མཐའ་ཆུ་གྲོང་རྡལ་དུ་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་བཞད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-01-10   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ཉེ་བའི་ལོ་ཤས་རིང་།  བདེ་ཆེན་ཁུལ་འབའ་ལུང་རྫོང་མཐའ་ཆུ་གྲོང་རྡལ་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་ཞེས་པ་དེ་གཙོ་ཐིག་ཏུ་བྱས་པ་དང་།  ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་གི་གཉེ་ཉེ་དང་།  བསམ་བློ་གཅིག་མཐུན་གྱི་ཀྲུང་གོའི་ཕུགས་འདུན་མཉམ་དུ་བསྐྲུན་དགོས་ཞེས་པ་སྤྱིའི་དམིགས་འབེན་དུ་བྱས་ནས་སྣོད་བཅུད་མཛེས་སྡུག་དང་མི་དམངས་ཕྱུག་པོ།  མི་རིགས་མཐུན་སྒྲིལ་གྱི་མཐའ་ཆུ་གསར་པ་བཞེངས་སྐྲུན་བྱས་པ་རེད།
图片
        ཏང་འཛུགས་སྐྱོང་ལ་དམ་འཛིན་གྱིས་སྣེ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ།  ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་ཆབ་སྲིད་ཀྱི་རྨང་གཞི་སྲ་བརྟན་དུ་བཏང་བ།   ཏང་ཡོན་ལས་བྱེད་པ་རྩ་འཛུགས་བྱས་ནས་དང་བླངས་ཞབས་ཞུ་བྱེད་སྒོ་སྤེལ་བ་དང་།  ནང་དོན་ནི་སྲིད་ཇུས་སྒྲོག་འགྲེལ་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་།  ལག་རྩལ་གསོ་སྦྱོང་སོགས་ཀྱི་ཐད་ཚུད་ཡོད།   ཏང་ཀྲི་པུའུ་ཡི་འཐབ་འཛིང་བཙན་རྫོང་གི་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་མིག་དཔེའི་ནུས་པ་འདོན་སྤེལ་ཏན་ཏིག་བྱས་པ།
图片
        དྲིལ་བསྒྲགས་ལ་དམ་འཛིན་གྱིས་སློབ་གསོ་ལ་ཤུགས་སྣོན་བརྒྱབ་སྟེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་བསམ་བློའི་རྨང་གཞི་སྲ་བརྟན་དུ་བཏང་བ།   སྲིད་ཇུས་སྒྲོག་འགྲེལ་དང་ཡུལ་སྲོལ་ཤེས་དཔལ་སོགས་ཀྱི་དང་བླངས་ཞབས་ཞུ་བྱེད་སྒོ་སྤེལ་ནས་ཏང་གི་བྱེད་ཕྱོགས་སྲིད་ཇུས་སྲིལ་བསྒྲགས་བྱས་པ་དང་མི་རིགས་མཐུན་སྒྲིལ་གྱི་སྤྱི་ཚོགས་དྲང་ནུས་དར་སྤེལ་བཏང་བ།   གཞི་རིམ་གྱི་ཕྱོགས་བསྡོམས་རིག་གནས་ཞབས་ཞུ་ལྟེ་གནས་དང་ཞིང་པའི་དཔེ་དེབ་ཁང་སོགས་བེད་སྤྱད་བྱས་ནས་གྲོང་མི་ལ་རིག་གནས་ཐོན་རྫས་མཁོ་འདོན་བྱས་པ་དང་།  ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་དྲིལ་བསྒྲགས་སློབ་གསོ་དེ་སྲོལ་རྒྱུན་དུས་ཆེན་དང་འདྲེས་པ་རེད།
图片
        འཕེལ་རྒྱས་ལ་དམ་འཛིན་གྱིས་ཐོན་ལས་ལ་ཤུགས་སྣོན་བརྒྱབ་སྟེ།  ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་དཔལ་འབྱོར་གྱི་རྨང་གཞི་སྲ་བརྟན་དུ་བཏང་བ།  ལྗང་མདོག་ཟས་རིགས་ཀྱི་རྩེད་ཤོག་ཡག་པོ་རྒྱོབ་ནས་ཧ་ཏཱ་ཞིང་གྲོང་སོགས་གཉེར་སྐྱོང་བྱེད་པོ་གསར་པ་42གསོ་སྐྱོང་བྱས་པ་དང་། ཞིམ་ཟས་དང་སིལ་ཟས་སོགས་ཁྱད་ལྡན་ཐོན་ལས་གསོན་དུ་བཅུག་པ།  ཁྱད་ལྡན་གྱི་ཞིང་དུད་སྤྲོ་སྐྱིད་ཁང་དང་ཟ་ཁང་180ཙམ་གཉེར་བ།  ཕ་ཡུལ་གྱི་བྲོ་བ་ལྡན་པའི་གྲོང་གསེབ་རྣམ་པའི་མགྲོན་ཁང་ཁག་ཅིག་བཞེངས་བསྐྲུན་བྱས་པ།
图片
        སྲུང་སྐྱོང་ལ་དམ་འཛིན་གྱིས་སྣོད་བཅུད་ལ་ཤུགས་སྣོན་བརྒྱབ་སྟེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་སྣོད་བཅུད་ཀྱི་རྨང་གཞི་སྲ་བརྟན་དུ་བཏང་བ།  རི་སྔོ་ཆུ་དྭངས་ནི་གསེར་རི་སྔོན་རི་ལས་ལྷག་ཞེས་པའི་འཕེལ་རྒྱས་འདུ་ཤེས་རྒྱུན་འཁྱོངས་བྱས་པ་དང་།  སྣོད་བཅུད་སྲུང་སྐྱོང་གི་དྲིལ་བསྒྲགས་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས།  མིག་སྔར་རྒྱལ་ཁབ་རིམ་པའི་སྲོལ་རྒྱུན་གྲོང་སྡེ་3ཡོད།
        བཅོས་སྒྲིག་ལམ་དམ་འཛིན་གྱིས་འཆམ་མཐུན་ལ་ཤུགས་སྣོན་བརྒྱབ་སྟེ།  ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་སྤྱི་ཚོགས་ཀྱི་རྨང་གཞི་སྲ་བརྟན་དུ་བཏང་བ།  གྲོང་མིའི་སློབ་གསོ་དང་ཞབས་ཞུ།  དོ་དམ།  ལྟ་སྐུལ་སོགས་ཀྱི་ལས་ཀ་ལ་ཤུགས་སྣོན་བརྒྱབ་ནས་ཆ་འཕྲིན་སྦྲེལ་མཐུད་དང་འགལ་བ་མཉམ་སྒྲིག  རྩོད་གཞི་མཉམ་སྒྲིག  བདེ་འཇགས་མཉམ་སྲུང་།  གནད་དོན་མཉམ་བཅོས།  འཕྲོད་བསྟེན་མཉམ་འགུལ།  ཕྱུག་འགྱུར་མཉམ་སྐུལ་མངོན་འགྱུར་བྱུང་བ་དང་།  གཞི་རིམ་གྱི་བཅོས་སྒྲིག་ལས་ཀ་ལ་གྲུབ་འབྲས་ཡག་པོ་བྱུང་བ་རེད།