རྒྱལ་ནང་དུ་ངོ་འགྱུར་དུག་སྲིན་གསར་པ་ཐོན་ཡོད་དམ་ཞེ་ན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-12-29   རྩོམ་ཁུངས།    藏地阳光


        ཉེ་ཆར། དྲ་བའི་ཐོག་རང་རྒྱལ་གྱི་ས་ཁུལ་ཁག་གཅིག་ཏུ་ཏེར་ཐཱའི་ངོ་འགྱུར་དུག་སྲིན་དང་ཨོ་སྨི་ཁེ་རོན་གྱི་ངོ་འགྱུར་དུག་སྲིན་མཉམ་དུ་མཆེད་བཞིན་ཡོད་པ་བརྗོད་འདུག

        གནད་དོན་འདིའི་ཐད་ཀྲུང་གོ་ནད་རིགས་སྔོན་འགོག་ཚོད་འཛིན་ལྟེ་གནས་ནད་དུག་སུའོ་ཡི་སུའོ་ཀྲང་ཞུས་ཝུན་པོ་ཡིས། དུས་བསྟུན་ལྟ་ཞིབ་ཚད་ལེན་བྱས་པ་བརྒྱུད། རྒྱལ་ནང་དུ་ཏེར་ཐཱའི་ངོ་འགྱུར་དུག་སྲིན་མཆེད་བཞིན་པ་ཤེས་རྟོགས་ཐུབ་མ་བྱུང་ལ། ཏེར་ཐཱ་དང་ཨོ་སྨི་ཁེ་རོན་གྱི་ངོ་འགྱུར་དུག་སྲིན་ཡང་བསྐྱར་སྡེབ་སྒྲིག་བྱས་པའི་གནས་ཚུལ་ཡང་ཤེས་རྟོགས་ཐུབ་མ་བྱུང་། ཟླ་12པའི་ཟླ་སྟོད་ནས་ད་བར། རྒྱལ་ནང་ནས་ལྟ་ཞིབ་ཚད་ལེན་ཐུབ་པའི་ཏོག་དབྱིབས་ནད་དུག་གསར་པའི་ཡན་ལག་གི་དུག་སྲིན་9པོ་ཚང་མ་ཨོ་སྨི་ཁེ་རོན་གྱི་ངོ་འགྱུར་དུག་སྲིན་གྱི་ཁོངས་སུ་གཏོགས་ཀྱི་ཡོད་ཅེས་བརྗོད་འདུག 

        རྒྱལ་ནང་དུ་ངོ་འགྱུར་དུག་སྲིན་གསར་པ་ཐོན་ཡོད་དམ། ཞུས་ཝུན་པོ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ཡན་ལག་དུག་སྲིན་དེ་དག་ནས་ཁྱད་རྟགས་རང་བཞིན་གྱི་གཞི་རྐྱེན་ཐོལ་འགྱུར་ཕྱིན་པ་ཤེས་རྟོགས་ཐུབ་མེད་ཅིང་། ཚང་མ་ཕྱི་རྒྱལ་ནས་འགོས་པ་ཤ་སྟག་རེད། ཟླ་12པར་རྒྱལ་ནང་དུ་ཨོ་སྨི་ཁེ་རོན་གྱི་ངོ་འགྱུར་དུག་སྲིན་གྱི་ཡན་ལག་དུག་སྲིན་31ཤེས་རྟོགས་ཐུབ་པའི་ནང་ཕྱི་རྒྱལ་དུ་འགོས་ཁྱབ་ཆེ་བའི་BQ.1དང་XBBསོགས་ཡན་ལག་དུག་སྲིན་ཚུད་ཡོད།