རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-01-19   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།
པར་འདི་ནི་ཟླ1པོའི་ཚེས11ཉིན། ཐེ་བོ་རྫོང་གིས“གཅེས་སེམས་སྨན་ཁུག”སྤྲོད་པའི་མཛད་སྒོ་སྤེལ་བའི་ཚུལ་རེད།
ཐེངས་འདིར་རྩིས་སྤྲོད་བྱས་པའི“གཅེས་སེམས་སྨན་ཁུག”པྲོག་གསར་གློ་ཚད་ནད་དུག་འགོས་པར་སྔོན་འགོག་དང་སྨན་བཅོས་ནུས་བ་ལྡན་པའི“ཀན་སུའུ་སྨན་ཐོ”སྒམ་རེ་སྟེ(རིམས་འགོག་རིལ་བུ་དང་གློ་སྨན) ། བསྡོམས་པས་ཐུམ5678རིན་གོང་སྒོར་ཁྲི43.23ཟིན་ཡོད།
“གཙོ་གནད་མི་ཚོགས་ཀྱི་ལུས་པོའི་བདེ་ཐང་ལ་འགན་སྲུང་གང་ལེགས་བྱ་ཆེད། ང་ཚོས‘གཅེས་སེམས་སྨན་ཁུག’དེ་རྫོང་ཡོངས་ཀྱི་ལོ་ཚད65ལོན་པའི་ཡན་གྱི་རྒན་རྒོན་གཙོ་གནད་མི་སྣ་དང་མ་མཐའི་འཚོ་བའི་འགན་སྲུང་ལེན་པའི་རིགས་དང་། དཀའ་ངལ་ཤིན་ཏུ་ཆེ་བ། དབང་བོ་སྐྱོན་ཅན་ཚབས་ཆེན་ཡིན་པ། དཀའ་ངལ་ལྡན་པའི་དབང་བོ་སྐྱོན་ཅན་སོགས་ཀྱི་ལག་ཏུ་སྤྲད་པ་མ་ཟད། ཞིབ་ཕྲ་སྒོས་ཁོ་ཚོའི་ལུས་པོའི་གནས་ཚུལ་དང་སྨན་རྫས་གྲ་སྒྲིག་བྱས་པའི་གནས་ཚུལ་སོགས་རྒྱུས་ལོན་བྱས་ནས། གཞིས་ཁུལ་དང་གྲོང་གསེབ་ཀྱིས་རིམས་ནད་སྨན་བཅོས་རོགས་སྐྱོབ་ཞབས་ཞུ་འགན་ཁུར་འཁུར་བར་རྨང་གཞི་བརྟན་པོ་བཙུགས་ཡོད”ཅེས་ཐེ་བོ་རྫོང་སྨན་བཅོས་འགན་སྲུང་ཅུའུ་ཡི་འགན་ཁུར་མི་སྣས་དེ་ལྟར་བརྗོད།
ཐེངས་འདིའི“གཅེས་སེམས་སྨན་ཁུག”གནད་འཁེལ་སྤྲད་པ་དེས་དུས་ཐོག་ཏུ“གཅེས་སེམས་ཆེན་པོ”དང“དྲོད་ཁོལ་ཆེན་པོ”གཙོ་གནད་མི་ཚོགས་ཀྱི་གམ་དུ་བསྐྱལ་བ་མ་ཟད། ཁོ་ཚོར་སྔར་ལས་ལྷག་པའི་སྒོ་ནས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་ཚོར་དུ་བཅུག་པ་རེད། །