བདེ་ཆེན་ཁུལ་གྱི་དམངས་འཚོ་ལེགས་སུ་ཕྱིན་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-01-16   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    2022ལོར་བདེ་ཆེན་ཁུལ་གྱིས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་དེ་ལས་དོན་མཐའ་དག་གི་གཞི་འཛིན་སར་བྱས་ནས་སེམས་ནུས་ཡོད་རྒུས་སློབ་གསོ་དང་། སྨན་བཅོས། ལས་ཞུགས་སོགས་མང་ཚོགས་ཀྱི་སེམས་ཁུར་ཆེ་ཤོས་དང་། དགོས་གཏུག་ཆེ་ཤོས། དོན་དངོས་དང་མཐུན་ཤོས་བཅས་ཀྱི་དམངས་འཚོའི་གནད་དོན་ལ་ལན་བརྒྱབ་པས་མི་སེར་གྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད།


    01ལས་ཞུགས་རྒྱ་སྐྱེད་དུ་བཏང་། 

    2022ལོར་བདེ་ཆེན་ཁུལ་གྱིས་ལས་ཞུགས་བརྟན་པོ་ཡོང་རྒྱུར་དམིགས་ཏེ་མཁོ་སྤྲོད་སྦྲེལ་མཐུད་ཀྱི་སྟེགས་བུ་སྐྲུན་པ་དང་། རྩལ་ནུས་གསོ་སྦྱོང་བྱེད་པ། ལས་གཏོད་ཀྱིས་ལས་ཞུགས་ལ་སྐུལ་ཁྲིད་བྱེད་པ། ལས་ཞུགས་རོགས་སྐྱོར་བྱེད་པ་སོགས་ཀྱི་ཐད་ཕྱོགས་བསྡུས་ཐོག་ནས་སྲིད་ཇུས་ལག་བསྟར་བྱས་ཏེ་དེ་བས་གང་ལེགས་དང་དེ་བས་སྤུས་ལེགས་ཀྱི་ལས་ཞུགས་ཐུབ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་བ་རེད། 2022ལོར་བདེ་ཆེན་ཁུལ་གྱིས་གྲོང་གསེབ་ཀྱི་ངལ་ནུས་གཞན་སྒྱུར་ལས་ཞུགས་མི་ཐེངས་ཁྲི་12.69དང་ལས་རིགས་རྩལ་ནུས་གསོ་སྦྱོང་མི་ཐེངས་17831ལེགས་འགྲུབ་བྱུང་། ལས་གཏོད་རོགས་ཀྱི་སྐྱོར་མི་ཐེངས་(དུད་ཁྱིམ)584ལ་རོགས་སྐྱོར་བྱས་ལ། ལས་གཏོད་ཀྱི་ཁག་ཐེག་དངུལ་བུན་སྒོར་དུང་ཕྱུར་1.09སྟེར། བདེ་ཆེན་ཁུལ་གྱིས་གྲོང་ཁྱེར་དང་གྲོང་རྡལ་གྱི་སྤྱི་ཕན་རང་བཞིན་གྱི་ལསནས་གསར་སྤེལ་མི་1378བཅས་ལེགས་སྒྲུབ་བྱས་པ་རེད།

    02སློབ་གསོ་སྔར་བས་འཕེལ་རྒྱས་བྱུང་།


    2022ལོར་སྐད་ཡིག་ཚད་ལྡན་ཅན་གྱི་དམིགས་ཚད་སློབ་གྲྭ་20བསྐྲུན་རྒྱུ་དང་། སློབ་ཞུགས་གོང་གི་སློབ་གསོའི་ཐད“རྫོང་རེར་དཔེ་སྟོན་རེ་དང་། ཤང་རེར་གཞུང་བཙུགས་རེ། གྲོང་ཚོ་རེར་བུ་བཅོལ་ཁང་གཅིག་རེ”བཅས་ཀྱི་སློབ་ཞུགས་གོང་གི་སློབ་གསོའི་འཕེལ་རྒྱས་དམིགས་ཚད་གཞི་རྩའི་ཆ་ནས་མངོན་འགྱུར་བྱུང་བ། ཞིང་ཆེན་རིམ་པའི་རིམ་པ་དང་པོའི་དཔེ་སྟོན་གླིང་3དང་རིམ་པ་དང་པོའི་རིམ་པ་གཉིས་པའི་དཔེ་སྟོན་གླིང་1བཏོད་པ། རིམ་ཁག་དང་རིགས་ཁག་གི་དགེ་རྒན་7164ལ་གསོ་སྦྱོང་བྱས་པ། བདེ་ཆེན་ཁུལ་གྱི་རྒྱུགས་སྤྲོད་སློབ་མ་2520ཡི་དངོས་གཞིའི་ཚན་ཁག་ནང་ཞུགས་ཚད་40.04%ཟིན་པ།

    03སྨན་བཅོས་ཆུ་ཚད་མཐོ་རུ་ཕྱིན།

    ན་ནིང་ཟླ་9ཚེས་16ནས་ཚེས་17ཉིན་བར་ཁུན་མིང་གྲོང་ཁྱེར་ཡན་ཨན་སྨན་ཁང་མིག་ནད་ཚན་ཁག་གི་རིགས་གཅིག་མཁས་ཅན་ཚོགས་པ་དང་བདེ་ཆེན་རྫོང་མི་དམངས་སྨན་ཁང་གི་ཐུན་མོང་འབད་བརྩོན་འོག་བདེ་ཆེན་རྫོང་གི་སྐྱ་གྲིབ་ཕོག་མཁན་མང་པོ་ཞིག་གིས“སྒོ་རྩར”གཤག་བཅོས་བྱས་ནས་སླར་ཡང་འོད་སྣང་མཐོང་བ་དང་། ཟླ་11ཚེས་8ཉིན་བདེ་ཆེན་ཁུལ་མི་དམངས་སྨན་ཁང་གིསAc-311ཐད་འཕུར་གནམ་གྲུ་ཐོག་མ་དེ་འཕུར་ཐུབ་པ་དེ་ཐོག་ནས་སྨན་ཁང་གི་མཁའ་ཐོག་འཕྲལ་སྡོམ་རོགས་སྐྱོབ་བགྲོད་ལམ་དངོས་སུ་ཤར་གཏོང་ཐུབ་པ་མཚོན་པ་དང་བདེ་ཆེན་ཁུལ་མི་དམངས་སྨན་ཁང་གིས་ཀ་པ་རིམ་པ་གསུམ་པའི་སྨན་ཁང་གྲུབ་འབྲས་ཐོབ་པའི་ངང་བཙུགས་པ་དང་བདེ་ཆེན་ཁུལ་གྱི་ཤང་དང་གྲོང་རྡལ་8ཀྱི་འཕྲོད་བསྟེན་ཁང་ཞིང་ཆེན་རིམ་པའི་ཀ་པ་རིམ་པའི་ཚད་གཞིར་སླེབས་པ་དང་། བདེ་ཆེན་ཁུལ་གྱིས་ཁྱིམ་ཚང་སྨན་པའི་ཞབས་ཞུའི་ཚོགས་པ་228བཙུགས་པ། བདེ་ཆེན་ཁུལ་སྨན་རྩིས་ཁང་གི་སྨན་རྫས་བཟོ་ཁང་དང་བདེ་ཆེན་རྫོང་སྨན་ཁང་ཀྲུང་ལུགས་དང་བོད་ལུགས་གསོ་རིག་སྨན་རྫས་ཁང་གིས་སྔ་རྗེས་སུ་སྨན་རྫས་རིགས་142ཞིབ་བཟོ་དང་ཐོན་སྐྱེད་བྱས་པའི་སྒོ་རའི་ནང་གི་བོད་སྨན་སྨན་རྫས་སོགས་ཡོད།

    དམངས་འཚོའི་བྱ་བ་དངོས་རེ་རེ་བཞིན་གཅིག་རྗེས་གཉིས་མཐུད་ངང་དོན་འཁྱོལ་བྱས་ནས་དམངས་འཚོའི་འདུན་པ་རེ་རེ་བཞིན་དངོས་ལྗོངས་སུ་འགྱུར་བ་དང་བདེ་ཆེན་ཁུལ་གྱིས་དམངས་འཚོའི་དོ་ཁུར་ལ་ལན་ཧུར་ཐག་བཏབ་སྟེ་མིག་མཐོང་ལག་ཟིན་གྱི་གྲུབ་འབྲས་ཐོག་ནས་མང་ཚོགས་ལ་དྲོ་སྐྱིད་ལྡན་པའི་དམངས་འཚོའི་ལན་ཞིག་སྤྲད་པ་རེད།