CH.1.1དུག་སྡོང་གིས་རིམས་ནད་ཐེངས་གཉིས་པ་སློང་སྲིད་དམ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-02-03   རྩོམ་ཁུངས།    中国藏语广播CNR

        སྤྱི་ཟླ་1ཚེས་31ཉིན་ཀྲུང་གོ་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་རྩོམ་ཡིག་སྤེལ་ནས་ཨའོ་སྨི་ཁེ་རོང་གི་གཞན་འགྱུར་དུག་སྡོང་CH.1.1ཅན་ལ་འགྲེལ་བཤད་བྱས་ཡོད། 
        འོ་ན། ཨའོ་མི་ཁེ་རོང་གི་གཞན་འགྱུར་དུག་སྡོང་CH.1.1ཅན་དེ་ཅི་ཞིག་ཡིན་ནམ།  དེའི་ནད་ཤེད་སྔར་བས་ཆེའམ།  ཐེངས་གཉིས་པའི་འགོས་ནད་སློང་སྲིད་དམ། ང་ཚོས་མཉམ་དུ་རྒྱུས་ལོན་གནང་རོགས། 
ཨའོ་མི་ཁེ་རོང་གི་གཞན་འགྱུར་དུག་སྡོང་CH.1.1ཅན་ནི་ཅི་ཞིག་ཡིན་ནམ། 
        CH.1.1ཅན་ནི་ཨའོ་མི་ཁི་རོང་གི་གཞན་འགྱུར་དུག་སྡོང་BA.2.75ཡི་རབས་དྲུག་པའི་ཡན་ལག་ཅིག་རེད།  ཞིབ་འཇུག་གསར་ཤོས་ལས་མངོན་པ་ལྟར་ན། ཐོལ་འགྱུར་མང་པོའི་གནས་གསར་པ་ཇེ་མང་དུ་གྱུར་ནས་CH.1.1ཡི་རིམས་ཐར་རིམས་འགོག་ནུས་པ་ཇེ་ཆེར་གྱུར་ཅིང་།   དུས་མཚུངས་སུ་གསར་དུ་འཕར་བའི་ཐོལ་འགྱུར་གནས་(L452R)ནི་ཏེ་ཨེར་ཐ་གཞན་འགྱུར་དུག་སྡོང་གི་ཁྱད་རྟགས་རང་བཞིན་གྱི་ཐོལ་འགྱུར་གནས་ཤིག་རེད། འོན་ཀྱང་དོ་སྣང་བྱ་དགོས་ས་ཞིག་ལ་ཐོལ་འགྱུར་གནས་དེ་ཨའོ་སྨི་ཁེ་རོང་གི་གཞན་འགྱུར་སྡོང་ལག་ཕལ་པའི་ནང་དུའང་གནས་ཡོད་དེ་། དཔེར་ན་BA.5.3དངBA.5.1.3སོགས་ཡོད། 
        སྤྱི་ལོ་2022ལོའི་ཟླ་11པ་ནས་ད་བར་དུ་CH.1.1ཅན་དེ་ཨ་མེ་རི་ཁའི་ཏོག་གསར་གློ་ཚད་རིམས་ནད་ཁྲོད་བསྡུར་ཚད་ཇེ་མང་དུ་འགྲོ་བཞིན་ཡོད། སྤྱི་ལོ་2023ལོའི་གཟའ་འཁོར་4བར་CH.1.1.ཅན་དེ་ཨ་མེ་རི་ཁའི་རྒྱུགས་ཆེ་བའི་དུག་སྡོང་གི་བསྡུར་ཚད་ནི་ཨང་ལྔ་པ་ཡིན་པསXBB.1.5དང་།BQ.1.1  BQ.1། XBBབཅས་ཀྱི་གཞན་འགྱུར་དུག་སྡོང་གི་གཞུག་ཏུ་བསླེབས་ཡོད།  
CH.1.1ཅན་གྱི་དུག་ཤེད་དམ་ནད་སློང་རང་བཞིན་སྔར་བས་ཆེ་སྲིད་དམ། 
        མིག་སྔར། CH.1.1ཅན་གྱི་གཞན་འགྱུར་དུག་སྡོང་གི་ནད་སློང་རང་བཞིན་ཇེ་དྲག་ཏུ་འགྲོ་བཞིན་ཡོད་པ་མཐོང་མེད་པས་ད་དུང་སྔར་བཞིན་དོ་སྣང་བྱེད་དགོས། སྤྱིར་བཏང་དུ་དུག་རྐང་གསར་བ་ཕྱིར་བུད་རྗེས་ནད་བགོས་བའི་ནད་པའི་གཞི་ཁྱོན་ཚད་ངེས་ཅན་ཞིག་ལ་སླེབས་དགོས་པ་མ་ཟད་དུས་ཡུན་ངེས་ཅན་ཞིག་ལ་རྒྱུན་མཐུད་བྱས་ན་ད་གཟོད་དུག་སྡོང་གསར་པའི་ནད་སློང་ནུས་ཤུགས་ལ་འགྱུར་ལྡོག་འབྱུང་མིན་ཐག་གཅོད་བྱེད་ཐུབ། 
རང་རྒྱལ་གྱིས་CH.1.1ཅན་ལ་ཞིབ་བཤེར་བྱས་པའི་གནས་ཚུལ། 
        སྤྱི་ལོ་2022ལོའི་ཟླ་11ཚེས་13ཉིན། རང་རྒྱལ་གྱིས་གཞི་རྒྱུད་ལ་ཚད་འཇལ་བྱས་པ་བརྒྱུད་ཐེན་ཅིན་གྲོང་ཁྱེར་ནས་ཐེངས་དང་པོར་བསྐྱལ་བའི་ཐེ་ལན་གྱི་ནང་འདྲེན་རང་བཞིན་གྱི་ནད་དཔེ(སྤྱི་ལོ་2022ལོའི་ཟླ་11ཚེས་10ཉིན་གྱི་མ་དཔེ་ལེན་པའི་)ཁྲོད་ནས་CH.1.1ཡི་འཕེལ་འགྱུར་ཡན་ལག་ཞིབ་བཤེར་བྱེད་ཐུབ་སོང་། སྤྱི་ལོ་2023ལོའི་ཟླ་1ཚེས་30ཉིན་བར་བསྡོམས་པས་CH.1.1དང་དེའི་ཡན་ལག་གི་ནང་འདྲེན་རང་བཞིན་གྱི་ནད་དཔེ་24ལ་ལྟ་ཞིབ་ཚད་ལེན་བྱས་པ་རེད། ནང་འདྲེན་རང་བཞིན་གྱི་ནད་པའི་འབྱུང་ཁུངས་དེ་རྒྱལ་ཁབ་བམ་ས་ཁུལ་15དང་འབྲེལ་བ་ཡོད།        CH.1.1ཅན་དང་དེའི་ཡན་ལག་གི་ས་གནས་རང་གི་ནད་པ་ཞིབ་བཤེར་ལས་བྱུང་མེད། 
CH.1.1ཅན་གྱིས་ཐེངས་གཉིས་པའི་འགོས་ནད་སློང་སྲིད་དམ། 
        CH.1.1ཅན་གྱི་གཞན་འགྱུར་དུག་སྡོང་གི་རིམས་འགོག་ནུས་པ་དང་ཁྱབ་མཆེད་དགེ་མཚན་སྔར་བས་ཇེ་ཆེར་སོང་ནས་ཐོལ་བརྒལ་གྱིས་ནད་བགོ་བ་དང་ཡང་བསྐྱར་ནད་བགོ་བའི་ཉེན་ཁ་ཇེ་ཆེར་སོང་ཡོད་ནའང་།  རང་རྒྱལ་གྱི་མི་ཚོགས་མང་ཆེ་བའི་ལུས་སྟེང་དུ་ཆུ་ཚད་མཐོན་པོའི་འགོག་གཟུགས་ཡོད་ཅིང་། CH.1.1ལ་སྣོལ་མར་རང་བཞིན་གྱི་སྲུང་སྐྱོབ་ནུས་པ་ངེས་ཅན་ལྡན་པས། CH.11ཅན་གྱིས་དུས་ཡུན་ཐུང་ངུའི་ནང་དུ་ས་གནས་རང་གི་ནད་དུག་གཞི་ཁྱོན་ཆེན་པོ་སློང་མི་སྲིད།   ཉམས་ཞན་མི་ཚོགས(ལོ་65ཡན་གྱི་རྒན་རྒོན་དང་། རྨང་གཞིའི་ནད་གཞི་ཡོད་མཁན། རིམས་འགོག་སྨན་ཁབ་མ་བརྒྱབ་མཁན།) དེ་བཞིན་རིམས་ནད་འགོས་མེད་པའི་མི་ཚོས་སྔར་བཞིན་མི་སྒེར་གྱི་འགོག་སྲུང་ལ་ཤུགས་སྣོན་དགོས། 
CH.1.1ལ་ཇི་ལྟར་ཁ་གཏད་གཅོག་དགོས།  
        མི་སྒེར་གྱི་འགོག་སྲུང་དང་འཕྲོད་བསྟེན་དང་གཙང་སྤྲ་ལེགས་པོ་བྱེད་པའི་གོམས་སྲོལ་རྒྱུན་འཁྱོངས་བྱ་དགོས་པ་དང་།  བདེན་དཔང་དང་ར་སྤྲོད་མ་བྱས་པའི་དྲ་རྒྱའི་སྟེང་ཁྱབ་པའི་གནས་ཚུལ་ལ་ཡིད་ཆེས་མི་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས།