བདེ་ཆེན་མང་ཚོགས་ཀྱིས་དཔྱིད་གསར་དུས་ཆེན་ལ་རོལ་སྟངས་སྣ་མང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-01-28   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

དཔྱིད་གསར་དུས་ཆེན་རིང་
བདེ་ཆེན་ཤང་གྲོང་ཁག་གི་མང་ཚོགས་ཀྱིས་བྱེད་སྒོ་སྣ་མང་སྤེལ་ནས་

དུས་ཆེན་རོལ་བ་དང་ལོ་གསར་པ་བསུ་བཞིན། 

གཤམ་ལ་ང་ཚོས་མཉམ་དུ་ལྟད་མོ་ཞིག་བལྟ་འགྲོ

      

        དཔྱིད་གསར་དུས་ཆེན་རིང་འཇོལ་རྫོང་གི་ས་གནས་ཁག་གི་མང་ཚོགས་ཀྱིས་རང་རྩོམ། རང་འཁྲིད། རང་འཁྲབ་བྱས་པའི་ལེ་ཚན་གྱིས་དགའ་སྤྲོ་འཆམ་མཐུན་ངང་མི་རྣམས་ཀྱི་སེམས་ནང་ཟུག་པ་བྱས་ཏེ་པི་ཝང་། དེང་རབས་ཞབས་བྲོ། རས་པ། སྒོར་བྲོ་སོགས་སྲོལ་རྒྱུན་ལེ་ཚན་གྱིས་ཕ་ཡུལ་གྱི་སེམས་ཁྲལ་ཟབ་མོ་ཞིག་ཁྲིད་དེ་མཛེས་སྡུག་ལྡན་པའི་རྣམ་པ་ཞིག་མཚོན་པར་བྱས་ཡོད། (གསར་འགོད་པ་རྒྱ་མཚོ།)


       

    ལོ་གསར་ཚེས་ལྔ་ཉིན་འབའ་ལུང་རྫོང་མཐའ་ཆུ་གྲོང་རྡལ་རིག་གནས་ཐང་ཆེན་དུ་ལག་རྩེད་སྤོ་ལོའི་འགྲན་བསྡུར་བྱེད་བཞིན་ཡོད་པ་དེས་གྲོང་རྡལ་ཡོངས་ཀྱི་གྲོང་ཚོ་ཁག་དབར་གྱི་གོང་བུ་འགྲིལ་ཤུགས་ཆེ་རུ་ཕྱིན་པ་མ་ཟད་རྒྱ་ཆེའི་མང་ཚོགས་ཚོས་མཐུན་སྒྲིལ་ཡར་བརྩོན་དང་ཧུར་བརྩོན་ཡར་སྐྱེད་ཀྱི་བསམ་པའི་ཉམས་འགྱུར་བཟང་པོ་དེ་བས་མངོན་པ་དང་དགའ་སྟོན་རྟེན་འབྲེལ། མཛེས་སྡུག་ལྡན་པའི་རིག་གནས་ཀྱི་རྣམ་པ་ཞིག་བཏོད་དེ་དམངས་ཡོངས་ཀྱི་ལུས་སྦྱོང་གི་འདུ་ཤེས་བརྒྱུད་སྤྲོད་བྱས་ཡོད། (གསར་འགོད་པ་ཧོང་ཞའོ་ལི།)

        

        ཆུ་ཚན་སྦངས་པ་ནི་ཁྱིམ་ཚང་སོ་སོས་ལྷོད་གཡེང་བྱེད་ཐབས་ཤིག་ཏུ་གྱུར་ཡོད། ལོ་གསར་ཚེས་ལྔ་ཉིན། རྡོ་ཟམ་ནང་དུ་ཆུ་ཚན་ལ་སྦངས་སུ་ཡོང་བའི་གྲོང་མིས་ཁེངས་འདུག གུང་གསེང་སྐབས་སུ་བཟའ་མི་གང་བོ་ཡུལ་སྐོར་ལ་འགྲོ་བའི་སྤྲོ་སྣང་ལོངས་སུ་སྤྱོད་བྱེད་ཀྱི་ཡོད། (གསར་འགོད་པ་ཚེ་རིང་སྒྲོལ་མ།)

        

        དཔྱིད་གསར་དུས་ཆེན་རིང་གློག་བརྙན་བལྟས་ནས་ལོ་གསར་གཏོང་རྒྱུ་དེའང་དར་སྲོལ་གསར་པ་ཞིག་ཏུ་གྱུར་པ། མི་རྣམས་ཀྱིས་རིགས་སྣ་མང་བ་དང་བརྗོད་བྱ་ཕུན་སུམ་ཚོགས་པའི་ལོ་གསར་ལ་རྟེན་འབྲེལ་ཞུ་བའི་གློག་བརྙན་བལྟས་པ་བརྒྱུད་ལོ་གསར་གཏོང་སྟངས་མི་འདྲ་བ་མྱོང་ཚོར་ཐུབ་ཡོད།  (དངོས་སྦྱོང་གསར་འགོད་པ་ཡའོ་ཅེ།)

        

        དཔྱིད་གསར་དུས་ཆེན་རིང་བདེ་ཆེན་ཁུལ་རིག་གནས་ཁང་གིས་དྲ་ཐོག་གི་“གྲོང་ཚོའི་མཚན་ཚོགས་”ཁྱིམ་ཚང་ཁྲི་སྟོང་མང་པོར་ཁྱབ་པའི་དཔེ་སྟོན་འགྲེམས་སྟོན་བྱེད་སྒོ་སྤེལ་བ་དང་འཁྱུགས་དབྱིངས་སྟེགས་བུ་བརྒྱུད་ཐང་ཆེན་ཞབས་བྲོའི་བརྙན་ལམ་བརྒྱུད་སྤྲོད་བྱས་པ། འཇོལ་རྫོང་གིས་“ང་ཚོའི་ཀྲུང་གོའི་ཕུགས་འདུན་རིག་གནས་ཁྱིམ་ཚང་ཁྲི་སྟོང་མང་པོར་ཁྱབ་པའི་‘གླུ་སྒྲས་དཔྱིད་གསར་དུས་ཆེན་ལ་རྟེན་འབྲེལ་ཞུ་'ཞེས་པའི་དར་སོ་ཆེ་བའི་རོལ་ཚོགས་”ཀྱི་ཆེད་དོན་མཚན་ཚོགས་འཚོགས་ནས་གྲོང་མི་ཚོར་རོལ་དབྱངས་ཀྱི་སྟོན་མོ་གཟབ་རྒྱས་ཤིག་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད། རིགས་མི་འདྲ་བའི་དྲ་ཐོག་རིག་རྩལ་འགྲེམས་སྟོན་གྱིས་གྲོང་མི་ཚོར་ལོ་གསར་གྱི་མྱོང་ཚོར་མི་འདྲ་བ་བྱུང་ཡོད། (གསར་འགོད་པ་ཧོ་ཞུའེ་ཡན།)

        ཁྱིམ་སྐད་ཚགས་ནས་ཡིན་པའི་ཕུན་ཚོགས་ཀྱིས་ད་ལོའི་དཔྱིད་གསར་དུས་ཆེན་རིང་ཕ་མ་དང་ཕྲུ་གུ་ཁྲིད་དེ་ཏ་ལི་ཉིའུ་ཅེ་རུ་བསྐྱོད་དེ་ཆུ་ཚན་སྦངས་བ། ཕུན་ཚོགས་ཀྱིས“རྒན་རྒོན་དང་ཕྲུ་གུ་ཆུ་ཚན་སྦངས་རྒྱུར་དགའ་པོ་ཡོད་པས་འདི་གར་ཟ་སྡོད་ཚང་མ་ཧ་ཅང་སྟབས་བདེ་པོ་ཡོད་པ་མ་ཟད་ད་དུང་མཐའ་འཁོར་དུ་རྩེད་མོ་རྩེ་བར་བསྐྱོད་ཆོག་”ཅེས་བཤད། (གསར་འགོད་པ་སྒྲོལ་མ་ལྷ་མཚོ།)

        དཔྱིད་གསར་དུས་ཆེན་རིང་ནགས་ཕག་མཚོའི་ཕྱི་རོལ་དུ་སྒར་རྒྱག་པར་འགྲོ་རྒྱུ་དེ་གཞོན་ནུ་ཚོའི་དར་སྲོལ་གསར་པ་ཞིག་ཏུ་གྱུར་ནས་གྲོགས་པོ་གཉིས་གསུམ་ཙམ་དང་ཁོང་ཚོས་ཚ་སོབ་སོབ་ཀྱི་ཁ་ཧྥེ་བསྐོལ་བ་དང་སྒོ་ངའི་བག་ལེབ་སྦྱོར་བ། མི་ཁ་ཤས་ཀྱིས་བྲོ་བ་ཞིམ་པོ་མྱོང་ཞོར་དུ་ཁ་བརྡ་བྱེད་བཞིན་དུ་ངལ་དུབ་སེལ་གྱི་ཡོད། (དངོས་སྦྱོང་གསར་འགོད་པ་ཡའོ་ཅེ།)

        ལོ་གསར་ཚེས་དྲུག འབའ་ལུང་རྫོང་ཡུང་ཁྲུན་ཤང་སན་ཅ་གྲོང་ཚོའི་ཟམ་སྣེའི་གྲོང་མི་ཚོགས་ཆུང་གི་དབྱང་རུན་ཧྥང་ཁྱིམ་ཚང་གིས་ཞིང་ལས་དམ་འཛིན་བྱེད་སྐབས་དཔྱིད་རྨོད་རྨོད་གྲབས་ལ་བྲེལ་ནས་ལོ་གསར་པའི་ནང་ཐོན་འབབ་ཡག་པོ་ཞིག་ཡོང་རྒྱུའི་རེ་བ་བྱེད་ཀྱི་ཡོད། (གསར་འགོད་པ་ཀྲང་ཡན།)