ལྗང་མདོག་རྨང་གཞི་བྱས་ནས་འཛམ་གླིང་གི་སེམས་ཀྱི་ཉི་ཟླ་སྐྲུན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-01-11   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ཉེ་བའི་ལོ་འགའི་རིང་། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་དགོངས་པ་དང་རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ལས་ལྷག་ཞེས་པའི་འདུ་ཤེས་ལག་བསྟར་གཏིང་ཟབ་བཏང་བ་དང་། སྣོད་བཅུད་སྔོན་ལ་འཕེལ་རྒྱས་གཏོང་བའི་ལམ་བུའི་ཐོག་བསྐྱོད་པར་རྒྱུན་འཁྱོངས་བྱས་པ། སེམས་ཀྱི་ཉི་ཟླའི་ཚེ་སྲོག་དང་རྩི་ཤིང་། རི་ཆུ་ཁྲི་སྟོང་སྲུང་སྐྱོང་བྱེད་པར་ཤུགས་བརྒྱབ་ནས་སྣོད་བཅུད་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ངང་ལེགས་བཅོས་བྱུང་ཡོད་པ་དང་། ལྗང་མདོག་འཕེལ་རྒྱས་ཀྱི་ཞབས་མདོག་དེ་བས་མངོན་གསལ་དོད་པ། སྣོད་བཅུད་སྲུང་སྐྱོང་གི་གྲུབ་འབྲས་དེ་བས་མངོན་གསལ་དོད་པ། རྒྱལ་ཁབ་རིམ་པའི་སྣོད་བཅུད་ནུས་པའི་ཁུལ་གྱི་ངེས་གནས་རྒྱུན་ཆད་མེད་པར་སྲ་བརྟན་དུ་ཕྱིན་ཡོད་པ་རེད།

        2022ལོའི་ཟླ་4པར། གྲོང་ཁུལ་ལས་ཁུངས་ཀྱི་ལས་བྱེད་ལས་བཟོ་མང་པོས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་སེམས་ཀྱི་ཉི་ཟླ་ལྗང་མདོག་དང་མཛེས་སྡུག་བཟོ་བའི་ལོ་གསུམ་གྱི་བྱ་སྤྱོད་ཞེས་པའི་གྲོང་ཁུལ་གྱི་འོས་འགན་སྡོང་འཛུགས་བྱེད་སྒོ་སྤེལ་སར་ཚ་ཚ་འུར་འུར་ངང་ཤིང་སྡོང་བཙུགས་པ་དང་། ཚང་མས་དོང་འདྲུ་བ་དང་ས་སྦས་བ། ཆུ་བླུགས་པ་སོགས་བྱས་ནས་གསོམ་ཤིང་དང་ཤུག་པ་སོགས་རེ་རེ་བཞིན་བཙུགས་པ་རེད།

图片
        ལོ་10ཡི་རིང་། ཁྲི་བརྒྱའི་ནགས་ཚལ་ཞེས་པའི་ནགས་བཟོ་དང་འོས་འགན་སྡོང་འཛུགས་བྱེད་སྒོ་སྤེལ་བར་བརྒྱུད། ནུས་ཤུགས་ཡོད་རྒུས་སྔོ་ལྗང་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་དང་། སྡོང་ལྔ་བཙུགས་ནས་ཕན་འབྲས་ལྔ་འཕར་བ་ཞེས་པ་དང་། གྲོང་སྡེ་སྐྱེད་ཚལ་ཅན། འགྲོ་ལམ་ལྗོན་གྲིབ་ཅན། ཞིང་ས་ནགས་དྲ་ཅན། རི་སྒང་འབྲས་ཤིང་ཅན། སྒོ་ར་མེ་ཏོག་ལྡུམ་ར་ཅན་ཞེས་པའི་དམིགས་འབེན་མངོན་གྱུར་བྱུང་ཡོད། མི་ཐེངས་ཁྲི་54ལྷག་སྡོང་འཛུགས་ནགས་བཟོ་བྱེད་སྒོར་ཞུགས་པ་དང་ཁྱོན་རིགས་སོ་སོའི་སྡོང་ཕྲུག་ཁྲི་817ལྷག་མུའུ་161800འདེབས་བཙུགས་བྱས་པ་རེད། ཚད་གཞི་ཆེན་པོའི་ནགས་བཟོ་དང་སྲུབས་མཐོང་ལྗང་འཛུགས་ཟུང་འབྲེལ་བྱས་ཏེ་ནགས་ཚལ་གྲོང་ཁྱེར་དང་གྲོང་གསེབ་ཏུ་འགྲོ་རུ་བཅུག་པ་རེད།
图片
图片
        ཉེ་བའི་ལོ་འགའི་རིང་། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ཐོག་མཐའ་བར་གསུམ་དུ་གནད་དོན་གྱི་ཁྲིད་སྟོན་དང་དམིགས་འབེན་གྱི་ཁྲིད་སྟོན། མཇུག་འབྲས་ཀྱི་ཕྱོགས་སྟོན་རྒྱུན་འཁྱོངས་བྱས་ནས། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་སྣོད་བཅུད་ཤེས་དཔལ་གསར་འཛུགས། གནད་དོན་ལྡོག་འདྲེན་དག་ཐེར་སོགས་གཙོ་གནད་ལས་ཀ་ལ་དམིགས་པ་དང་། གྲོང་ཁྱེར་ཡོངས་ཀྱི་སྣོད་བཅུད་ཁོར་ཡུག་གི་སྤུས་ཚད་གོང་དུ་བཏང་རྒྱུ་ལ་ཤུགས་སྣོན་བརྒྱབ་པ། མིག་སྔར། གྲོང་ཁྱེར་གྱི་ཁྲོམ་ལམ་དང་ཤང་གྲོང་གི་གྲོང་སྡེར་འཆམ་འཆམ་དུ་འགྲོ་ན་མིག་ལམ་དུ་ཤར་བ་ཚང་མ་ནི་ལྗོན་ཤིང་དང་མེ་ཏོག་ཡིན་ལ། མི་རྣམས་ལ་བློ་བདེ་སེམས་སྐྱིད་ཡོང་དུ་བཅུག