རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-01-18   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
ཞོགས་པར།བདེ་འཇགས་ཞྭ་མོ་གྱོན་པ་དང་གྱོན་ཆས་སྔོན་པོ་གྱོན་པའི་གློག་ཤུགས་བཟོ་པ་དབང་ལྡན་གྱིས་ལས་རོགས་ཚོ་དང་མཉམ་དུ་གངས་ཁྲོད་དུ་བསྐྱོད་དེ་གློག་སྐུད་དེད་ནས་གླེགས་སྤངས་གྲོང་ཚོར་བསྐྱོད་ཡོད།
དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་གླེགས་བམ་གྲོང་ཚོར་ཡུལ་སྐོར་བ་མང་ཤོས་ཀྱི་དུས་ཚིགས་ཤར་རྒྱུ་དང་ཆབས་ཅིག གློག་སྤྱོད་ཚད་ཀྱང་མང་དུ་འགྲོ་རྒྱུ་རེད། དབང་ལྡན་གྱིས་གླེགས་སྤངས་ཀྱི་གློག་མཁོ་འདོན་གྱི་འགན་འཁུར་བ་ཞིག་ཡིན་པའི་ངོས་ནས་གློག་སྤྱོད་མང་ཤོས་ཀྱི་དུས་མ་སླེབས་གོང་གློག་སྐྱེལ་གློག་སྒྱུར་གྱི་སྒྲིག་ཆས་རྒྱུན་གཏན་ཡིན་མིན་ལ་ཞིབ་བཤེར་བྱས་ནས་དཔྱིད་གསར་དུས་ཆེན་རིང་གློག་མཁོ་འདོན་གྱི་བདེ་འཇགས་ལ་ཁག་ཐེག་བྱས།
གླེགས་བམ་གྲོང་ཚོར་དུད་ཚང་42ཡོད། དེ་སྔ་དེ་གར་ལམ་ཤར་གཏོང་ཐུབ་མེད་པ་དང་། གློག་ཤར་གཏོང་ཐུབ་མེད་པ། འཕྲིན་གཏོང་བརྡ་རྟགས་མེད་པ། སྤྱི་ལེ་18ཙམ་གྱི་མི་རྟ་ལམ་དང་ཕྱི་ཕྱོགས་སུ་འབྲེལ་ཡོད། ལྷོ་ཕྱོགས་གློག་དྲས་2012ལོར་མ་དངུལ་སྒོར་ཁྲི་800ལྷག་ཙམ་བཏང་སྟེ་རྫ་ཆུའི་འགྲམ་ནས་གློག་སྐུད་འཐེན་ཏེ་གྲོང་ཚོར་གློག་བཏང་ཐུབ་པ།
སྔ་དྲོའི་ཆུ་ཚོད་10པར། སྐོར་གཡེང་རུ་མི་སྐོར་ཞིབ་ས་ཚིགས་དང་པོར་སླེབས་ཡོད་པ་རེད། དབང་ལྡན་གྱིས་ཉེན་ཟོན་ཐག་པ་བསྡམས་ནས་རྐང་སྒྲོག་དང་འབྲེལ་གཅོད་ལག་ཤུབས་གྱོན་ཏེ་མཐོ་ཚད་སྨི་10ལྷག་ཙམ་ཡོད་པའི་གློག་སྡོང་ཐོག་ཏུ་འཛེགས་ནས་གློག་འདྲེན་སྐུད་ལམ་ལ་ཞིབ་བཤེར་དང་སྐུད་ལམ་གྱི་མཐུད་གནས་ལ་དྲོད་ཚད་འཇལ་བ་རེད།
གླེགས་བམ་གྲོང་ཚོའི་གློག་ལམ་ལ་གློག་སྡོང་168ཡོད་པ་དང་མང་ཆེ་བ་ང་ཚོ་འཛེགས་མྱོང་ཡོདམ་ཅེས་དབང་ལྡན་གྱིས་འདི་འདྲ་བཤད་ཡོད།
ཕྱི་དྲོར། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་3700ལྷག་ཡོད་པའི་ལག་ཁ་འབྱོར་པ་དང་། དབང་ལྡན་གྱིས་བྱང་ཆུབ་པའི་སྒོ་ནས་མི་མེད་གནམ་གྲུ་བཀོལ་སྤྱོད་བྱས་པ་དང་བར་སྣང་གི་འགལ་རྐྱེན་ལས་གཡོལ་ཏེ། མཁའ་དབྱིངས་སུ་འཕུར་ནས་གློག་སྐུད་ལ་སྐོར་ཞིབ་བྱས་པ་མ་ཟད་པར་ཡང་བླངས་པ་རེད། ཁོ་ཡིས་ཅ་ལག་འདི་ཡོད་པས་ང་ཚོས་གློག་སྐུད་ལ་སྐོར་ཞིབ་བྱས་ན་སྟབས་བདེ་པོ་ཡོད་ལ། ཉེན་ཁ་མང་པོ་ཉུང་དུ་བཏང་ཡོད་པ་དང་ལས་ཆོད་ཀྱང་མཐོ་པོར་ཕྱིན་ཡོད་ཞེས་ཟེར།
ཉི་མ་ནུབ་དུས། རུ་མི་ཚོ་གླེགས་བམ་གྲོང་དུ་སླེབས་པ་དང་། ཁོ་ཚོས་ངལ་གསོ་ཁོམ་མེད་པ་དང་ལག་ཆའི་ཁུག་མ་ཁུར་ནས། ཁྱིམ་ཚང་རེ་རེ་བཞིན་གློག་ཚད་འཇལ་ཆས་དང་གློག་སྤྱོད་སྒྲིག་ཆས་ལ་ཞིབ་བཤེར་བྱས་པ། གྲོང་པ་ནང་གི་མི་རྒན་རབ་བསྟན་གྱིས་སྤྲོ་སེམས་འཁོལ་བའི་ངང་ནས་དབང་ལྡན་ནང་དུ་གདན་དྲངས་ཏེ་ཁོ་ལ་ཚ་སོབ་སོབ་ཀྱི་ཇ་སྲུབས་མ་བླུགས་སྟེར།
རབ་བསྟན་གྱི་ཁྱིམ་ནང་། གློག་རྡིག་དང་གློག་སྡུད་ཐབ་ཀ་སོགས་ཆ་ཚང་ཡོད་པ་དང་། ཇ་སྲུབས་སའང་ཆེད་སྤྱོད་གློག་ཆས་ཡོད་ལ། ཁོང་གིས་དབང་ལྡན་ལ་ད་ལྟར་གློག་ཆད་པ་ཧ་ཅང་ཉུང་འདུག ཁྱོད་ཚོ་བཀའ་དྲིན་ཆེ་ཞེས་ཟེར།
གློག་ཤུགས་དང་འཕྲིན་ལས། འགྲིམ་འགྲུལ་སོགས་སྒྲིག་ཆས་ལེགས་བཅོས་བྱས་ནས་གླེགས་བམ་གྲོང་ལ་འཕུར་མཆོང་གི་གཤོག་པ་བཙུགས་ཡོད་ལ། ཞིང་དུད་42ལས་མེད་པའི་གྲོང་པ་འདིར་དམངས་སྡོད་མགྲོན་ཁང་130ལྷག་གཉེར་ཡོད་པ་དང་། གྲོང་པའི་ཀྲི་པུའུ་ཧྲུའུ་ཅི་ཚེ་རིང་དབང་འདུས་ཀྱིས་དཔྱིད་གསར་དུས་ཆེན་རིང་ཡུལ་སྐོར་གྱི་ཚ་རླབས་འཕྱུར་བ་དང་ད་ལྟར་མགྲོན་ཁང་མངག་ཉོ་བྱས་ཚར་ལ་ཉེ་ཡོད་ཞེས་ཟེར།
གངས་རིར་གློག་སྐུད་ལ་སྐོར་ཞིབ་བྱེད་པ་ནི་གློག་ཤུགས་མི་སྣ་ཡིས་ཁ་རོག་གེར་འདོན་སྤྲོད་བྱས་པའི་བསྡུས་རིས་ཞིག་ཡིན་ལ།ལྷོ་ཕྱོགས་གློག་དྲ་ཡུན་ནན་གློག་དྲ་ཀུང་སིའི་ཏུང་ཧྲི་ཀྲང་། ཏང་ཨུའི་ཧྲུའུ་ཅི་ཀན་ལིན་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། ད་ལོ་ནས་བཟུང་། ཀུང་སི་ཡིས་ཞིང་ཆེན་ཡོངས་སུ་གློག་མཁོ་འདོན་འགན་ལེན་སྐོར་ཞིབ་ཁྱོན་སྤྱི་ལེ་ཁྲི་15ལྷག་བྱས་ཡོད་པ་དང་ཆབས་གཅིག མི་ཁྲི་1.2ལྷག་ཡོད་པའི་འཕྲལ་སྡོམ་མྱུར་བཟོའི་དཔུང་པག་203བཙུགས་ནས་ནུས་ཤུགས་ཡོད་རྒུས་དཔྱིད་གསར་དུས་ཆེན་རིང་གི་གློག་ཤུགས་མཁོ་འདོན་འགན་ལེན་བྱས་པ་དང་། མང་ཚོགས་ཀྱིས་འོད་ལམ་ལམ་ངང་དུས་ཆེན་གཏོང་བ་དང་ཚ་སོབ་སོབ་ངང་དགུན་སྐྱེལ་བར་ཁག་ཐེག་བྱས་ཡོད་པ་རེད།
དགོང་མོའི་ཆུ་ཚོད་10དང་ཕྱེད་ཀའི་ཐོག དབང་ལྡན་དང་ལས་རོགས་ཚོ་ཡིས་ཉིན་གཅིག་གི་ལས་ཀ་ལས་ཚར་བ་དང་། ཁོ་ཡིས་ལྗོངས་ལྟ་སྟེགས་བུའི་ཐོག་ལངས་ནས་ཟླ་འོད་འོག་གི་ཁ་བ་དཀར་པོ་ལ་རྒྱང་ལྟ་བྱས་ཏེ་སྐབས་འདིའི་ལྷིང་འཇགས་མྱོང་ཚོར་བྱས་པ།
གྲོང་པའི་ནང་གློག་འོད་ཆེམ་ཆེམ་གྱིས་ནམ་མཁའི་སྐར་ཚོགས་དང་འོད་མདངས་ཕན་ཚུན་འཕྲོ་ཡོད།