དཔྱིད་གསར་དུས་ཆེན་གྱི་བདེ་འཇགས་ཐད་ལ་བཀོད་སྒྲིག་འདི་ལྟར་གནང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-01-12   རྩོམ་ཁུངས།    ཀྲུང་དབྱང་རླུང་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

        ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཏོག་དབྱིབས་ནད་དུག་གསར་པའི་རིམས་ནད་མཉམ་འགོག་མཉམ་སྡོམ་ལམ་སྲོལ་གྱི་དཔྱིད་གསར་དུས་ཆེན་གྱི་སྐྱེལ་འདྲེན་ལས་དོན་གྱི་ཆེད་སྒྲུབ་ཚོ་ཆུང་གིས་སྤྱི་ལོ2023ལོའི་དཔྱིད་གསར་དུས་ཆེན་རིང་བདེ་འཇགས་བདེ་ཐང་ངང་སྐྱེལ་འདྲེན་འགྲོ་སྐྱོད་ཞབས་ཞུའི་མཛུབ་ཁྲིད་ཅེས་པ་སྒྲིག་འཛུགས་བྱས་ནས་བཟོས་ཡོད། སྤྱི་ལོ2023ལོའི་ཕྱོགས་བསྡུས་སྐྱེལ་འདྲེན་གྱི་དཔྱིད་གསར་སྐྱེལ་འདྲེན་དེ་སྤྱི་ཟླ་དང་པོའི་ཚེས7ཉིན་ནས་འགོ་ཚུགས་ཏེ། སྤྱི་ཟླ2པའི་ཚེས15ཉིན་མཇུག་འགྲིལ་རྒྱུ་ཡིན་པ་དང་། ཁྱོན་ཉིན40ཡིན་པ་རེད། བདེ་འཇགས་ཕྱོགས་སྟོན་འདིར་མཉམ་དུ་མཁྱེན་རྟོགས་ཤིག་གནང་བར་བྱའོ།།  

        མི་སྒེར་འགྲོ་སྐྱོད་བྱེད་དུས། བརྒྱུད་རིམ་ཧྲིལ་པོར་འགོག་སྲུང་ལ་ཤུགས་སྣོན་རྒྱག་དགོས།

        ལག་པ་ཡང་སེ་འཁྲུ་བ་དང་། འདུ་འཛོམས་ཉུང་ཙམ་བྱེད་པ། ཚན་རིག་དང་མཐུན་པའི་ངང་ཁ་རས་རྒྱག་པ་བཅས་ཀྱིས་མི་སྒེར་གྱི་གཙང་སྦྲ་འཕྲོད་བསྟེན་ལ་དོ་སྣང་བྱེད་དགོས། རིམས་ནད་མཆེད་རིང་གཅིག་བསྡུས་རང་བཞིན་གྱི་བྱེད་སྒོ་ཉུང་དུ་གཏོང་དགོས།

ཚ་བ་རྒྱས་པ་སོགས་ཀྱི་ནད་རྟགས་ཐོན་ཚེ། དུས་ཐོག་ལ་གདོད་འགོག་དང་ཉིང་སྐྱུར་བརྟག་བཤེར་བྱེད་དགོས། ནད་ཡམས་འགོས་པའམ་ཚ་བ་རྒྱས་པ་སོགས་ཀྱི་ནད་རྟགས་གཙང་སེལ་མ་ཐུབ་གོང་། སྤྱི་སྤྱོད་འགྲིམ་འགྲུལ་ཡོ་བྱད་དུ་ལ་བཞུགས་མི་རུང་། རིམས་ནད་མཆེད་རིང་ངམ་ཡང་ན་རིམས་ནད་ཚབས་ཆེན་ཐོན་སྐབས། གཞི་ནད་ཡོད་པའི་རྒན་རྒོན་དང་། སྦྲུམ་མ། བྱིས་པ་སོགས་འགྲོ་སྐྱོད་ཉུང་དུ་བཏང་སྟེ། རང་ཉིད་དང་ཁྱིམ་མིར་འགོ་ཚད་དམའ་རུ་གཏོང་དགོས།

        སྐུ་ཉིད་ཕེབས་ཡུལ་གྱི་རིམས་ནད་གནས་ཚུལ་ཐད་མཁྱེན་རྟོགས་གང་ལེགས་གནང་ནས། འགྲོ་སྐྱོད་འཆར་གཞི་ཚན་རིག་དང་མཐུན་པའི་ངང་བཟོ་བ་དང་། འགྲོ་སྐྱོད་བྱེད་སྟངས་དང་འགྲོ་སྐྱོད་དུས་ཚོད་ལུགས་མཐུན་ངང་འདེམས་པ། མི་མང་འཛོམས་དུས་ལས་གཡོལ་བ། འདུ་འཛོམས་ཉུང་དུ་གཏོང་གང་ཐུབ་བྱེད་པ། ནད་གཞི་འགོས་པའི་ཉེན་ཁ་ཆུང་དུ་གཏོང་བ་བཅས་བྱེད་དགོས།

        འབབ་ཚུགས་ནས་འགྲོ་འོང་དང་། སྤ་སེ་ཉོ་བ། བདེ་འཇགས་ཞིབ་བཤེར། སྡོད་པ། འཛེགས་པ། རླངས་འཁོར་བརྗེ་པོ་རྒྱག་པ་བཅས་ཀྱི་རིང་མི་དང་མིའི་དབར་གྱི་བར་ཐག་རྒྱུན་འཁྱོངས་བྱེད་པ་དང་འདུ་འཛོམས་ཉུང་དུ་གཏོང་གང་ཐུབ་བྱེད་དགོས། འགྲོ་སྐྱོད་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁ་རས་བརྒྱབ་ནས། གློ་རྒྱག་དུས་དོ་སྣང་བྱེད་པ་དང་ལག་པར་གཙང་སྦྲ་ཡག་པོ་བྱེད་དགོས། ཆ་རྐྱེན་ཡོད་དུས་ཁ་ཐོར་དུ་སྡོད་དགོས། དལ་བའི་རང་བཞིན་གྱི་གཞི་ནད་ཡོད་པའི་འགྲུལ་པས་དགོས་མཁོར་གཞིགས་ནས་སྨན་འཁྱེར་དགོས།

དྲ་སྦྲེལ་དང་། ལག་འཁྱེར་ཁ་པར་གྱི་དུད་སྣེ། བྱ་རིམ་ཆུང་གྲས་སོགས་ཀྱི་བྱེད་ཐབས་བརྒྱུད་སྤ་སེ་ཉོ་བ་དང་། སྔོན་ལ་ལག་འཁྱེར་ཁ་པར་དང་ཨང་བཤེར་སོགས་ཀྱི་བྱེད་ཐབས་སྤྱད་དེ་དངུལ་སྤྲོད་དགོས།

        མི་གྲངས་ལས་བརྒལ་བ་དང་། ཤོང་ཚད་ལས་བརྒལ་བ། ཁྲིམས་འགལ་གྱིས་སྐྱེལ་འདྲེན་བྱེད་པ་སོགས་ཀྱི་བྱ་སྤྱོད་རང་རྟོགས་ཀྱིས་བཀག་འགོག་བྱ་དགོས་པ་དང་། ཞིང་སྤྱོད་རླངས་འཁོར་དང་དོས་འདྲེན་རླངས་འཁོར་ལ་སྡོད་མི་རུང་།

        སྒེར་འཁོར་བཏང་ནས་འགྲོ་སྐྱོད་བྱེད་དུས། ལམ་བར་གྱི་འགོག་སྲུང་ལ་ཤུགས་སྣོན་རྒྱག་དགོས།

        ཕྱིར་མ་བསྐྱོད་གོང་རང་ངོས་དང་ནང་མིའི་བདེ་ཐང་གནས་ཚུལ་ལ་དོ་སྣང་བྱས་ཏེ། ཚ་བ་རྒྱས་པ་སོགས་ཀྱི་ནད་རྟགས་ཐོན་སྐབས་དུས་ཐོག་ཏུ་གདོད་འགོག་གམ་ཉིང་སྐྱུར་བརྟག་འཇལ་བྱེད་དགོས། འགོ་ནད་འགོས་པའི་ཉེན་ཁ་མ་སེལ་གོང་ངམ་ཡང་ན་ཚ་བ་རྒྱས་པ་སོགས་ཀྱི་ནད་རྟགས་ཐོན་སྐབས། འགྲོ་སྐྱོད་གནས་སྐབས་ནར་འགྱངས་བྱེད་དགོས་པའི་གྲོས་འགོ་འདོན་རྒྱུ་ཡིན། རིམས་ནད་ཁྱབ་པའི་དུས་སམ་རིམས་ནད་ཚབས་ཆེ་བའི་སྐབས། རྒན་རྒོན་དང་སྦྲུམ་མ། བྱིས་པ་སོགས་རིམས་འགོག་གི་ནུས་པ་ཞན་པའི་མི་ཚོགས་ས་ཐག་རིང་པོར་ཡུལ་སྐོར་ལ་མི་ཕེབས་རྒྱུའི་གྲོས་འགོ་འདོན་རྒྱུ་ཡིན།

        འགྲོ་སྐྱོད་དངོས་རྫས་གྲ་སྒྲིག་ཡག་པོ་བྱེད་དགོས། འགྲོ་སྐྱོད་ཀྱི་བར་ཐག་དང་གནམ་གཤིས་ཀྱི་གནས་ཚུལ་ལ་གཞིགས་ཏེ། དགོས་ངེས་ཀྱི་འཚོ་བའི་དངོས་རྫས་དང་རིམས་འགོག་དངོས་རྫས་སྔ་ས་ནས་གྲ་སྒྲིག་བྱེད་དགོས་པ། དལ་བའི་རང་བཞིན་གྱི་གཞི་ནད་ཡོད་མཁན་དགོས་མཁོར་ལྟར་སྨན་འཁྱེར་དགོས།

        ཞབས་ཞུའི་ཁུལ་དུ་རླངས་འཁོར་ལས་བབས་ཏེ་ངལ་གསོ་རྒྱག་སྐབས། ཁ་རས་ཡག་པོ་རྒྱག་པ་དང་། བསྡུ་རུབ་མི་རྒྱག་པ། ཕྱིར་སྡོད་པའི་དུས་ཚོད་ཉུང་དུ་གཏོང་དགོས། ཟ་འཐུང་ཁུལ་དུ་ཁ་ལག་ཟ་སྐབས་ལག་པར་དུག་སེལ་བྱེད་དགོས་པ་དང་། མི་དང་མིའི་བར་ཐག་རྒྱུན་འཁྱོངས་ཐུབ་པ་བྱེད་དགོས། གྲོན་བསྡུའི་ས་ཚིགས་ཀྱིས་མི་ཐབས་ལ་བརྟེན་པའི་སྐར་ཁུང་བརྒྱུད་ནས་གྲོན་དངུལ་འཇལ་སྐབས། ཁ་རས་ཡག་པོ་རྒྱག་དགོས།

        ཁ་ལོ་བས་རང་སྒེར་གྱི་བདེ་ཐང་ལ་ལྟ་ཞིབ་ཚད་ལེན་བྱེད་པར་ཤུགས་སྣོན་རྒྱག་དགོས།

        བདེ་ཐང་གི་འཚོ་བར་རོལ་སྟངས་མཐའ་འཁྱོངས་ཀྱིས་ཁ་ལག་ཡག་པོ་ཟ་བ་དང་གཉིད་འདང་ངེས་ཁུག་དགོས། ལས་ཀ་ཕུད་མི་ཚོགས་འདུ་འཛོམས་ཆེ་བ་དང་རླུང་འགྲོ་མི་ལེགས་པའི་ས་ཆར་ཉུང་ཙམ་བསྐྱོད་དགོས། འདུ་འཛོམས་དང་གསོལ་སྟོན་སོགས་འདུ་འཛོམས་རང་བཞིན་གྱི་བྱེད་སྒོར་ཞུགས་རྒྱུ་ཉུང་དུ་བཏང་ནས། གནས་གཉིས་ཐིག་གཅིག་གི་འཚོ་བ་སྐྱེལ་སྟངས་དར་སྤེལ་གཏོང་དགོས།

        རང་ཉིད་ཀྱི་བདེ་ཐང་གནས་ཚུལ་ལ་དོ་སྣང་བྱེད་དགོས། གལ་ཏེ་ཚ་བ་རྒྱས་པ་སོགས་ཀྱི་ནད་རྟགས་ཐོན་ཚེ། དུས་ཐོག་ལ་ལས་ཁུངས་ལ་སྙན་སེང་ཞུ་དགོས་པ་དང་། གདོད་འགོག་དང་ཉིང་སྐྱུར་བརྟག་བཤེར་བྱེད་དགོས། ཚ་བ་རྒྱས་པ་སོགས་ཀྱི་ནད་རྟགས་ཡོད་པའམ་ཡང་ན་འགོས་ནས་ཉིན་བདུན་ཕྱིན་མེད་ན་ལས་གནས་ཐོག་ཡོང་མི་ཉན།

        རླངས་འཁོར་དང་གྲུ་གཟིངས་སོགས་ཀྱི་འཕྲོད་བསྟེན་ལ་དོ་དམ་ཡག་པོ་བྱེད་དགོས། འགྲུལ་པ་སྐྱུག་པ་སྐྱུགས་རིགས་དུས་ཐོག་ལ་གཙང་སེལ་བྱེད་དགོས། རླངས་འཁོར་མྱུར་བགྲོད་གཞུང་ལམ་གྱི་ཞབས་ཞུའི་ཁུལ་དུ་ངལ་གསོ་རྒྱག་སྐབས་དུས་ཐོག་ལ་སྒེའུ་ཁུང་ཕྱེ་ནས་རླུང་འགྲོ་བྱེད་དགོས།