གྲོང་གསེབ་ཀྱི་ཡུལ་སྐོར་ལ་དགའ་བསུ་ཐོབ་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-01-30   རྩོམ་ཁུངས།    མི་དམངས་དྲ་བ།

        གྲོང་ཁྱེར་དུ་ལོ་གཅིག་བྲེལ་བས། ད་ལོར། ང་ཚོ་ནང་མི་ཚང་མ་གྲོང་གསེབ་ཏུ་ལོ་གསར་གཏོང་བར་བསྐྱོད་པ་དང་། ཞིང་པའི་ཁྱིམ་དུ་སྔོ་ཚལ་ཟ་བ་དང་། དཔྱིད་གསར་དུས་ཆེན་གཏོང་ནས། རང་བྱུང་ཁམས་དང་འབྲེལ་འདྲིས་བྱས་ནས་ཞིང་སྡེའི་འཚོ་བ་སྐྱེལ་བ་དང་། དཔྱིད་གསར་དུས་ཆེན་གྱི་གུང་གསེང་སྐྱིད་པོ་ཞིག་གཏོང་ཡོད། ལོ་གསར་ཚེ་གཅིག་ཉིན། འབའ་ལུང་རྫོང་མཐའ་ཆུ་གྲོང་རྡལ་རྒྱལ་པོ་སྟེང་གྲོང་སྡེ་སི་མིན་མགྲོན་ཁང་དུ་ཀོང་ཀྲོའུ་ནས་ཡིན་པའི་ཧོང་ཝུའེ་གོ་ཡིས་མར་ཇ་འཐུང་ཞོར་དུ་མྱོང་ཚོར་ཟབ་མོའི་ངང“ང་ཚོ་རྒྱུན་དུ་ལས་བྲེལ་ཆེ་བས་བསམ་པའི་གནོན་ཤུགས་ཧ་ཅང་ཆེན་པོ་འདུག   དཔྱིད་གསར་དུས་ཆེན་གྱི་གུང་གསེང་སྐབས་རི་མཛེས་ཆུ་མཛེས་ཀྱི་ས་ཆར་ཡོང་ནས་ཧ་ཅང་དགའ་པོ་འདུག་ཅེས་བཤད་བྱུང་།

        འབའ་ལུང་རྫོང་མཐའ་ཆུ་གྲོང་རྡལ་རྒྱལ་པོ་སྟེང་གྲོང་སྡེ་ནི་འབའ་ལུང་དང་སེམས་ཀྱི་ཉི་ཟླ།ཡུས་ལུང་བཅས་རྫོང་(གྲོང་ཁྱེར)གསུམ་གྱི་འདྲེས་ས་ཡིན།ཉེ་བའི་ལོ་འགའི་རིང་།གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་ཆས་དང་སྤྱི་པའི་ཞབས་ཞུའི་སྒྲིག་ཆས་འཐུང་སྒོ་ཚང་དུ་གཏོང་བར་བསྟུན་ནས།ས་ཆ་གཞན་པའི་ཡུལ་སྐོར་བ་མང་པོ་ཡོང་དགའ་བར་རེད།

        དཔྱིད་གསར་དུས་ཆེན་རིང་།འདུ་འཛི་ཆེ་བའི་གྲོང་ཁྱེར་ནས་སོས་དལ་བག་ཕེབས་ཀྱི་གྲོང་གསེབ་ཏུ་ཡོང་ནས་ཞིང་རའི་ཡུལ་ལྗོངས་ལ་མྱོང་རོལ་བྱས་པ་དང་ཐུན་མོང་མ་ཡིན་པའི་དམངས་སྲོལ་ཉམས་འགྱུར་མྱོང་རོལ་བྱེད་དེ་ཤིན་ཏུ་དགའ་པོ་བྱུང་ཡོད།

        སི་མིན་མགྲོན་ཁང་གི་འགའ་ཁུར་བ་ལྷ་མོས་ཡུལ་སྐོར་བ་མང་པོ་ཞིག་ནི་དྲ་ཐོག་ནས་སྔོན་བཀོད་བྱས་ཏེ་ནང་དུ་སྡོད་པ་རེད།ཉེ་བའི་ལོ་གཉིས་རིང་།གྲོང་གསེབ་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་ཆས་རྒྱུན་ཆད་མེད་པར་འཐུང་སྒོ་ཚང་བ་དང་ཡུལ་སྐོར་གྱི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ།ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་པོར་གྱུར་བ་དང་།དྲ་འདྲེས་+ཡི་སྟབས་བདེའི་སྔོན་མངགས་དང་དྲིལ་བསྒྲགས་ཕན་འབྲས་ཡོད་པས། ཡུལ་སྐོར་བའི་ཡིད་དབང་བཀུག་ཡོད་པ་རེད།

        རྒྱལ་པོ་སྟེང་གྲོང་སྡེར་བསྐྱོད་པའི་སྐབས། ཁྱིམ་ཚང་ཚང་མའི་སྒོ་རའི་ནང་གི་མེ་ཏོག་སྣ་ཚོགས་ཀྱིས་མཛེས་ལྗོངས་ཤིག་ཏུ་གྱུར་ཡོད། ལྒང་བཞུ་དམར་པོ་དང་བཀྲ་ཤིས་པའི་ཆ་ཡིག་ལས་མཛེས་སྡུག་ལྡན་པའི་གྲོང་ཚོ་ཆུང་ཆུང་དེར་བཀྲ་ཤིས་པའི་རྣམ་པ་མངོན་གསལ་བྱུང་བ། དེ་དང་ཆབས་ཅིག་ཕར་འགྲོ་ཚུར་འོང་བྱེད་པའི་ཡུལ་སྐོར་བ་ཚང་མས་གད་མོ་དགོད་བཞིན་པས་གང་སར་སྤྲོ་སྣང་དང་འཆམ་མཐུན་གྱི་དུས་ཆེན་གྱི་རྣམ་པ་ཞིག་མངོན་ཡོད།