨན་ཐོན་ལས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པ་བསྟན།
ཚོགས་འདུའི་ཐོག་ཆབ་སྲིད་ཀྱི་ས་ཚིགས་སྔར་བས་མཐོ་རུ་བཏང་སྟེ་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་ནི་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་མང་ཚོགས་ཀྱི་འབབ་འཕར་ལས་ཞུགས་སོགས་དང་འབྲེལ་བ་ཡོད་པའི་དམངས་འཚོའི་དོན་ཆེན་ཞིག་ཡིན་པའི་ངོས་འཛིན་གང་ལེགས་བྱེད་དགོས། ལས་ཀའི་ཆེད་ལས་འཛིན་གྲྭ་གང་མགྱོགས་འཛུགས་པ་དང་། ཆེད་ལས་འཛིན་གྲྭའི་འཁོར་སྐྱོད་ལམ་སྲོལ་འཛུགས་པ། འཕེལ་རྒྱས་ཀྱི་རྨང་གཞི་མཐིལ་རྟོགས་དང་། འཆར་འགོད་བཟོ་བ། ཁྲོམ་རའི་གཙོ་གཟུགས་ནང་འདྲེན་སོགས་ཀྱི་ལས་དོན་ཁག་ཕན་འབྲས་ཐོན་པར་སྤེལ་དགོས། ཚོང་ར་ཅན་གྱི་ལམ་བུར་བློ་བརྟན་འགྱུར་མེད་ཀྱིས་སྐྱོད་པ་དང་། བྱ་བ་གང་བྱེད་ཀྱང་ཚོང་ར་ཁྲིད་ཕྱོགས་སུ་འཛིན་པ། ཕུལ་བྱུང་གི་ལེགས་གྲུབ་བྱུང་བའི་དཔེ་མཚོན་ལ་སློབ་སྦྱོང་གཏིང་ཟབ་དང་དཔྱད་གཞིར་འཛིན་པ། ཚོང་ར་ཅན་དང་ཆེད་ལས་ཅན་དུ་འགྱུར་བའི་ཚད་མཐོའི་ཟུང་འབྲེལ་ལ་དོ་སྣང་བཅས་བྱ་དགོས། རིམ་ཁག་སྡེ་ཚན་ཁག་གིས་ཐུན་མོང་ཐོག་རོགས་ལས་དང་དམིགས་བསལ་གྱི་འཇོན་ཐང་འདོན་སྤེལ་བྱས་ནས་ཁུལ་སྨན་རྩིས་ཁང་གི་སྤུས་ཚད་མཐོར་གཏོང་དང་རིམ་སྤོར་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ་དང་། ཁུལ་ནང་ཁུལ་གྱི་སྨན་བཅོས་ཐོན་ཁུངས་བཀོད་སྒྲིག་ལུགས་མཐུན་བྱས་ནས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རིག་གནས་ཞིབ་འཇུག་དང་། སྤུས་རྟགས་གཏོད་པ། གཡུལ་ས་གཏོད་པ། ཐོན་ལས་འཕེལ་རྒྱས་སོགས་ཀྱི་ཐད་གཙོ་གནད་ཐོག་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་རང་ཁུལ་གྱི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་ཁྱད་ལྡན་ལེགས་ཆ་མངོན་གསལ་དོད་པོ་ཡོང་བ་བྱེད་དགོས། ཆེད་ལས་ཤེས་ལྡན་མི་སྣ་ནང་འདྲེན་ཧུར་ཐག་བྱས་ནས་ན་གཞོན་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་ན་གཞོན་སྨན་པ་ཁག་གཅིག་ལ་རྒྱུན་འཛིན་བྱེད་རིང་མཐུད་རྒྱུག་བརྒྱུད་སྤྲོད་བྱེད་རོགས་བྱས་ནས་ཀྲུང་ལུགས་དང་བོད་ལུགས་གསོ་རིག་དང་བོད་སྨན་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་མཁན་གྱི་རྐང་བྱེད་སྟོབས་ཤུགས་སུ་རིམ་པས་འགྱུར་ཐུབ་པ་བྱེད་དགོས། བདེ་ཆེན་གྱི་དོན་དངོས་དང་འབྲེལ་བ་དམ་ཟབ་བྱས་ནས་ཁྱོན་ཡོངས་ཀྱི་འཆར་འགོད་བཟོས་ཏེ་སྔ་བལྟས་ཕྱི་བསམ་གྱི་རང་བཞིན་དང་། བརྒྱུད་རིམ་རང་བཞིན། ཚན་རིག་གི་རང་བཞིན། བཀོལ་སྤྱོད་ཆོག་པའི་རང་བཞིན་བཅས་ལྡན་པའི་འཆར་འགོད་གཟབ་ནན་དང་དངོས་སྒྲུབ་ངང་བཟོས་ནས་ཁུལ་དེའི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་དང་བོད་སྨན་ཐོན་ལས་འཕེལ་རྒྱས་ཆེད་འཆར་འགོད་འགན་ལེན་དང་། ཚན་རིག་དང་མཐུན་པའི་མཛུབ་ཁྲིད་བྱེད་དགོས་པའི་རེ་བ་བཏོན།
ཁུལ་ཁུལ་ཨུའི་རྒྱུན་ཨུ་དང་། ཁུལ་མི་དམངས་སྲིད་གཞུང་གི་རྒྱུན་ལས་ཁུལ་གཞོན་པ་རྒྱ་མཚོ། ཁུལ་མི་དམངས་སྲིད་གཞུང་གི་ཁུལ་ཀྲང་གཞོན་པ་ལི་ཐའོ། དེ་བཞིན་ཁུལ་འཕེལ་སྒྱུར་ཨུ་ལྷན་དང་། ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། ཁུལ་ནོར་སྲིད་ཅུས། ཁུལ་ཚན་རྩལ་ཅུས། ཁུལ་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས། ཁུལ་ཤང་གྲོང་དར་རྒྱས་ཅུས། ཁུལ་སྨན་རྩིས་ཁང་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བ་ཚོགས་འདུར་ཞུགས་པ་དང་འབྲེལ་སྤེལ་རེས་གཏམ་བཤད་ཀྱང་གནང་བ་རེད།