རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-01-16   རྩོམ་ཁུངས།    མི་དམངས་དྲ་བ།
ཚེས་9ཉིན་ནོར་སྲིད་པུའི་དྲ་ཚིགས་ཐོག་གནས་འཕྲིན་སྤེལ་བར་གཞིགས་ན། ནོར་སྲིད་པུའུ་དང་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས《གནས་ཐང་འཕར་ཁྲལ་གཞི་ཁྱོན་ཆུང་བའི་ཁྲལ་འཇལ་མཁན་གྱི་གནས་ཐང་འཕར་ཁྲལ་ཆག་ཡང་དང་རྩ་ཆག་གཏོང་རྒྱུ་སོགས་ཀྱི་སྲིད་ཇུས་ཁ་གསལ་བཟོ་རྒྱུའི་སྐོར་གྱི་སྤྱི་བསྒྲགས》ཁྱབ་བསྒྲགས་བྱས་པ་རེད།
གཅིག 2023ལོའི་ཟླ་1ཚེས་1ཉིན་ནས་2023ལོའི་ཟླ་12ཚེས་31ཉིན་བར། ཟླ་རེར་ཕྱིར་འཚོང་བྱེད་ཚད་སྒོར་ཁྲི་10མན་གྱི(དེའི་ནང་དངོས་གྲངས་ཚུད་པ)གནས་ཐང་འཕར་ཁྲལ་གཞི་ཁྱོན་ཆུང་བའི་ཁྲལ་འཇལ་མཁན་ལ་གནས་ཐང་འཕར་ཁྲལ་རྩ་ཆག་གཏོང་རྒྱུ་རེད།
གཉིས། 2023ལོའི་ཟླ་1ཚེས་1ཉིན་ནས་2023ལོའི་ཟླ་12ཚེས་31ཉིན་བར། གནས་ཐང་འཕར་ཁྲལ་གྱི་གཞི་ཁྱོན་ཆུང་བའི་ཁྲལ་འཇལ་མཁན་ལ་དཔྱ་ཁྲལ་བསྡུ་ཚད་3%སྤྱད་འཐུས་པའི་དཔྱ་ཁྲལ་འཇལ་དགོས་པའི་ཕྱིར་འཚོང་ཡོང་འབབ་དེ་དཔྱ་ཁྲལ་བསྡུ་ཚད་1%ལྟར་གནས་ཐང་འཕར་ཁྲལ་བསྡུ་རྒྱུ་དང་། སྔོན་བསྡུ་བྱེད་ཚད་3%སྤྱད་འཐུས་པའི་གནས་ཐང་འཕར་དཔྱ་ཁྲལ་སྔོན་འཇལ་རྣམ་གྲངས་དེ་སྔོན་བསྡུ་བྱེད་ཚད་1%ལྟར་གནས་ཐང་འཕར་དཔྱ་ཁྲལ་སྔོན་འཇལ་བྱ་རྒྱུ་རེད།
གསུམ། 2023ལོའི་ཟླ་1ཚེས་1ཉིན་ནས་2023ལོའི་ཟླ་12ཚེས་31ཉིན་བར། གནས་ཐང་འཕར་ཁྲལ་སྣོན་རྩིས་འཕྲི་གཅོག་སྲིད་ཇུས་ནི་གཤམ་གསལ་གྱི་གཏན་འབེབས་ལྟར་ལག་བསྟར་བྱ་རྒྱུ་སྟེ།
(གཅིག)ཐོན་སྐྱེད་རང་བཞིན་ལྡན་པའི་ཞབས་ཞུའི་ལས་རིགས་ཀྱི་ཁྲལ་འཇལ་མཁན་གྱིས་སྐབས་དེ་དུས་ཀྱི་ཡོང་སྒོའི་ཁྲལ་འབབ་དེ་5%ཡི་ནང་ནས་འཇལ་དགོས་པའི་ཁྲལ་འབབ་འཕྲི་འཐེན་བྱས་ཆོག་པ་དང་། ཐོན་སྐྱེད་རང་བཞིན་ལྡན་པའི་ཞབས་ཞུའི་ལས་རིགས་ཀྱི་ཁྲལ་འཇལ་མཁན་ཞེས་པ་ནི་སྦྲག་སྲིད་ཞབས་ཞུ་དང་། གློག་འཕྲིན་ཞབས་ཞུ། དེང་རབས་ཞབས་ཞུ། འཚོ་བའི་ཞབས་ཞུ་མཁོ་འདོན་བྱས་པ་ལས་ཐོབ་པའི་བྲིན་ཚོང་བསྡོམས་འབོར་གྱིས་བྲིན་ཚོང་བསྡོམས་འབོར་ནང་བཟུང་བའི་བསྡུར་ཚད་50%ལས་བརྒལ་བའི་ཁྲལ་འཇལ་མཁན་ལ་ཟེར།
(གཉིས།)འཚོ་བའི་རང་བཞིན་ལྡན་པའི་ཞབས་ཞུའི་ལས་རིགས་ཀྱི་ཁྲལ་འཇལ་མཁན་གྱིས་སྐབས་དེ་དུས་ཀྱི་ཡོང་སྒོའི་ཁྲལ་འབབ་དེ་10%བྱས་ནས་འཇལ་དགོས་པའི་ཁྲལ་འབབ་འཕྲི་འཐེན་བྱས་ཆོག་པ་བྱ་དགོས། འཚོ་བའི་རང་བཞིན་ལྡན་པའི་ཞབས་ཞུའི་ལས་རིགས་ཀྱི་ཁྲལ་འཇལ་མཁན་ཞེས་པ་ནི་འཚོ་བའི་ཞབས་ཞུ་མཁོ་འདོན་བྱས་ནས་ཐོབ་པའི་བྲིན་ཚོང་བསྡོམས་འབོར་གྱིས་བྲིན་ཚོང་བསྡོམས་འབོར་ནང་བཟུང་བའི་བསྡུར་ཚད་50%ལས་བརྒལ་བའི་ཁྲལ་འཇལ་མཁན་ལ་ཟེར།
(གསུམ།)ཁྲལ་འཇལ་མཁན་ལ་སྤྱད་འཐུས་པའི་ཁྲལ་སྣོན་རྩིས་འཕྲི་གཅོག་བྱེད་པའི་སྲིད་ཇུས་ཀྱི་འབྲེལ་ཡོད་དོན་དག་གཞན་དག《ནོར་སྲིད་པུའུ་དང་ཁྲལ་དོན་སྤྱི་ཁྱབ་ཅུས། འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡི་གནས་ཐང་འཕར་ཁྲལ་སྒྱུར་བཅོས་གཏིང་ཟབ་བྱ་རྒྱུའི་སྐོར་གྱི་འབྲེལ་ཡོད་སྲིད་ཇུས་ཀྱི་སྤྱི་བསྒྲགས》(ནོར་སྲིད་པུའུ་དང་ཁྲལ་དོན་སྤྱི་ཁྱབ་ཅུས། འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡི་སྤྱི་བསྒྲགས་2019ལོའི་ཨང་39པ)དང་།《ནོར་སྲིད་པུའུ་དང་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱི་འཚོ་བའི་རང་བཞིན་ལྡན་པའི་ཞབས་ཞུའི་ལས་རིགས་ཀྱི་གནས་ཐང་འཕར་ཁྲལ་སྣོན་རྩིས་འཕྲི་གཅོག་སྲིད་ཇུས་ཁ་གསལ་བཟོ་རྒྱུའི་སྐོར་གྱི་སྤྱི་བསྒྲགས》(ནོར་སྲིད་པུའུ་དང་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱི་སྤྱི་བསྒྲགས་2019ལོའི་ཨང་87པ)སོགས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ལག་བསྟར་བྱེད་དགོས།
བཞི། སྤྱི་བསྒྲགས་འདིའི་གཏན་འབེབས་ལྟར་ན། གནས་ཐང་འཕར་ཁྲལ་ཆག་ཡང་དང་རྩ་ཆག་གཏོང་དགོས་རིགས་སྤྱི་བསྒྲགས་འདི་མ་སྤེལ་གོང་བསྡུ་ལེན་བྱས་ཟིན་རིགས་ལ། ཁྲལ་འཇལ་མཁན་ཉུང་དུ་བཏང་རྗེས་ཁྲལ་འཇལ་དགོས་པའི་ཁྲལ་དངུལ་འཐེན་ཆོག་པའམ་ཡང་ན་ཕྱིར་སློག་བྱེད་དགོས།