ལོ་གསར་རིང་གྲོང་མིའི་ཐོན་སྐྱེད་འཚོ་བ་སྔར་བཞིན་བརྟན་འཇགས་ཡིན་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-01-26   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། དཔྱིད་གསར་དུས་ཆེན་ནི་རང་རྒྱལ་གྱི་སྲོལ་རྒྱུན་དུས་ཆེན་གཙོ་བོ་ཞིག་ཡིན་ཞིང་ལོ་གསར་བའི་ནང་བཟའ་མི་མཉམ་དུ་འཛོམས་བྱུང་ནས་དགའ་དགའ་སྤྲོ་སྤྲོའི་དཔལ་ལ་རོལ་བའི་གོམས་སྲོལ་ཡོད་པས་ཐག་རིང་ཐུང་གི་མི་རྣམས་རང་རང་གི་ཕ་ཡུལ་དུ་ལོག་འགྲོ།  ད་ལོའི་དཔྱིད་གསར་དུས་ཆེན་རིང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ནང་ཁུལ་དུ་བྱ་བའི་དགོས་དབང་གིས་ཕ་ཡུལ་དུ་མ་ལོག་པར་ལོ་གསར་རོལ་བའི་གྲོང་མིའང་མི་ཉུང་བ་ཞིག་ཡོད་ཅིང་ཉི་ཟླ་སྐར་གྲོང་དང་རྡོ་མཁར་གནའ་གྲོང་།  ཤམ་བྷ་ལ་གཞིས་ཁྱིམ་བཅས་སུ་འགྲོ་འོང་བྱེད་པའི་མི་ཚོགས་མང་པོ་མཐོང་རྒྱུ་ཡོད།   
图片
图片
图片
图片
        ལོ་གསར་ཚེས་པ་གཅིག་ནས་བཟུང་སེམས་ཀྱི་ཉི་ཟླའི་སྔོ་ཚོད་ཚོང་ར་དང་།  སྨན་རྫས་ཚོང་ཁང་།  སིལ་ཏོག་ཚོང་ཁང་།  མགྲོན་ཁང་།  བྱིས་པའི་གྱོན་ཆས་ཚོང་ཁང་།  རང་འདེམས་ཚོང་ཁང་།  གློག་བརྙན་ཁང་།  ཟ་ཁང་སོགས་ལས་རིགས་མི་ཉུང་བ་ཞིག་གིེས་སྔར་མུས་བཞིན་སྒོ་ཕྱེས་ནསབལས་གཉེར་བྱེད་བཞིན་ཡོད་པས།  གྲོང་མིས་སྔོ་ཚོད་སོས་པ་དང་སིལ་ཏོག   སྨན།  ཟས་རིགས་དང་གྱོན་ཆས་གང་རུང་ཉོ་དགོས་ཀྱང་ཤིན་ཏུ་སྟབས་བདེ་ལ།   ཐོན་རྫས་ཀྱི་རིན་གོང་ཡང་ལོ་མ་གསར་གོང་དང་འདྲ་བར་རྒྱུན་ལྡན་དང་བརྟན་འཇགས་ཡིན་པས་གྲོང་མིའི་འཚོ་བའི་ཕྱོགས་སོ་སོར་སྟབས་བདེ་གང་ལེགས་ཤིག་བསྐྲུན་ཡོད་པ་རེད།