མི་འདི་དག་ལ་ཏོག་གསར་རིམས་ནད་འགོ་མི་སྲིད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-12-27   རྩོམ་ཁུངས།    中国藏语广播CNR

        སྤྱི་ཟླ་12ཚེས་16ཉིན། ཨ་རིའི《ཉིའུ་གཡོག་སྐབས་དོན་ཚགས་པར》ཐོག་རྩོམ་ཡིག་སྤེལ་བ་ལྟར་ན། ཁ་བྱང་དུ་ལྷན་སྐྱེས་ཀྱིས་ཏོག་གསར་གློ་ཚད་རིམས་ནད་མི་འགོས་པའི་མི་དེ་དག་སྤྱི་ལོ་2022ལོའི་ལོ་མཇུག་ཏུ་ཞེས་པ་དེ་ཡིན་ལ། ཕྱི་ཕྱོགས་ཀྱིས་སྔོན་དཔག་བྱས་པའི་དུས་ཚིགས་རང་བཞིན་གྱི་ཏོག་གསར་གློ་ཚད་རིམས་ནད་ཀྱི་ནད་པ་ཇེ་མང་དུ་སོང་བ་དང་།  ཨ་རིར་ཉིན་བདུན་རིང་ཆ་སྙོམས་རྐྱེན་ལམ་དུ་ཤོར་བའི་ནད་པ་གཟའ་འཁོར་གཉིས་ཀྱི་སྔོན་ལས་65%ཇེ་མང་དུ་སོང་ཡོད། མ་ཟད་རིམས་ནད་ཀྱི་དབང་གིས་མི་རྣམས་ལ་སྔར་བཞིན་དཀའ་ངལ་འཕྲད་བཞིན་ཡོད་ལ། ད་དུང་མི་ལ་ལ་ཞིག་ལ་ཏོག་གསར་གློ་ཚད་རིམས་ནད་ཡེ་ནས་མི་འགོས་པ་དེ་རེད།

        མི་མང་པོ་ཞིག་ལ་སྔོན་འགོག་བྱེད་ཐབས་སམ་ཡང་ན་སྟབས་ལེགས་སྟེས་དབང་གིས་ནད་མ་འགོས་པ་རེད། འོན་ཀྱང་ཚན་རིག་པ་རྣམས་ཀྱིས་མི་ལ་ལ་ཞིག་ལ་ཏོག་གསར་གློ་ཚད་རིམས་ནད་མི་འགོ་སྟེ། ཁོ་ཚོས་ལྷན་སྐྱེས་ཀྱིས་ཏོག་གསར་གློ་ཚད་རིམས་ནད་འགོག་ཐུབ་པ་དང་ཁོ་ཚོའི་གཞི་རྒྱུད་ནང་དུ་ཏོག་གསར་གློ་ཚད་རིམས་ནད་འགོག་ཐུབ་པའི་ཕྲ་ཕུང་ཡོད་པ་རེད། མི་ལ་ལས་ལྷན་སྐྱེས་ཀྱིས་ནད་དུག་ཁ་ཤས་འགོག་ཐུབ།  ཆེས་མངོན་གསལ་དོད་པའི་དཔེ་མཚོན་ནི་ཨེ་ཙི་ནད་རེད། རྒྱུད་རྒྱུ་ཁ་ཤས་ཀྱི་གློ་བྱུང་འགྱུར་ལྡོག་གིས་མི་ལ་ལ་ཞིག་ལ་ཨེ་ཙི་ནད་འགོ་མི་ཐུབ། འདི་ནི་ཨེ་ཙི་ནད་པ་ཉུང་ཤས་སྨན་བཅོས་བྱེད་ཐུབ་བཞིན་པའི་གནད་འགག་དེ་རེད།   
        འོ་ན་ཏོག་གསར་གློ་ཚད་རིམས་ནད་གཏན་ནས་མི་འགོས་པའི་མི་རྣམས་ཀྱི་ལུས་ཁམས་དེ་ཅི་འདྲ་ཞིག་རེད་ཅེ་ན།  ང་ཚོས་ད་ལྟ་ད་རུང་གཏན་འཁེལ་བྱེད་མི་ཐུབ།  མིའི་ལུས་ཁམས་ཀྱིས་ནད་དུག་འགོག་པའི་ཐབས་ལམ་གཅིག་ནི་རྒྱུད་རྒྱུའི་འགྱུར་ལྡོག་རེད།  དཔེར་ན། ཏོག་གསར་གློ་ཚད་དེ་ཕྲ་ཕུང་ཕྱི་ངོས་ཀྱི་ace2དང་ཟུང་འབྲེལ་བྱས་ན་ད་གཟོད་ཕྲ་ཕུང་ལ་བཙན་འཛུལ་བྱེད་ཐུབ། གལ་ཏེ་ཁྱོད་ཀྱི་ace2ལ་འགྱུར་ལྡོག་བྱུང་ཡོད་ན་ནད་དུག་གིས་ཁྱོད་ཀྱི་ཕྲ་ཕུང་ལ་བཙན་འཛུལ་བྱེད་མི་ཐུབ་པས་ཁྱོད་ལའང་ནད་དུག་འགོ་མི་ཐུབ། འོན་ཀྱང་འགྱུར་ལྡོག་དེ་འདྲ་ཧ་ཅང་དཀོན་པ་ཞིག་རེད། 

        རྒྱུ་གཞི་ཡིས་ཀྱང་མི་རྣམས་ལ་ནད་ཕོག་པའི་ཚབས་ཆེ་ཚད་ལ་ཤུགས་རྐྱེན་ཐེབས་སྲིད། མི་ལ་ལ་ཞིག་གི་ལྷན་སྐྱེས་ཀྱི་རིམས་འགོག་མ་ལག་ལ་གློ་བྱུང་གི་འགྱུར་ལྡོག་ཡོད་ཅིང་། དེ་ནི་ཁྱོད་ཀྱི་རིམས་འགོག་མ་ལག་གི་ཚོར་ཤེས་དང་པོ་དང་འདྲ། དེ་ལས་ཀྱང་བྱེ་བྲག་གི་འགྱུར་འབྱུང་ནི། དཔེར་ན་དམིགས་བསལ་གཏན་འཁེལ་གྱི་ནད་དུག་གི་འགོག་གཟུགས་དེ་ནད་འགོས་རྗེས་ད་གཟོད་འབྱུང་བ་དང་། ཚོར་ཤེས་དང་པོའི་མ་ལག་ལ་གློར་བྱུང་འགྱུར་ལྡོག་གནས་ཚེ་ཕལ་ཆེར་ནད་གཞི་ལྗིད་སྲིད་པ་དང་།   ཕྱོགས་གཞན་ཞིག་ནས་ད་དུང་གློ་བྱུང་འགྱུར་ལྡོག་ཁ་ཤས་ཀྱིས་མི་ཁ་ཤས་ལ་ནད་དུག་མི་འགོས་པ་དེ་རེད།