རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-12-29   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
ཟླ12པའི་ཚེས28ཉིན་གྱི་ཕྱི་དྲོ་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པ་ཁུལ་ཨུ་སྙན་ཞུ་ཚོམས་ཆེན་དུ་འཚོགས་ཤིང་། ཁུལ་ཡོངས་ཀྱི་ལས་རིགས་ཁག་ནས་ཡོང་བའི་འཐུས་མིས་ཁུལ་ཡོངས་ཀྱི་མི་དམངས་ཀྱི་མངགས་བཅོལ་ཕྲག་ཏུ་འཁུར་ནས་མཉམ་དུ་འཛོམས་པ་རེད།
ད་ཐེངས་ཀྱི་ཚོགས་འདུར་ཕེབས་པའི་འཐུས་མི248ཡོད་པ་དང་། དངོས་སུ་ཕེབས་པའི་འཐུས་མི195ཡོད་པས་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད་པ་རེད།
ཚོགས་འདུའི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་དང་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ལག་བསྟར་ཀྲུའུ་ཞི་ཤའོ་ཞུས་ཀྱིས་འགོ་ཚུགས་མཛད་སྒོ་གཙོ་སྐྱོང་གནང་བ་རེད།
ད་ཐེངས་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་བྱེད་མཁན་ད་དུང་ཝང་དབྱི་ཀྲི་དང་། ཀྲང་ཝེ་ཏུང་། ལི་ཡན་ལན། ཡུས་ཧྲེང་ཞང་། ཅི་ཞིང་ཅང་། དབྱང་ཅན་ཧྭ། དབྱང་ཧྲུའུ་ཆི། སུང་ཡུང་ལི། ཡུས་ཡུང་ཧུང་། ཁྲེན་ཝུན་ཀོང་བཅས་ཡོད།
ཡུས་ཧྲེང་ཞང་གིས་བསྟན་དོན། ད་ཐེངས་ཀྱི་ཚོགས་འདུའི་ལས་འགན་གཙོ་བོ་ནི་ཞིང་ཨུ་དང་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་བཀོད་སྒྲིག་ལྟར་རང་ཁུལ་གྱི་ཡུན་ནན་ཞིང་ཆེན་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པར་ཞུགས་མཁན་འཐུས་མི་འདེམས་བསྐོ་བྱ་རྒྱུ་རེད། ད་ཐེངས་ཀྱི་ཚོགས་ཆེན་འདི་ཡག་པོ་འཚོག་རྒྱུ་དེ་ང་ཚོས་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་ལེགས་ཆ་མཐའ་འཁྱོངས་དང་འདོན་སྤེལ་བྱེད་པ་དང་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་ལེན་བསྟར་ནས་བསམ་བློ་དང་བྱ་སྤྱོད་དེ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་བྱེད་པ་དང་། བློ་གྲོས་དང་སྟོབས་ཤུགས་དེ་ཞིང་ཨུ་དང་ཁུལ་ཨུས་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་ཁག་གི་ཐོག་གཅིག་སྡུད་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བདེ་ཆེན་གསར་པ་འཛུགས་སྐྲུན་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུར་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད།
ཡུས་ཧྲེང་ཞང་གིས་ནན་བཤད་གནང་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ་ཁུལ་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པ་ཡག་པོ་འཚོག་རྒྱུ་དེ་ནི་ཞིང་ཨུ་དང་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ང་ཚོར་སྤྲད་པའི་ཆབ་སྲིད་ལས་འགན་ཞིག་ཡིན་ལ་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཀྱང་ཡིན་པས་རང་ཁུལ་གྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་བྱ་སྤྱོད་དངོས་ཀྱི་གྲས་ཤིག་ཀྱང་ཡིན། ཡུན་ནན་ཞིང་ཆེན་གྱི་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་དུས་ཡུན་ཐིམ་གྲབས་ཡོད་པ་དང་། སང་ལོའི་ཟླ་དང་པོར་ཞིང་ཆེན་གྱི་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོ་འཚོགས་ནས་ཞིང་ཆེན་གྱི་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་གསར་པའི་འཐུས་མི་འདེམས་བསྐོ་བྱ་རྒྱུ་ནི་ཞིང་ཆེན་གྱི་མི་དམངས་འཐུས་མིའི་ཚོགས་ཆེན་ལེགས་པར་འཚོག་པའི་འགག་རྩ་ཡིན་ཞིང་། རང་རེའི་ཞིང་ཆེན་གྱི་སྐབས་བརྗེའི་འདེམས་བསྐོའི་ལས་དོན་བདེ་བླག་ངང་སྤེལ་བ་དང་ཕྱིན་ཆད་དུས་སྐབས་ཤིག་རིང་ཡུན་ནན་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཡོང་བ་དང་འབྲེལ་བ་ཡོད། འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་ན། ཞིང་ཆེན་ཨུ་ལྷན་དང་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རང་ཁུལ་གྱི་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་བཞི་པར་ཞུགས་པའི་འཐུས་མིའི་མི་གྲངས17གཅིག་གྱུར་གྱིས་བགོ་བཤའ་བརྒྱབ་ཡོད། འཐུས་མི17གྱི་འོས་མི་བཀོད་སྒྲིག་བྱས་ཚུལ་དེ་འཐུས་མིའི་བྱང་ཚད་དང་གྲུབ་ཚུལ་ལ་བལྟས་ན་འཐུས་མིའི་བཅའ་ཁྲིམས་ཀྱི་འབྲེལ་ཡོད་གཏན་འབེབས་དང་མཐུན་ཡོད་ལ་རང་ཁུལ་གྱི་དོན་དངོས་དང་ཡང་མཐུན་ཡོད། འཐུས་མི་རྣམ་པ་ཚོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུ་དེ་སྒུལ་ཤུགས་སུ་བཟུང་སྟེ་ཏང་གི་འགོ་ཁྲིད་དང་། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་དམ་ཚགས་ཡོང་བ་རྒྱུན་འཁྱོངས་དང་། ཁྲིམས་ལྟར་འགན་འཁྲི་སྒྲུབ་པ། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་ཐུབ་པ། རྩ་ཁྲིམས་དང་བཅའ་ཁྲིམས་དཔེ་སྟོན་གྱིས་བརྩི་སྲུང་། འཐུས་མིའི་འགན་འཁྲི་ལག་བསྟར་ནན་ཏན་བཅས་བྱེད་ཐུབ་པའི་ཞིང་ཆེན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་འདེམས་དགོས་པ། མི་དམངས་ཀྱི་འདོད་བློ་མཚོན་ཐུབ་པ་དང་། མང་ཚོགས་དང་འབྲེལ་འདྲིས་དམ་ཟབ་བྱེད་ཐུབ་པ། མང་ཚོགས་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་ཐུབ་པ། མི་དམངས་ལ་ཞབས་འདེགས་ཧུར་ཐག་ཞུ་ཐུབ་པ་བཅས་ཀྱི་ཞིང་ཆེན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་འདེམས་དགོས་པ་དང་། ལས་ཀའི་གྲུབ་འབྲས་མངོན་གསལ་དོད་པ་དང་། འགན་འཁྲི་འཁུར་སེམས་ཆེན་པོ་ལྡན་པ། མི་དམངས་མང་ཚོགས་ཀྱིས་ཡིད་ཆེས་བྱེད་པའི་ཞིང་ཆེན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་འདེམས་དགོས།
ཡུས་ཧྲེང་ཞང་གིས་ཐུགས་རེ་གནང་དོན། འཐུས་མི་རྣམ་པས་ཞིང་ཆེན་ཡོངས་ཀྱི་ལས་ཀའི་ཁྱོན་ཡོངས་ལ་བརྩི་སྲུང་དང་ཞབས་འདེགས་མཐའ་གཅིག་ཏུ་ཞུས་ཏེ་ད་ཐེངས་ཀྱི་ཚོགས་འདུ་ནན་ཏན་ངང་ཡག་པོ་འཚོག་པ་དང་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་ཡང་དག་ངང་ཡག་པོ་བསྒྲུབས་ནས་ཚོགས་ཆེན་གྱི་འདེམས་བསྐོའི་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་དགོས། གཅིག་ནས་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱས་ཏེ་ཚོགས་ཆེན་གྱི་འདེམས་བསྐོ་སྤྱོད་གཙང་གཞུང་དྲང་ཡོང་བའི་འགན་ལེན་བྱེད་དགོས་པ་དང་། གཉིས་ནས་དམངས་གཙོ་དར་སྤེལ་གང་ལེགས་བཏང་ནས་འཐུས་མིའི་དམངས་གཙོའི་དབང་ཆ་ཡང་དག་སྤྱོད་དགོས། གསུམ་ནས་ཁྲིམས་ལྟར་ལས་དོན་ནན་པོ་བསྒྲུབས་ཏེ་འདེམས་བསྐོའི་མཇུག་འབྲས་ཁྲིམས་མཐུན་དང་ནུས་ལྡན་ཡོང་བའི་འགན་ལེན་བྱེད་དགོས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས་ཀྲུང་གུང་བདེ་ཆེན་ཁུལ་ཨུའི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རང་རྟོགས་ངང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་བརྟེན་ནས་བསམ་བློ་གཅིག་གྱུར་དང་བྱ་སྤྱོད་གཅིག་འདོམས་བྱས་ཏེ་"ངེས་པར་དུ་བྱེད་དགོས་པ་གསུམ་"བློ་ལ་བརྟན་པོར་ངེས་པ་དང་། འགན་འཁྲི་འཁུར་ཕོད་པ་བྱས་ནས་དུས་རབས་གསར་པ་དང་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་བྱས་རྗེས་གསར་པ་འཇོག་དགོས།