རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-12-30   རྩོམ་ཁུངས།    阳光西藏
ཉེ་ཆར། གདོད་འགོག་བརྟག་བཤེར་ཚོད་རྫས་ཀྱི་དགོས་མཁོ་ཇེ་ཆེར་འགྲོ་བཞིན་ཡོད། འོན་ཀྱང་། གདོད་འགོག་བརྟག་བཤེར་བྱེད་མ་ཤེས་ན་བརྟག་བཤེར་བྱས་འབྲས་ཡང་དག་ཡོང་རྒྱུ་ཕུད། ད་དུང་འཕྲོ་བརླག་འགྲོ་གི་ཡོད་པས། གཤམ་གྱི་དྲན་སྐུལ་འདིར་ཡག་པོ་གཟིགས་རོགས།
༡ གཟུགས་པོར་མི་བདེ་བ་མེད་ཚེ། གདོད་འགོག་བརྟག་བཤེར་མ་བྱས་ན་འགྲིག
༢ ནད་རྟགས་གཏན་འཁེལ་བའི་ནད་པ་སྨན་བཅོས་བྱེད་རིང་། གདོད་འགོག་བརྟག་བཤེར་མ་བྱས་ན་འགྲིག
༣ ནད་རྟགས་གབ་ཡུན་རིང་གདོད་འགོག་བཤེར་མི་ཐུབ།
༤ གལ་སྲིད་དངོས་ནས་ཨའོ་སྨེ་ཁེ་རོང་འགོས་ཡོད་ན། ཚ་བ་བརྒྱབ་རྗེས་ཀྱི་ཉིན་གཉིས་ནང་གདོད་འགོག་བརྟག་བཤེར་བྱ་ཐུབ།
༥ གདོད་འགོག་བརྟག་བཤེར་བྱས་ནས་ཐིག་གཉིས་མངོན་པའི་ཉིན་ནས་བརྩིས་པའི་ཉིན་དྲུག་ནང་སྤྱིར་ན་མུ་མཐུད་དུ་ཐིག་གཉིས་མངོན་པས། དེའི་རིང་གདོད་འགོག་བརྟག་བཤེར་མ་བྱས་ན་འགྲིག
༦ མི་མང་ཆེ་བར་ནད་དུག་འགོས་ནས་ཚ་བ་བརྒྱབ་རྗེས་ཀྱི་ཉིན་བརྒྱད་རྗེས། སླར་ཡང་གདོད་འགོག་བརྟག་བཤེར་བྱས་ན། སྤྱིར་ན་ཐིག་གཅིག་ལས་མངོན་གྱི་མེད།
༧ གདོད་འགོག་བཤེར་རྫས་གྱི་ཐུམ་སྒྲིལ་ཁ་ཕྱེ་རྗེས་ལམ་སང་བེད་སྤྱོད་མ་བྱས་ཚེ། བརྟག་བཤེར་བྱང་བུ་རློན་པ་ཆགས་ནས་ངོ་བོ་འགྱུར་སྲིད་ལ། སྲིབ་གཤིས་རྫུན་མ་སོགས་ཀྱི་གནས་ཚུལ་ཡང་ཐོན་སྲིད་པས། གང་མགྱོགས་བེད་སྤྱོད་བྱ་དགོས།
༨ གདགས་གཤིས་ཀྱི་ཐིག་མ་གཏོགས་མི་མངོན་པ་སོགས་ཀྱི་བརྟག་བཤེར་བྱས་འབྲས་མ་ཐོན་པར་བྱ་ཆེད། གདོད་འགོག་བརྟག་བཤེར་མ་བྱས་གོང་། སྣ་ལུད་གཙང་མ་དབྱི་དགོས།
༩ གདོད་འགོག་བརྟག་བཤེར་མ་བྱས་གོང་། ཚོད་རྫས་ཀྱི་སྤུས་འགན་དུས་ཡུན་དང་ཆ་ཚང་མིན་བལྟ་དགོས་པ་དང་། བེད་སྤྱོད་གསལ་བཤད་ཡི་གེ་ལྟར་བཀོལ་སྤྱོད་ཚད་ལྡན་བྱ་དགོས།