བདེ་ཆེན་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ལེགས་སུ་ཕྱིན་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-12-27   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    

        ཉེ་ཆར། གསར་འགོད་པས་བདེ་ཆེན་ཁུལ་སྐྱེ་ཁམས་ཁོར་ཡུག་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན།    2022ལོར་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྤུས་ཚད་རྒྱུན་མཐུད་ལེགས་སུ་འགྲོ་བཞིན་ཡོད།

        ཟླ11པའི་ཟླ་མཇུག་བར་ཁུལ་ཡོངས་ཀྱི་རྒྱལ་ཁབ་ཀྱིས་ཚོད་འཛིན་བྱེད་པའི་ཆད་ངོས་ཀྱི་ཆུ་སྤུས་ལེགས་པོའི་བསྡུར་ཚད100%དང་། རྫོང་རིམ་པ་ཡན་གྱི་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོའི་ཆུ་སྤུས་ལོན་ཚད100% གོང་གསལ་གྱི་རྣམ་གྲངས་དེ་གཉིས་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་སླེབས་པ་དང་། གྲོང་ཁྱེར་གྱི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་ནི100%ཡིན་པས་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་སླེབས་པ་རེད། སྦགས་བཙོག་ཐེབས་པའི་ས་ཆ་བདེ་འཇགས་ངང་བེད་སྤྱོད་བྱེད་ཚད100%ཟིན་པ་དང་།    ཁོར་ཡུག་སྤུས་ཚད་ཀྱི་གནས་ཚུལ་བརྟན་པོའི་ངང་བཟང་ཕྱོགས་སུ་འཕེལ་བཞིན་ཡོད།   

        ཁོར་ཡུག་སྲུང་སྐྱོང་“ཏང་སྲིད་ཀྱི་འགན་འཁྲི་མཉམ་འཁུར་བྱེད་པ”དང“ལས་གནས་གཅིག་ལ་འགན་འཁྲི་གཉིས”རྒྱུན་ཆད་མེད་པར་བརྟན་དུ་བཏང་ཡོད། ད་ལོ་ནས་བཟུང་། བདེ་ཆེན་ཁུལ་གྱིས་ཞི་ཅིན་ཕིང་སྐྱེ་ཁམས་ཤེས་དཔལ་གྱི་བསམ་བློ་བདེ་ཆེན་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་རྒྱུན་རྣམ་ཅན་གྱི་སློབ་སྦྱོང་ནང་བཅུག་པ། ཟླ་རེར་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་གྲོས་གཞིར་ཞིབ་འཇུག་ཐེངས་2ཡན་བྱས་པ་མ་ཟད། དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལྟ་ཞིབ་ཚུར་ལན་གནད་དོན་དག་ཐེར་ལ་སྐུལ་འདེད་བཏང་སྟེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ཁྲོད་ཀྱི་གལ་ཆེའི་དོན་གནད་དང་མངོན་གསལ་དོད་པའི་གནད་དོན་དུས་ཐོག་ཏུ་མཐུན་སྦྱོར་དང་ཐག་གཅོད་བྱས་པ་དང་། དེ་དང་ཆབས་ཅིག་གཙོ་གནད་རྣམ་གྲངས་ཀྱི་རྒྱུ་རྐྱེན་གཙོ་བོའི་འགན་ལེན་གསལ་ཐོ་བཟོས་ནས་དུས་བཀག་དང་དུས་བཀག་མིན་པའི་བཀོད་གཏོང་ལས་དོན་སྤེལ་ཚུལ་དང་འབྲེལ་ལྷག་པའི་གནད་དོན་ལ་དམིགས་ནས་ལས་ཀའི་གཙོ་གནད་དུས་ཐོག་ཏུ་ལེགས་སྒྲིག་བྱས་ཏེ་རྣམ་གྲངས་དོན་འཁྱོལ་ཡོང་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད།   

        གཙང་པོ་དང་མཚེའུའི་“གང་བྱུང་བཞི་གཙང་སེལ”རྒྱུན་རྣམ་ཅན་དང་ཚད་ལྡན་ཅན་དུ་འགྱུར་བར་སྐུལ་འདེད་བཏང་ཡོད། ཆུ་ལམ་གྱི་གད་སྙིགས་དང་འཕྱོ་གཡེང་དངོས་རྫས་སོགས་ཁྱོན་བསྡོམས་ཏུན་4.5གཙང་སེལ་བྱས་ཡོད། ཤང་དང་གྲོང་རྡལ་རིམ་པ་ཡན་གྱི་གཅིག་བསྡུས་རྣམ་པའི་འཐུང་ཆུའི་ཆུ་འགོ་སྲུང་ཁུལ་དབྱེ་འབྱེད་གཏན་འབེབས་ཧུར་ཐག་བྱས་ཏེ། མཚོན་རྟགས་བྱང་བུ་འཛུགས་པ་དང་ར་བསྐོར་སོགས་བྱེད་ཐབས་སྤྱད་དེ་སྲུང་སྐྱོང་བྱས་ཡོད་པ་མ་ཟད། རྫོང་རིམ་པ་ཡན་གྱི་འཐུང་ཆུའི་ཆུ་འགོ་འབྱུང་སར་དུས་བཀག་ལྟར་ཆུའི་སྤུས་ཚད་ལ་ལྟ་ཞིབ་ཚད་ལེན་ཡང་བྱས་ཡོད།   

        ཁོར་ཡུག་ཐད་ཀྱི་སྲིད་འཛིན་ཆད་པ་གཅོད་པའི་གྱོད་གཞི་དང་ཞུ་གཏུག་དང་ཐེར་འདོན་གོང་ཞུ་བྱེད་པའི་གྱོད་གཞི་སྒྲུབ་གཉེར་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད། 2022ལོར་ཁུལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ཁོངས་གཏོགས་ཀྱིས་ཁྲིམས་འཛིན་མི་སྣ་མི་ཐེངས་1167བཏང་ནས་ཁེ་ལས་539ལ་ཞིབ་བཤེར་བྱས་པ་རེད། མང་ཚོགས་ཀྱི་ཁོར་ཡུག་ཞུ་གཏུག་ཡིག་ཆ100ཐག་གཅོད་བྱས་པ་དང་གྱོད་གཞི་ཐག་གཅོད་བྱེད་ཚད100%ཟིན་ཡོད་པ་རེད། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་། སྐྱེ་དངོས་ཀྱི་སྣ་མང་རང་བཞིན་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། རང་བྱུང་སྲུང་སྐྱོང་ཁུལ་འཛུགས་སྐྲུན་དང་དོ་དམ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ།    “རྒྱལ་ཁབ་སྤྱི་གླིང་”གིས་གཙོས་པའི་རང་བྱུང་སྲུང་སྐྱོང་ཁུལ་འཛུགས་སྐྲུན་མ་ལག་འཛུགས་པ། རང་བྱུང་སྲུང་སྐྱོང་ཁུལ་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྒོ་སྣ་ཚོགས་ཞིབ་བཤེར་ཐག་གཅོད་ནན་པོ་བཅས་བྱས་ཡོད།   

        སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་གྲོང་ཚོ་དང་། ཤང་(གྲོང་རྡལ)རྫོང(གྲོང་ཁྱེར)ཁུལ་བཅས་རིམ་པ་རེ་རེ་བཞིན་གཏོད་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་ཡོད། ད་ལོའི་ནང་སྐྱེ་ཁམས་དཔེ་སྟོན་གཏོད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། མིག་སྔའི་བར་ཁུལ་ཡོངས་ཀྱིས“སྐྱེ་ཁམས་ཤེས་དཔལ་གྲོང་ཚོའི”ཁག་ཐེངས་བཞི་དང་ཁག་ཐེངས་164བསྐྲུན་པ་དང་། ཞིང་ཆེན་རིམ་པའི་སྐྱེ་ཁམས་ཤེས་དཔལ་གྱི་ཤང་གྲོང་15བཅས་ཡོད་པ་རེད། ད་ལོའི་ཟླ11པར་བདེ་ཆེན་ཁུལ་ལ་ད་དུང་སྐྱེ་ཁམས་ཁོར་ཡུག་པུའི་སྒོ་བྱང་བཀལ་ནས་ཁག་དྲུག་པའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་ཁུལ་གྱི་མིང་བཏགས་པ་རེད།