ཁུལ་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པ་འགོ་ཚུགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-01-04   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།


ཟླ1པོའི་ཚེས4ཉིན་གྱི་སྔ་དྲོར་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་གཟབ་རྒྱས་ངང་འགོ་ཚུགས་པ།

    ཁུལ་ཨུའི་ཧྲུའུ་ཅི་ཝང་དབྱི་ཀྲི་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཝུའེ་ཏུང་གདན་ཞུས་ལྟར་ཚོགས་འདུར་ཞུགས་པ་དང་འབྲེལ་ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་ཡོད་པ་རེད།

    ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་མེའོ་ཡིའུ་ཧྥ་དང་། ཧྲི་ཁྲུན་མིང་། སྐལ་བཟང་རྣམ་རྒྱལ། དབྱང་ཅི་ཝུན། ཕན་ཞུའེ་ཡིང་།ཧོ་ཞུའེ་ཐའོ་བཅས་ཀྲུའུ་ཞི་སྡིངས་ཆའི་མདུན་གྲལ་དུ་བཞུགས་ཡོད་པ་རེད།

    སྔ་དྲོའི་ཆུ་ཚོད9པར་ཚོགས་ཆེན་འགོ་ཚུགས་པ་དང་མི་སྣ་ཡོངས་ཡར་བཞེངས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་དཀྲོལ་བ་རེད། ད་ཐེངས་ཀྱི་ཚོགས་འདུར་ཕེབས་དགོས་པའི་ཨུ་ཡོན227ཡོད་པ་དང་། དངོས་སུ་ཕེབས་མཁན155ཡོད་པས་གཏན་འབེབས་བྱས་པའི་མི་གྲངས་དང་མཐུན་ཡོད་པ་རེད།

    ཚོགས་འདུའི་དང་ཐོག་སྲིད་གྲོས་བདེ་ཆེན་ཁུལ་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པའི་གྲོས་རིམ་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། ཝང་དབྱི་ཀྲིས་ཀྲུང་གུང་བདེ་ཆེན་ཁུལ་ཨུའི་ཚབ་ཞུས་ནས་ཚོགས་ཆེན་འཚོགས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ། ཁུལ་ཡོངས་ཀྱི་རིམ་ཁག་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ཚོས་འདས་ཟིན་པའི་ལོ་གཅིག་ནང་བདེ་ཆེན་ཡུན་རིང་བདེ་འགོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཕུལ་བར་ཁས་ལེན་གནང་བ་རེད། 

 ཝང་དབྱི་ཀྲིས་བསྟན་དོན།2023་ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་འགོ་ཚུགས་པའི་ལོ་ཞིག་དང་ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་ལག་བསྟར་བྱེད་པའི་སྔ་རྗེས་རྒྱུན་མཐུད་ཀྱི་འགག་རྩའི་ལོ་ཞིག་རེད།   ཁུལ་ཡོངས་ཀྱི་སྲིད་གྲོས་རྩ་འཛུགས་རིམ་པ་ཁག་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་གཏིང་ཟབ་བྱས་དགོས་པ་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ། ཁུལ་ཨུའི་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་དགོས།“3815”འཐབ་ཇུས་ཀྱི་འཕེལ་རྒྱས་དམིགས་འབེན་ལ་རྩེ་གཅིག་ཏུ་དམིགས་ནས་ཆབ་སྲིད་གྲོས་མོལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་མོལ་བཅས་ཀྱི་ཆུ་ཚད་རྒྱུན་མ་ཆད་པར་ཇེ་མཐོར་གཏོང་བ། མཐུན་སྒྲིལ། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག། བདེ་འཇགས་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བདེ་ཆེན་གསར་པ་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ལམ་བུ་གསར་པའི་ཁྲོད་སྲིད་གྲོས་ཀྱི་བྱས་རྗེས་དེ་བས་ལེགས་པའི་སྒོ་ནས་མངོན་པར་བྱེད་པ་དང་སྲིད་གྲོས་ཀྱི་ལེའུ་རྩོམ་དགོས།

    ཝང་དབྱི་ཀྲིས་ནན་བཤད་གནང་དོན། ཏང་གི་འགོ་ཁྲིད་དེ་སྲིད་གྲོས་ཀྱི་ལས་དོན་ཧྲིལ་པོའི་ནང་ཁྱབ་པ་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས་པའི་བླང་བྱར་དམ་པོར་དམིགས་ནས་ཞིང་ཨུའི་“བཟོད་སྒོམ་གསུམ”གྱི་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ཏེ་"ཨང་དང་པོ་ལྔ"དང་"ཟླ་རེར་ངེས་པར་དུ་བཀོད་གཏོང་གསུམ"སོགས་ཀྱི་ལམ་སྲོལ་འགན་ལེན་དུ་བྱས་ནས་བློ་བརྟན་འགྱུར་མེད་ངང་"སྲོག་ཤིང་བརྩི་བཀུར། སེམས་པ་ཕྱོགས་པེ་ཅིང་ལ་བྱེད་དགོས།"ཀླད་པར་དོ་དམ་བྱེད་པའི་ལས་དོན་དེ་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་དགོས་པའི"་བླང་བྱར་དམ་པོར་དམིགས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་སེམས་ནུས་གཅིག་སྒྲིལ་དང་བླ་སྲོག་གཏོད་རྒྱུ་རྒྱུན་འཁྱོངས་ལྷོད་མེད་བྱས་ཏེ་མཐུན་སྒྲིལ་འབད་འཐབ་ཀྱི་ཐུན་མོང་གི་བསམ་བློའི་རྨང་གཞི་བརྟན་དུ་གཏོང་དགོས། སྤྱི་ཆིངས་ཀྱི་གྲངས་འབོར་ཆེ་ཤོས་འཚོལ་ཞིབ་ཧུར་ཐག་བྱེད་པ་དང་བློ་སེམས་གཅིག་མཐུན་ཆེ་ཤོས་ཡོང་བ་བྱེད་པའི་དམིགས་ཚད་བླང་བྱར་དམ་པོར་དམིགས་ནས་གྲོས་མོལ་དམངས་གཙོར་སྐུལ་འདེད་ཏན་ཏིག་གཏོང་དགོས་། བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་ནི་བོད་འབྲེལ་ལས་དོན་གྱི་ལས་འགན་ཨང་དང་པོ་ཡིན་པ་དང་འཕེལ་རྒྱས་ནི་ཡུན་རིང་བདེ་འཁོད་ཀྱི་དངོས་པོའི་རྨང་གཞི་ཡིན་ཞེས་པར་དམ་པོར་དམིགས་ཏེ་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་མཚམས་བརྟན་ལྷིང་བཅས་ཀྱི་དོན་ཆེན་བཞི་མངོན་གསལ་དོད་པོ་ཡོང་བ་བྱས་ནས་ཆབ་སྲིད་གྲོས་མོལ་དང་། དམངས་གཙོས་ལྟ་སྐུལ། སྲིད་ཞུགས་སྲིད་མོལ་བཅས་བྱ་དགོས། རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་དུས་རབས་གསར་པའི་རིམ་ཁག་སྲིད་གྲོས་ལས་དོན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་དགོས།

    ཝང་དབྱི་ཀྲི་ཡིས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་རང་འགུལ་ངང་སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་དང་ལེན་བྱེད་དགོས་པ་དང་སྲིད་གྲོས་ཀྱི་གྲོས་གཞི་སྒྲུབ་གཉེར་ནན་ཏན་བྱེད་དགོས། ཏང་ཨུས་མཐོང་ཆེན་དང་། སྲིད་གཞུང་གིས་རྒྱབ་སྐྱོར། སྲིད་གྲོས་རང་འགུལ། ཕྱོགས་ཁག་གིས་གཞོགས་འདེགས་བཅས་བྱེད་པའི་སྲིད་གྲོས་ལས་དོན་གྱི་རྣམ་པ་བཟང་པོའི་བྱས་རྗེས་ཟམ་མི་ཆད་པར་སྲ་བརྟན་དུ་གཏོང་དགོས་པའི་ནན་བཤད་གནང་བ།   

 ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་མེའོ་ཡིའུ་ཧྥ་ཡིས་སྲིད་གྲོས་བདེ་ཆེན་ཁུལ་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་ཚོགས་ཆེན་ཐོག་ལས་དོན་སྙན་སྒྲོན་གནང་བ་རེད། སྙན་ཞུའི་ཐོག་བསྟན་དོན། ལོ་གཅིག་རིང་།ཀྲུང་གུང་བདེ་ཆེན་ཁུལ་ཨུས་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཁུལ་སྲིད་གྲོས་རྒྱུན་ལས་ཨུ་ལྷན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་དེ་མཐའ་འཁྱོངས་བྱས་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་བསུ་བ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ལག་ལེན་བཅས་བྱ་རྒྱུ་དེ་ལོ་ཧྲིལ་པོའི་ལས་དོན་ཡོངས་ལ་ཁྱབ་པའི་གཙོ་གནད་དུ་འཛིན་པ་དང་། བརྟན་པོའི་ངང་འཕེལ་རྒྱས་གཏོང་བ་དང་། སྐྱེ་ཁམས་དང་མཐའ་མཚམས་སྲ་བརྟན་དུ་གཏོང་བའི་དོན་ཆེན་བཞིར་དམིགས་པ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་སྒྲིག་གཞིའི་འདུ་ཤེས་ཀྱི་གཙོ་རྐང་དང་གཙོ་རྐང་དམ་པོར་འཛིན་པ་དང་། “སྤྱོད་ཚུལ་གསར་བརྗེ་དང་ཕྱོད་ནུས་གསར་བརྗེ་”ལག་ལེན་གཏིང་ཟབ་བྱས་ཏེ། ཆབ་སྲིད་དང་། དངོས་གཉེར། དམངས་དོན། ཞི་མཐུན། བློ་གྲོས། གསོན་ཤུགས་བཅས་ལྡན་པའི་སྲིད་གྲོས་བཅས་འཛུགས་སྐྱོང་བྱེད་པར་ཤུགས་རྒྱབ་ཡོད།    སྙན་ཞུའི་ཐོག་ནན་བཤད་བྱས་དོན། 2023ལོར། ཁུལ་སྲིད་གྲོས་རྒྱུན་ལས་ཨུ་ལྷན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་བའི་ཇུས་གཞི་ཁྱོན་ཡོངས་ནས་དོན་འཁྱོལ་བྱས། ཁུལ་ཏང་གི་ཚོགས་ཆེན་ཐེངས་དགུ་པ་དང་ཁུལ་ཨུའི་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་བཀོད་སྒྲིག་ལ་དམིགས། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱས་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་བྱེད་པའི་ཚ་རླབས་ཤིག་འཕྱུར་བ་དང་། ཐབས་ཇུས་དང་སྲིད་དོན་གྱི་སྤུས་ཚད་མཐོ་རུ་གཏོང་བ། ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ངང་གཅིག་ཏུ་འགྲིལ་རྒྱུར་སྐུལ་འདེད་གཏོང་བ། འགན་འཁྲི་སྒྲུབ་ནུས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་གྱི་ཚད་གཞི་དང་འཛམ་གླིང་གི“སེམས་ཀྱི་ཉི་ཟླ”གང་མགྱོགས་སུ་འཛུགས་སྐྲུན་བྱེད་པའི་ཐད་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་འགྲིལ་རྒྱུའི་འབད་བརྩོན་བྱེད་དགོས།

    སྲིད་གྲོས་བདེ་ཆེན་ཁུལ་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བཀའ་མངགས་ལྟར། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཕན་ཞུའེ་དབྱིང་གིས་ཚོགས་ཆེན་ཐོག་ཁུལ་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོ་འཚོགས་ཚུན་གྱི་གྲོས་གཞིའི་ལས་དོན་གནས་ཚུལ་སྙན་ཞུ་གནང་བ་དང་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སྐལ་བཟང་རྣམ་རྒྱལ་གྱིས་ཁུལ་སྲིད་གྲོས་སྐབས་བཅུ་གསུམ་པའི་ཨུ་ལྷན་གྱི་དུས་རབས་གསར་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལག་བསྟར་པ་དང་། སྐུལ་འདེད་གཏོང་མཁན། ལྟ་སྲུང་བ་བཅས་བྱ་རྒྱུའི་སྐོར་གྱི་གཏན་འབེབས་གསལ་བཤད་གནང་བ་རེད།

    ཚོགས་འདུའི་ཐོག ལི་ཡུས་ལན་དང་། རང་འགྱུར་དཀོན་མཆོག་བསྟན་འཛིན། ཧོ་ཆི། མའོ་ཝུའེ་བཅས་ཁུལ་སྲིད་གྲོས་ཀྱི་རྒྱུན་ཨུ་4ཡིས་གཏམ་བཤད་གནང་བ་རེད།

    ཀྲུའུ་ཞིའི་སྟེགས་བུའི་ཐོག་བཞུགས་པའི་འགོ་ཁྲིད་ད་དུང་ལི་ཡན་ལན་དང་། ཕེང་ཧྲན། ཡུས་ཧྲེང་ཞང་། དབྱང་ཙི་ཅང་།རྒྱ་མཚོ། ཝང་ཝུན་ཅ། ཅི་ཤིང་ཅང་། སྐལ་བཟང་རྣམ་རྒྱལ། ཁྲེན་ཆུན། ལུའུ་ཀྲི་ཅུན། ཞའོ་ཞུས། དབྱང་ཅན་ཧྭ། དབྱང་ཧྲུའུ་ཆི། ཡུས་ཡུང་ཧུང་། ཡུས་ཀུའེ་ཧྥེན། ལི་ཆིན་ཕེ། ལིའོ་ཝུན་ཚའེ། ཀྲང་ཁྲའོ་ཐིན། ཞུས་ཀོང་ཏེ། ལིན་ཧའོ། ལི་ཐའོ། ཀྲང་ཡུས།ཀྲའོ་ཁྲིན་ཝུའུ།མེང་གོ་པིན་བཅས་ཡོད་པ་རེད།