རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-02-09   རྩོམ་ཁུངས།    མི་དམངས་དྲ་བ།
འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་གཏོད་རྒྱུ་དེ་ནི་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་། སྤྱི་འདོམས་འཕེལ་རྒྱས། བདེ་འཇགས་བཅས་ལ་གཞི་ཚུགས་ཏེ་བཏོན་པའི་འཐབ་ཇུས་ཀྱི་ཇུས་ཐག་གཅོད་པ་ཞིག་དང་འབྱུང་འགྱུར་འཕེལ་རྒྱས་ཀྱི་རང་འགུལ་དབང་ཆ་སྟངས་འཛིན་བྱེད་པའི་འཐབ་ཇུས་བཀོད་སྒྲིག་ཅིག་རེད། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་བཏོད་ཚེ་གཞི་ནས་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་དང་འཕེལ་རྒྱས་ཀྱི་བདེ་འཇགས་རང་བཞིན་དང་བརྟན་ལྷིང་རང་བཞིན་ཆེ་རུ་གཏོང་ཐུབ། བསམ་ཚོད་བྱེད་ཐུབ་པ་དང་བྱེད་དཀའ་བའི་དཀའ་ཉེན་ཆེན་པོའི་ཁྲོད། རང་རྒྱལ་གྱི་འཚོ་གནས་ནུས་པ་དང་། འགྲན་རྩོད་ནུས་པ། འཕེལ་རྒྱས་ནུས་པ། རྒྱུན་མཐུད་ནུས་པ་བཅས་ཇེ་ཆེར་བཏང་སྟེ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་འཕེལ་རིམ་འགོར་དུ་མི་འགྲོ་བ་མ་ཟད། ཐ་ན་རྒྱུན་ཆད་པའི་གནས་ཚུལ་མི་ཐོན་པའི་འགན་ལེན་ཏན་ཏིག་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་དམིགས་ཚད་རྒྱལ་ཁའི་ངང་མངོན་འགྱུར་ཐུབ་པ་བྱེད་དགོས།
ཉེ་བའི་ལོ་ཤས་རིང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་རྒྱུར་སྐུལ་འདེད་ཏན་ཏིག་བཏང་བར་ཕན་འབྲས་ཐོན་ནས་བསམ་བློའི་ཐུན་མོང་ངོས་འཛིན་རྒྱུན་ཆད་མེད་པར་གཅིག་ཏུ་འགྲིལ་ཐུབ་པ་དང་། ལས་ཀའི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་ཐུབ་པ། སྲིད་ཇུས་དང་ལམ་ལུགས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་ཐུབ་པ་བཅས་བྱུང་མོད། འོན་ཀྱང་ཕྱོགས་ཡོངས་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་རྒྱུ་དེ་ལས་འགན་ལྕི་ལ་ལམ་ཐག་རིང་བ་ཞིག་ཡོད། གནད་དོན་སྟོན་ཕྱོགས་སུ་འཛིན་པ་དང་མ་ལག་གི་འདུ་ཤེས་མཐའ་འཁྱོངས་ཀྱིས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་གཏོད་རྒྱུར་ཚོད་འཛིན་བཟོ་བའི་འགལ་ཟླ་དང་གནད་དོན་གཙོ་བོ་ནུས་ཤུགས་ཡོད་རྒུས་བསལ་ནས་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་གིས་ལག་ལེན་གསར་གཏོད་དང་ལམ་ལུགས་གསར་གཏོད་ལ་སྐུལ་འདེད་བཏང་སྟེ་ལེགས་ཆ་དར་སྤེལ་དང་། ཆད་སྐྱོན་སེལ་བ། ཞན་ཆ་ལེགས་གཏོང་བཅས་ཟམ་མི་ཆད་པར་བྱེད་དགོས།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་1ཉིན་གློག་འཕྲིན་འབྱོར་གསལ། ཟླ་1ཚེས་31ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་གཏོད་པའི་ཐད་མཉམ་སྡེབ་སློབ་སྦྱོང་ཐེངས་གཉིས་པ་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་གཏོད་རྒྱུ་དེ་ནི་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་། སྤྱི་འདོམས་འཕེལ་རྒྱས། བདེ་འཇགས་བཅས་ལ་གཞི་ཚུགས་ཏེ་བཏོན་པའི་འཐབ་ཇུས་ཀྱི་ཇུས་ཐག་གཅོད་པ་ཞིག་དང་འབྱུང་འགྱུར་འཕེལ་རྒྱས་ཀྱི་རང་འགུལ་དབང་ཆ་སྟངས་འཛིན་བྱེད་པའི་འཐབ་ཇུས་ཀྱི་བཀོད་སྒྲིག་ཅིག་རེད། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་བཏོད་ཚེ་གཞི་ནས་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་དང་འཕེལ་རྒྱས་ཀྱི་བདེ་འཇགས་རང་བཞིན་དང་བརྟན་ལྷིང་རང་བཞིན་ཆེ་རུ་གཏོང་ཐུབ། བསམ་ཚོད་བྱེད་ཐུབ་པ་དང་བྱེད་དཀའ་བའི་དཀའ་ཉེན་ཆེན་པོའི་ཁྲོད། རང་རྒྱལ་གྱི་འཚོ་གནས་ནུས་པ་དང་། འགྲན་རྩོད་ནུས་པ། འཕེལ་རྒྱས་ནུས་པ། རྒྱུན་མཐུད་ནུས་པ་བཅས་ཇེ་ཆེར་བཏང་སྟེ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་འཕེལ་རིམ་འགོར་དུ་མི་འགྲོ་བ་མ་ཟད། ཐ་ན་རྒྱུན་ཆད་པའི་གནས་ཚུལ་མི་ཐོན་པའི་འགན་ལེན་ཏན་ཏིག་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་དམིགས་ཚད་རྒྱལ་ཁའི་ངང་མངོན་འགྱུར་ཐུབ་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་ཉེ་བའི་ལོ་ཤས་རིང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་རྒྱུར་སྐུལ་འདེད་ཏན་ཏིག་བཏང་བར་ཕན་འབྲས་ཐོན་ནས་བསམ་བློའི་ཐུན་མོང་ངོས་འཛིན་རྒྱུན་ཆད་མེད་པར་གཅིག་ཏུ་འགྲིལ་ཐུབ་པ་དང་། ལས་ཀའི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་ཐུབ་པ། སྲིད་ཇུས་དང་ལམ་ལུགས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་ཐུབ་པ་བཅས་བྱུང་མོད། འོན་ཀྱང་ཕྱོགས་ཡོངས་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་རྒྱུ་དེ་ལས་འགན་ལྕི་ལ་ལམ་ཐག་རིང་བ་ཞིག་ཡོད། གནད་དོན་སྟོན་ཕྱོགས་དུ་འཛིན་པ་དང་མ་ལག་གི་འདུ་ཤེས་མཐའ་འཁྱོངས་ཀྱིས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་གཏོད་རྒྱུར་ཚོད་འཛིན་བཟོ་བའི་འགལ་ཟླ་དང་གནད་དོན་གཙོ་བོ་ནུས་ཤུགས་ཡོད་རྒུས་བསལ་ཏེ། ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་གིས་ལག་ལེན་གསར་གཏོད་དང་ལམ་ལུགས་གསར་གཏོད་ལ་སྐུལ་འདེད་བཏང་སྟེ་ལེགས་ཆ་དར་སྤེལ་དང་། ཆད་སྐྱོན་སེལ་བ། ཞན་ཆ་ལེགས་གཏོང་བཅས་ཟམ་མི་ཆད་པར་བྱེད་དགོས།
ཞི་ཅིན་ཕིང་གིས་ཚན་རྩལ་ལ་བརྟེན་ནས་རང་ཚུགས་རང་དར་གྱི་གོམ་སྟབས་མགྱོགས་སུ་བཏང་སྟེ་ཕྱི་རྒྱལ་གྱིས“སྐེ་བཙིར་བའི”གནད་དོན་ཐག་གཅོད་བྱེད་དགོས། རྒྱལ་ཡོངས་ཀྱི་སྒྲིག་སྲོལ་གསར་པ་འཐུས་སྒོ་ཚང་དུ་གཏོང་བ་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཆེར་གཏོང་བ། གསར་གཏོད་ཀྱི་ཐོན་ཁུངས་བཀོད་སྒྲིག་ལེགས་པོ་བཅས་བྱས་ཏེ་། ཚན་རྩལ་ཁྱབ་ཁོངས་གལ་ཆེན་ནང་རང་རྒྱལ་འདི་ཉིད་འཛམ་གླིང་གི་སྣེ་ཁྲིད་པ་དང་མདུན་གྲལ་གྱི་རིག་ཚན་སྒྲོལ་བའི་ཁྱབ་ཁོངས་སུ་གསར་གཏོད་མཁན་དུ་འགྱུར་བར་བྱས་ནས་འཛམ་གླིང་གི་ཚན་རིག་ལྟེ་གནས་དང་གསར་གཏོད་མཐོ་ས་གཙོ་བོར་གང་མགྱོགས་འགྱུར་གང་ཐུབ་བྱེད་དགོས། ཚན་སློབ་ལ་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བའི་འཐབ་ཇུས་དང་། ཤེས་ལྡན་མི་སྣར་བརྟེན་ནས་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་འཐབ་ཇུས། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་བཅས་མཉམ་འགུལ་ནུས་ལྡན་ཡོང་བ་བྱེད་པ་དང་སློབ་གསོ་འཕེལ་རྒྱས་དང་། ཚན་རྩལ་གསར་གཏོད། ཤེས་ལྡན་མི་སྣ་གསོ་སྐྱོང་བཅས་ལ་གཞི་གཅིག་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་འཁོར་རྒྱུག་བཟང་པོ་ཆགས་པར་བྱེད་པ་དང་། ཐོག་མའི་གསར་གཏོད་དང་། འདུས་གྲུབ་གསར་གཏོད། སྒོ་དབྱེ་གསར་གཏོད་བཅས་གཞི་གཅིག་ཇུས་འགོད་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་སྦྲེལ་མཐུད་ནུས་ལྡན་ཐུབ་པ་བྱེད་པ། གསར་གཏོད་འཁོར་འབྲེལ་དང་། ཐོན་ལས་འཁོར་འབྲེལ། ཤེས་ལྡན་མི་སྣ་འཁོར་འབྲེལ་བཅས་གཞི་གཅིག་བཀོད་སྒྲིག་མཐའ་འཁྱོངས་བྱས་ཏེ་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།
ཞི་ཅིན་ཕིང་གིས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་དེ་དེང་རབས་ཅན་གྱི་ཐོན་ལས་མ་ལག་རྨང་གཞིར་བྱེད་པ་དང་དཔལ་འབྱོར་འཁོར་རྒྱུག་ཤར་གཏོང་བྱེད་པར་ཐོན་ལས་ཁག་གོ་རིམ་ལྡན་པའི་ངང་སྦྲེལ་མཐུད་དང་ནུས་ཆེའི་ངང་ཤར་གཏོང་ཐུབ་པ་བྱེད་དགོས་ཤིང་། དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཤུགས་རྒྱག་ས་མུ་མཐུད་དངོས་གཞིའི་དཔལ་འབྱོར་ཐོག་བཞག་སྟེ་བཟོ་ལས་ཅན་དཔེ་གསར་ལ་སྐུལ་སྤེལ་ཏན་ཏིག་གཏོང་བ་དང་བཟོ་སྐྲུན་སྟོབས་ཆེའི་རྒྱལ་ཁབ་དང་། སྤུས་ཚད་སྟོབས་ཆེའི་རྒྱལ་ཁབ། དྲ་སྦྲེལ་སྟོབས་ཆེའི་རྒྱལ་ཁབ། གྲངས་འཛིན་ཀྲུང་གོ་བཅས་བསྐྲུན་ཏེ་རྒྱལ་སྤྱིའི་ཐོག་འགྲན་རྩོད་ནུས་པ་ལྡན་པའི་གྲངས་འཛིན་ཐོན་ལས་ཚོགས་སྡེར་འགྱུར་བར་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ཞི་ཅིན་ཕིང་གིས་གྲོང་ཁྱེར་དང་གྲོང་གསེབ་དང་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། རྒྱལ་ནང་གི་འཁོར་རྒྱུག་ཆེན་པོའི་ཁྱབ་ཁྱོན་ཆེ་རུ་གཏོང་དགོས་ཤིང་། འཛད་སྤྱོད་ཁྲོམ་ར་དང་ཁྲོམ་ར་གཙོ་བོའི་ནུས་པ་གལ་ཆེན་ཡིན་པའི་གྲོང་གསེབ་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་དང་། གྲོང་གསེབ་དར་རྒྱས་ཡོང་བར་ཕྱོགས་ཡོངས་ནས་སྐུལ་འདེད། རྫོང་གྲོང་གཞི་རྟེན་གལ་ཆེན་དུ་བྱེད་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཔལ་འབྱོར་འབྲེལ་བ་ཇེ་ཟབ་ཏུ་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཔལ་འབྱོར་འཁོར་རྒྱུག་ཐུབ་པ་བཅས་བྱེད་དགོས། ས་གནས་ཁག་གིས་རང་ངོས་ཀྱི་འཁོར་རྒྱུག་ཆུང་རིགས་བཀག་འགོག་དང་། ས་ཁོངས་ཀྱི་བཀག་རྒྱ་མེད་པར་བཟོས་ཏེ་རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་པོ་དངོས་སུ་ཆགས་པར་བྱེད་དགོས། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་འཐབ་ཇུས་དང་། ས་ཁོངས་ཀྱི་འཐབ་ཇུས་གལ་ཆེན། གཙོ་གནད་ནུས་པའི་ཁུལ་གྱི་འཐབ་ཇུས་སོགས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ་དང་། ཐོན་སྐྱེད་ནུས་ཤུགས་ཀྱི་གནས་སྟངས་གལ་ཆེན་ལེགས་སུ་གཏོང་བ། གཙོ་རྐྱེན་སྣ་ཚོགས་ལུགས་མཐུན་ངང་འཁོར་སྐྱོད་དང་གཅིག་སྡུད་ནུས་ལྡན་ལ་སྐུལ་འདེད་བཏང་ནས་རྒྱལ་ནང་གི་འཁོར་རྒྱུག་ཆེན་པོ་ཤར་བགྲོད་ཐུབ་པ་བྱེད་དགོས་ཞེས་གསུངས་པ་རེད།
ཞི་ཅིན་ཕིང་གིས་སྒྱུར་བཅོས་སྒོ་དབྱེ་སྔར་བས་ཟབ་གཏོང་གིས་རྒྱལ་ཁབ་ཕྱི་ནང་གི་འཁོར་རྒྱུག་ཆེན་པོའི་སྒུལ་ཤུགས་དང་གསོན་ཤུགས་ཆེ་རུ་གཏོང་དགོས་ཤིང་། ཁྲོམ་ར་ཅན་གཙོ་བོའི་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་། ཚད་གཞི་མཐོ་བའི་ཁྲོམ་རའི་མ་ལག་འཛུགས་པ། རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་པོ་གང་མགྱོགས་འཛུགས་དགོས། རྒྱུ་ནོར་བདག་དབང་སྲུང་སྐྱོབ་དང་། ཁྲོམ་རའི་འཇུག་འཐུས། དྲང་གཞག་འགྲན་རྩོད། སྤྱི་ཚོགས་ཡིད་རྟོན་སོགས་ཁྲོམ་རའི་དཔལ་འབྱོར་གྱི་རྨང་གཞིའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། སྒེར་སྡེམ་ལ་ངོ་རྒོལ་དང་ཚུལ་མིན་འགྲན་རྩོད་ལ་ངོ་རྒོལ་བྱེད་ཤུགས་ཆེ་རུ་གཏོང་བ། མ་རྩ་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་ཁྲིམས་ལྟར་ཚད་ལྡན་བཟོ་བ་དང་ཁྲིད་སྟོན་བྱས་ཏེ། གཉེར་སྐྱོང་བྱེད་པོའི་མ་འཇོག་ལས་གཏོད་སྣ་ཚོགས་ལ་ཁོར་ཡུག་བཟང་པོ་བཏོད་དེ་གཉེར་སྐྱོང་བྱེད་པོ་གཙོ་བོ་སྣ་ཚོགས་ཀྱི་གསོན་ཤུགས་འཕེལ་བར་བྱེད་དགོས། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་གཏོང་བ་དང་སྒྲིག་སྲོལ་དང་། སྒྲིག་ལམ། དོ་དམ། ཚད་གཞི་སོགས་ལམ་ལུགས་ཅན་སྒོ་དབྱེར་སྐུལ་འདེད་བརྟན་པོ་བཏང་སྟེ་རྒྱལ་སྤྱིའི་འཁོར་རྒྱུག་ཆེན་པོའི་ཁྲོད་ཀྱི་སྐད་ཆ་ཤོད་དབང་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།