རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-12-26   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
ད་ལོ་ནས་བཟུང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ནགས་རྩྭ་སྡེ་ཚན་གྱིས་བྱ་ཐབས་སྣ་མང་སྤྱད་དེ་བདེ་ཆེན་ཁུལ་གྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་ལག་ལེན་ནང་ཧུར་ཐག་ཞུགས་ནས་སྲུང་སྐྱོང་སྔོན་ལ་བྱེད་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་མུ་མཐུད་བསྐྱོད་དེ་ནགས་ཚལ་ཐོན་ཁུངས་སྲུང་སྐྱོང་དང་ལྗང་མདོག་ཡོང་བ་བྱེད་པ་ནས་མཛེས་སྡུག་ལྡན་པའི་ཕྱོགས་སུ་སྐྱོད་པའི་མཉམ་འདྲེས་ཐུབ་པ་བྱས་པས་བདེ་ཆེན་ཁུལ་གྱི་ནགས་རྩྭའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་རེད།
ནགས་དཔོན་ལམ་ལུགས་སྒྱུར་བཅོས་བྱེད་ཐེངས་གསར་པ་རྒྱུན་མཐུད་ངང་གཏིང་ཟབ་ཏུ་བཏང་བ།2022ལོར་བདེ་ཆེན་ཁུལ་ནགས་རྩྭ་ཁོངས་གཏོགས་ཀྱིས་རིམ་ལྔའི་ནགས་ཚལ་དང་ནགས་ཚལ་ལྟ་ཞིབ་མ་ལག་བཙུགས་ནས་འཐུས་ཚང་དུ་བཏང་བ་དང་། ནགས་དཔོན་ལ་ལྟ་ཞིབ་བྱེད་པའི་ལམ་ལུགས་ཁག་6བཏོན་པ་རེད། “ནགས་དཔོན+ཉེན་རྟོག་པའི་འགོ་འཛིན+ཞིབ་དཔྱོད་འགོ་བ་”བཅས་ཟུང་དུ་འབྲེལ་བའི་མཉམ་ལས་ལམ་སྲོལ་སོགས་བཙུགས་པ། རིམ་ཁག་ནགས་དཔོན་522དང་། ཁུལ་དང་རྫོང་རིམ་པ་གཉིས་ཀྱི་སྤྱི་ཁྱབ་ལྟ་ཞིབ་པ་29 ནགས་དཔོན་ལམ་ལུགས་ཀྱི་ཡོངས་བསྒྲགས་བྱང་བུའི24བཙུགས་པ། སྤྱི་ཁྱབ་ནགས་དཔོན་གྱིས་བཀའ་རྒྱར་མིང་རྟགས་2ལ་བཀོད་ནས་སྤྲོད་པ་རེད།
ནགས་རྩྭའི་གནོད་ཡོད་སྐྱེ་དངོས་འགོག་བཅོས་ཀྱི་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། 2022ལོར་བདེ་ཆེན་ཁུལ་ནགས་རྩྭ་ཁོངས་གཏོགས་ཀྱིས་ནགས་དཔོན་ལམ་ལུགས་ལ་བརྟེན་ནས་ནགས་རྩྭ་སྡེ་ཚན་གྱི“ཆེད་ལས་འགོག་སྲུང་དང་། ཐོག་མའི་སྐྱོབ་པ། ལས་རིགས་དོ་དམ”བཅས་ཀྱི་འགན་ནུས་དང་འགན་འཁྲི་ནན་དུ་བཏང་སྟེ་ནགས་རྩྭའི་མེ་ཟོན་དྲ་མིག་ཅན་གྱི་དོ་དམ་དང་། ཏང་སྲིད་འགོ་ཁྲིད་ལས་བྱེད་པའི་འགན་འཁྲིའི་ལམ་ལུགས། སྲིད་འཛིན་འགོ་ཁྲིད་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ནས་ནགས་ལས་ཀྱི་གནོད་ཡོད་སྐྱེ་དངོས་འགོག་བཅོས་ལས་འགན་མུའུ་ཁྲི་3.63དང་རྩྭ་ཐང་གི་གནོད་ཡོད་སྐྱེ་དངོས་འགོག་བཅོས་ལས་འགན་མུའུ་ཁྲི་10.4ལེགས་སྒྲུབ་བྱས་པ་རེད།
ནགས་ཚལ་མེ་ཟོན་གྱི་ཉེན་འགོག་དྲ་བ་ཞིབ་ཚགས་བཟོ་བ།2022ལོར《བདེ་ཆེན་ཁུལ་གྱི་རིག་ལྡན་ནགས་རྩྭའི་ཤེས་ཚོར་མ་ལག་གི་ཆོག་འཐུས་རང་བཞིན་གྱི་ཞིབ་འཇུག་སྙན་ཞུ》ཚན་རིག་དང་མཐུན་པའི་ངང་སྒྲིག་བཟོ་བྱས་ནས་དྲ་སྦྲེལ་དང་། གྲངས་གཞི་ཆེ་མོ། མིས་བཟོས་རིག་ནུས་ལག་རྩལ་དང་ནགས་རྩྭའི་ཁྱབ་ཁོངས་ཁག་གི་འཛུགས་སྐྲུན་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་སྐུལ་འདེད་བཏང་སྟེ་ནགས་རྩྭ་དང་། འདམ་རའི་ཐོན་ཁུངས་དོ་དམ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་བཏང་བ་རེད།
ལྗང་མདོག་མཛེས་སྡུག་གི་བདེ་ཆེན་འཛུགས་སྐྲུན་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏིང་ཟབ་བཏང་བ། 2022ལོར་སྣོད་བཅུད་སྲུང་སྐྱོང་དང་ཉམས་གསོའི་འདུ་འགོད་གལ་ཆེན་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱས་ནས་ཁྱོན་མུའུ་ཁྲི་33.09ལ་ཤིང་འཛུགས་བྱས་པ་དང་། རྩྭ་ཐང་སྣོད་བཅུད་ཉམས་གསོའི་རྣམ་གྲངས་མུའུ་ཁྲི་65.35ལག་བསྟར་བྱས་པ། ཆུ་བེད་གྲོན་ཆུང་གི་ཞིང་ཆུ་འདྲེན་ཁུལ་176ལེགས་སྒྲུབ་བྱས་པ།《བདེ་ཆེན་ཁུལ་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྔོ་འགྱུར་མཛེས་བཟོའི་ལོ་གསུམ་བྱ་སྤྱོད》ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ་དམངས་ཡོངས་ཀྱིས་འོས་འགན་ཤིང་འཛུགས་ནགས་བཟོའི་ལས་དོན་ཁྲི་200.26ལེགས་སྒྲུབ་བྱས་པས་བདེ་ཆེན་ཁུལ་གྱི་རྒྱལ་ཁབ་ས་ཆའི་སྔོ་འགྱུར་ཁྱབ་ཚད་དང་ནགས་ཚལ་ཁྱབ་ཚད་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད་པ་རེད།