རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-01-17   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།
ཉེ་ཆར། འདའ་དགུ་འཁྱགས་རོམ་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་པས་པར་ལེན་ཞོར་ཁ་བའི་ཁྲོད་རྩེད་འཇོར་རོལ་བཞིན་ཡོད།
ཉེ་བའི་ལོ་འགའི་རིང་། འགྲིམ་འགྲུལ་ཆ་རྐྱེན་མུ་མཐུད་དུ་ལེགས་བཅོས་བྱུང་བ་དང་བསྟུན། སྒེར་འཁོར་བཏང་ནས་ཡུལ་སྐོར་བྱེད་མཁན་རྒྱུན་མཐུད་ངང་ཇེ་མང་དུ་ཕྱིན། ལུགས་གསར་ལོ་གསར་གུང་གསེང་རིང་། ཞང་རོང་ལྷ་སྡེ་དང་། མགར་ཚང་གཞིས་ཀ་སོགས་ཀྱི་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་པ་ཤིན་ཏུ་མང་། ས་ཆ་སོ་སོ་ནས་སླེབས་པའི་ཡུལ་སྐོར་པས་གངས་འཁྱགས་ཀྱི་མཛེས་ལྗོངས་ལ་ལྟ་ཞོར་གསར་བརྗེའི་རིག་གནས་ཉམས་ལེན་དང་། བོད་ཀྱི་དམངས་སྲོལ་ལ་རོལ་མྱོང་བྱེད་བཞིན་ཡོད། རྫོང་དེས་བསྡོམས་པས་ཡུལ་སྐོར་པ་མི་ཐེངས10120སྣེ་ལེན་བྱས་པ་དང་། ཡུལ་སྐོར་ཡོང་འབབ་སྒོར་ཁྲི809.6མངོན་འགྱུར་བྱུང་། །