བདེ་ཆེན་གྱི་འཕྲོད་བསྟེན་བདེ་ཐང་བྱ་གཞག་འཕེལ་ལ་རྒྱས་གསར་པ་བྱུང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-12-21   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    2022ལོ་ནས་བཟུང་། ཁུལ་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་མ་ལག་གིས་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་ནས་ནུས་ཤུགས་ཡོད་རྒུས་རིམས་ནད་སྔོན་འགོག་ཚོད་འཛིན་ལ་དམ་འཛིན་ཡག་པོ་བྱས་ཤིང་།   བདེ་ཐང་རྫོང་གྲོང་དང་བདེ་ཐང་བདེ་ཆེན་འཛུགས་སྐྱོང་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་སྒྱུར་བཅོས། སྤྱི་པའི་འཕྲོད་བསྟེན་མ་ལག་འཛུགས་སྐྲུན།  ཀྲུང་ལུགས་དང་བོད་ལུགས་གསོ་རིག་རྒྱུན་འཛིན་གསར་གཏོད་འཕེལ་རྒྱས་སོགས་ཀྱི་ལས་དོན་ཁག་གཏིང་ཟབ་ཀྱིས་སྤེལ་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་འགན་ལེན་ནུས་ལྡན་བྱས་ཡོད།

 

    རིམས་ནད་བྱུང་ཚུལ་སྔོན་འགོག་དང་ཚོད་འཛིན་བྱེད་པར་གྲུབ་འབྲས་གལ་ཆེན་ཐོབ་ཡོད། ཁུལ་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་ཁོངས་གཏོགས་ཀྱིས“ཕྱིའི་ནང་འདྲེན་དང་ནང་གི་བློ་ཡུལ་ལས་འདས་པའི་དོན་རྐྱེན་སྔོན་འགོག”གི་སྔོན་འགོག་ཚོད་འཛིན་ཐབས་ཇུས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ནས་རིམ་རྩིས་བྱས་ན་མི་ཚོགས་དང་། དངོས་ཟོག   ཁོར་ཡུག་བཅས་ཀྱི་ཉིང་སྐྱུར་ཁག་ཁྲི་412ལྷག་ཙམ་ལ་ཞིབ་དཔྱད་ཚད་ལེན་བྱས་པ་དང་། རིམ་རྩིས་བྱས་ན་ནད་དུག་རིམས་འགོག་སྨན་ཁབ་སྨན་ཁྲི་103.16བརྒྱབ་པས་ཁུལ་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་སྤྱིར་ན་བརྟན་པོ་ཡོད་པ་རེད། འཕྲོད་བསྟེན་བདེ་ཐང་རྣམ་གྲངས་ཀྱི་འཕེལ་རིམ་བདེ་བླག་བྱུང་ཡོད། མ་འཇོག་ལ་དམ་འཛིན་ཤུགས་ཆེན་དང་། རྣམ་གྲངས་ལ་དམ་འཛིན་ཤུགས་ཆེན། འཕེལ་རྒྱས་ལ་དམ་འཛིན་ཤུགས་ཆེན་བཅས་བྱེད་པའི་འདུ་ཤེས་བཙུགས་ནས་སྐྲུན་བཞིན་པའི་རྣམ་གྲངས་4ལེགས་སྒྲུབ་བྱས་པ་དང་གསར་སྐྲུན་བྱ་རྩིས་ཡོད་པའི་རྣམ་གྲངས་6གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ཡོད། 

    བདེ་ཐང་རྫོང་འཛུགས་པར་སྐུལ་འདེད་གཏིང་ཟབ་བཏང་བ་དང་། སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་སྔར་ལས་འཐུས་ཚང་དུ་བཏང་ཡོད། ནད་རིགས་སྔོན་འགོག་ཚོད་འཛིན་དང་འཕྲོད་བསྟེན་ཐད་ཀྱི་མཁོ་བསྟུན་ནུས་པ་སྔར་ལས་ཆེ་རུ་ཕྱིན་ཡོད། རིམས་འགོག་འཆར་འགོད་ཀྱི་གྲུབ་འབྲས་སྲ་བརྟན་དུ་བཏང་སྟེ་ཁུལ་ཡོངས་ཀྱི་ཤང་དང་གྲོང་རྡལ་ཚན་པར་བྱས་ནས་རྨང་གཞིའི་རིམས་འགོག་སྨན་ཁབ་རྒྱག་ཚད་90%ཡན་ཟིན་ཡོད་པ་རེད། ཁུལ་ཡོངས་སུ་འགོས་ནད་ཐོན་ཚད་ཁྲི་1/10ཟིན་པ་དང་ཞིང་ཆེན་དེ་ཡོངས་ཀྱི་ཅུང་དམའ་བའི་ཆུ་ཚད་དུ་མུ་མཐུད་ཚོད་འཛིན་ཐུབ་ཡོད་པ་རེད། 


    གཞི་རིམ་གྱི་འཕྲོད་བསྟེན་དང་མ་བུའི་བདེ་ཐང་བྱ་གཞག་རྒྱུན་མཐུད་ངང་འཕེལ་རྒྱས་བཏང་ཡོད།“གཞི་རིམ་དུ་སྤུས་ལེགས་ཞབས་འདེགས་ཞུ་བའི”བྱེད་སྒོ་གཏིང་ཟབ་སྤེལ་ནས་ཁུལ་ཡོངས་ཀྱི་ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་8ཞིང་ཆེན་རིམ་པའི་ཚད་གཞི་མཐོ་ཤོས་སུ་སླེབས་ཡོད་པ་རེད། དལ་ནད་དོ་དམ་ལྟེ་གནས་18དང་། སྙིང་ཀླད་ཁྲག་རྩའི་ནད་བཅོས་པའི་ས་ཚིགས་17གཞི་རིམ་གྱི་ཚ་རྒྱས་ས་ཚུགས་9བཅས་བཙུགས་ཡོད། ཁུལ་ཡོངས་ཀྱི་གྲོང་གསེབ་སྨན་པ་324ལ་རྒན་གསོ་འགན་བཅོལ་གྱི་ཐོབ་ཐང་དོན་འཁྱོལ་བྱས་པ་རེད། མི་རེའི་ཆ་སྙོམས་ཀྱི་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་རྣམ་གྲངས་ཀྱི་ནོར་སྲིད་ཁ་གསབ་ཚད་གཞི་སྒོར་79བར་མཐོ་རུ་བཏང་ཡོད། 

    ཀྲུང་ལུགས་དང་བོད་ལུགས་གསོ་རིག་ཐོན་ལས་འཕེལ་རྒྱས་མྱུར་པོ་ཕྱིན་པ། ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་ཞབས་ཞུའི་མ་ལག་འཛུགས་སྐྱོང་ཟམ་མི་ཆད་པར་འཐུས་ཚང་དུ་བཏང་ཞིང་།  མིག་སྔར་ཀྲུང་ལུགས་དང་བོད་ལུགས་གསོ་རིག་ཁང་32བཙུགས་ཡོད་པ་རེད། ཁུལ་བོད་ལུགས་སྨན་རྩིས་ཁང་གི་སྨན་རྫས་སྦྱོར་ཁང་དང་འཇོལ་རྫོང་སྨན་ཁང་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་སྨན་རྫས་སྦྱོར་ཁང་གིས་སྔ་རྗེས་སུ་སྨན་རྫས་རིགས་142ཞིབ་བཟོ་བྱས་པའི་སྒོ་རའི་ནང་གི་སྨན་དང་བོད་སྨན་གྱི་སྨན་རྫས་དེ་དག་ཡུན་ནན་ཞིང་ཆེན་གྱི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་རྩིས་ཞུའི་དཀར་ཆག་ནང་བཅུག་ཡོད་པ་རེད།

 

    ན་རྒས་བདེ་ཐང་དང་བུ་བཅོལ་ཞབས་ཞུར་སྐུལ་སྤེལ་ཧུར་ཐག་བཏང་ཡོད། ཟླ་10པའི་ཚེས་31ཉིན་བར་ལོ་80ཡན་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འགན་ལེན་ལྔའི་དུད་ཚང་ལ་བསམ་ཡུལ་ལས་འདས་པའི་གནོད་འཚེ་ཕོག་པའི་འགན་བཅོལ་ཁྱབ་ཚད་100%ཟིན་ཡོད་པ་རེད། མིག་སྔར་ཁུལ་ཡོངས་སུ་བཅོལ་གསོ་ཞབས་ཞུའི་སྒྲིག་གཞི་19མཁོ་འདོན་བྱེད་ཐུབ་ཀྱི་ཡོད་པ་རེད།